返回火供仪轨与讲解
༄༅། །གཏེར་གསར་མཁའ་འགྲོ་ཁྲེས་མའི་མེ་མཆོད་ཟིན་བྲིས་བཞུགས། ཨོཾ་སྭསྟི།
《新伏藏忿怒空行母火供笔记》。〔梵文 oṃ svasti · 藏文 ཨོཾ་སྭསྟི · 中文 嗡 斯瓦斯帝〕。愿吉祥!
ཁྲོས་མའི་མེ་མཆོད་སྐབས་རྒྱས་པར་ལས་བཞི་སོ་སོར་ཕྱེས་ཏེ་བྱ་བར་འདོད་ན་ཐབ་དང་རྫས་དང་ཚེ་གའི་ལས་རིམ་ཐམས་ཅད་སོ་སོའི་རིམ་པ་བཞིན་སྦྱི་མཐུན་ལག་ཏུ་བླངས་པས་ཆོག་ལ། འདིར་ལས་ཞི་ལྷུན་གྲུབ་ལྟར་ན་ཐབ་སྟེགས་གཞི་སེར་པོ་ལ་མཚལ་གྱིས་ཆོས་འབྱུང་བསྣོལ་མའི་ལྟེ་བ་རྃ་ཡིག་གིས་མཚན་པའི་མཐའ་སྐོར་མུ་རན་སོར་བཞི་པ་ལ་རྡོ་རྗེ་ནོར་བུ་པདྨ་རྒྱ་གྲམ་རྣམས་སྤེལ་མའི་ཕྲེང་བ་དང༌། ཁ་ཁྱེར་སོར་བཞི་པ་ལ་མེ་རི་གཡས་བསྐོར་དུ་འབར་བ་བྲི།
作忿怒母火供,若欲广修,将四种事业分别进行,则火炉、供物及仪轨的一切次第,依各业的通行次序实修即可。此处依四业任运成就之法,于黄地炉台上用朱色画相交的两个法源三角,中央标〔梵文 raṃ · 藏文 རྃ · 中文 朗〕字。四周宽四指的内缘上,画金刚杵、宝珠、莲花、十字金刚杵相间为鬘。宽四指的炉唇上,画向右环绕燃烧的火山。
བྲིས་ཐབ་མི་འགྲུབ་ན་འབྲུ་དཀར་དྲིས་སྦག་པས་ཚོམ་བུ་གྲུ་བཞི་གཅིག་བཀོད་པས་ཀྱང་རུང་སྟེ། གང་ལྟར་ཡང་འབྲས་བུ་ཅན་གྱི་བུད་ཤིང་གིས་ཐབ་ཁུང་གྲུ་བཞིར་བརྩིགས་ལ་མེ་ཚང་བཅའ།
若不能绘炉,也可用香熏染的白谷布成一方形谷堆。无论用哪一种,均以结果树的薪柴叠成方形炉膛,搭好火床。
བསྲེག་རྫས་སྟར་ཁམ་སོགས་འབྲས་བུ་ཅན་གྱི་ཡམ་ཤིང་མཐོ་གང་བ་སྣེ་གཉིས་མར་དངསྦྲང་རྩིས་བྱུག་པ། རྩི་མར་རམ་ཏིལ་སོགས་འབྲུ་མར་གྱི་ཁུ་བ། བདུད་རྩི་ཨ་མྲྀ་ཏ་སྦྱར་བའི་ཟས་མཆོག །འབྲུ་སྣ། སྨན་སྣ། ཤིང་ཏོག །དཀར་མངར་མྱོས་བྱེད། ཡུངས་ཀར། དར་གསོ། རིན་ཆེན་སོགས་ཅི་འབྱོར་བ་དང༌། གཏོར་མ་སྨན་རཀ་ཉེར་སྤྱོད་བཅས་བཤམས།
烧供物有核桃、杏等果树的一拃长供薪,两端涂酥油与蜂蜜,另有融酥或芝麻等种子榨出的油,配甘露阿弥利多的胜食,各种谷物、药材、果实,白食、甜食、酒,白芥子、绸缎、珍宝等。随力备办,与朵玛、药、血供及受用供品一同陈列。
ཁྲོས་ཆུང་ལྟ་བུའི་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་རྫས་བསྲེག་རྫས་རྣམས། རྃ་ཡྃ་ཁྃ་གིས་བསང་སྦྱང༌། ཨོཾ་ཨཱཿཧཱུཾ༔ མང་དུ་ཟླ་ཞིང་ལས་བྱང་ལྟར་བྱིན་བརླབ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་མེ་དུ་བ་མེད་པ་ཐབ་ཏུ་བཅུག ། ཧཱུྃ་ལན་གསུམ་དང་བཅས་རླུང་གཡབ་ཀྱིས་མེ་སྤར་ལ་མར་ཁུའི་ཐིག་པས་ཀྱང་གསོ། ཐབ་ལས་སྔགས་ཀྱིས་བསང༌། སྭ་བྷ་ཝས་སྦྱང༌།
先修《忿怒母略轨》等自修瑜伽。以〔梵文 raṃ yaṃ khaṃ · 藏文 རྃ་ཡྃ་ཁྃ · 中文 朗 扬 康〕洒净、净化供物及烧供物。多遍持诵〔梵文 oṃ āḥ hūṃ · 藏文 ཨོཾ་ཨཱཿཧཱུཾ · 中文 嗡 阿 吽〕,依事业仪轨加持。诵〔梵文 oṃ vajra jvala raṃ · 藏文 ཨོཾ་བཛྲ་ཛྭ་ལ་རྃ · 中文 嗡 瓦吉拉 吉瓦拉 朗〕,将无烟火引入炉中。诵〔梵文 hūṃ · 藏文 ཧཱུྃ · 中文 吽〕三遍,以风扇扇旺,滴酥油滋养火焰。以事业咒洒净火炉,以〔梵文 svabhāva · 藏文 སྭ་བྷ་ཝ · 中文 斯瓦巴瓦〕咒净化。
ཕཊ༔ འདི་ལྟར་སྣང་བའི་སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་དུ་བཏང་ལ། དགང་བླུགས་ཀྱིས་མར་ཁུ་འབུལ་བཞིན་རྩ་སྔགས་ལ། ཨ་མྲྀ་ཏ་ཁཱ་ཧི་ཞེས་བཏགས་པ་ལན་བདུན་ནམ་ཉེར་གཅིག་སོགས་ཕུལ་མཐར།
从“〔梵文 phaṭ · 藏文 ཕཊ · 中文 帕特〕,如是显现的……”等生起本尊之文,诵至赞颂。以满勺、注勺献酥油,在根本咒后加〔梵文 amṛta khāhi · 藏文 ཨ་མྲྀ་ཏ་ཁཱ་ཧི · 中文 阿弥利达 卡希〕,供七次或二十一次等。献毕,祈求所愿如下。
རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་དམ་ཚིག་ཉམས་ཆག་ཉེས་ལྟུང་མ་དང་མཁའ་འགྲོ་གཡེལ་ཞིང་འཁྲུགས་པའི་གནས་སུ་གྱུར་པ་ཐམས་ཅད་ཞི་ནས། ཐུན་མོང་ལས་བཞི་གྲུབ་པ་བརྒྱད་དང་ཐུན་མིན་བདེ་སྟོང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ། ཅེས་འདོད་དོན་གསོལ།
“愿我等瑜伽行者及眷属,一切三昧耶衰损破失、罪愆堕犯,以及令诸母与空行母疏离、忿怒的因缘,悉皆平息。祈令我等即于此生,获得共同的四种事业、八种成就,以及不共乐空大手印的殊胜悉地。”
དེ་ནས་རྫས་རྣམས་རྩ་སྔགས་ཁོ་ནས་འབུལ་བཞིན་བར་མཚམས་སུ་ལས་བཞིའི་ཤམ་བུ་གཞུང་ལྟར་རམ། སྤྱི་ཁྱབ་ཏུ་གོང་གི་འདོད་གསོལ་མཐར། སརྦ་ཀརྨ་ཀུ་རུ་སིདྡྷི་ཧོཿ ཞེས་སྦྱར། གྲངས་རྫོགས་པ་ན་སྔར་བཞིན་དགང་བླུགས་ཕུལ་མཐར། མཆོད་བསྟོད་དང་ལས་བྱང་ལྟར་དངོས་གྲུབ་བླང་ཞིང་ནོངས་པ་བཤགས།
然后仅诵根本咒供诸供物,间或依正文加四业各自的咒尾。若总摄诸业,则在上述愿文末加〔梵文 sarva karma kuru siddhi hoḥ · 藏文 སརྦ་ཀརྨ་ཀུ་རུ་སིདྡྷི་ཧོཿ · 中文 萨尔瓦 卡尔玛 古鲁 悉地 霍赫〕。数满时如前献满勺供。献毕,作供养、赞颂,依事业仪轨领受悉地,忏悔过失。
ཧོཿ རང་ལས་ཤར་བའི་མེ་ལྷ་ཉིད། །རང་རིག་ཆོས་དབྱིངས་ཀློང་དུ་སད། །ཨ།
〔梵文 hoḥ · 藏文 ཧོཿ · 中文 霍赫〕!
从自身显起的火神,
于自觉法界之中觉醒。
〔梵文 a · 藏文 ཨ · 中文 阿〕。
ཞེས་དམ་ཡེ་དབྱེར་མེད་རང་ལ་བསྡུས་ཏེ་མཉམ་པར་བཞག །དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན། མེ་རང་ཞིང་བཏང་བའམ་དྲིས་ཆུས་གཞིལ་ཏེ་ཐལ་སོལ་སྒྲུབ་ཁང་གི་རྨང་འགྲམ་དུ་སྦ་བ་སོགས་གང་བདེར་བྱའོ། །
如是,誓言尊与智慧尊无别,摄归自身,平等安住。回向善根,诵吉祥词以为结饰。任火自熄,或以香水熄灭,将灰炭埋在修法房的墙基旁等,随宜行之。
ཞེས་པའང་ཀརྨ་རོང་གི་སྔགས་བཙུན་པདྨ་ཚེ་མཆོག་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།
此为应噶玛绒持咒僧贝玛才秋多杰之请,吉札益西多杰作。