黑行者中略火供备忘

出处与说明

原英译者:

本站中文译审:先据补编17面逐行校出藏文,GPT-6.2 Astra(Medium)译,另经全篇独立逐源审校。罕见梵咒暂读见校记。

版本说明:

萨迦五祖全集补编卷16 I1720图147–163;北京全集卷23印95–107对读

原文 ↗

先据补编17面逐行校出藏文,GPT-6.2 Astra(Medium)译,另经全篇独立逐源审校。罕见梵咒暂读见校记。

返回火供仪轨与讲解

篇题与炉坛

༄༅། །ནག་པོ་པའི་སྦྱིན་སྲེག་གི་ཐོ་ཡིག་སྦྱིན་སྲེག་འབྲིང་དང་བསྡུས་པའི་དབང་དུ་བྱས་པ་བཞུགས་སོ། །

《黑行者中略火供备忘》。

༄༅། །ཨོཾ་སྭསྟི་སིདྡྷཾ། སྦྱིན་སྲེག་གི་ཆོ་གའི་རིམ་པ་ནི། དང་པོ་ཐབ་ཁུང་མངོན་པར་འདུ་བྱ་བ་དང་། རྫས་དགྲམ་པའོ། །དེ་ལ་ཐབ་ཁུང་ནི་ཞི་བ་ལྟ་བུའི་དབང་དུ་བྱས་ན། རྩ་བའི་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབྱིབས་ཟླུམ་པོ། མདོག་དཀར་པོ། རྒྱར་ཁྲུ་གང་གི་ཚད་ལ། ཟབས་སུ་ཁྲུ་ཕྱེད་བརྐོ་ཞིང་། སོར་བཞི་དོར་ཞིང་སོར་བཞི་བཏོད་ལ། དེའི་ཕྱི་རོལ་དུ་ཡང་རང་གི་ཁ་ཁྱེར་ཞེང་རྒྱར་སོར་བཞི་འཕང་དུ་སོར་གཉིས་པ་ཞིག་གིས་བསྐོར་ལ།

〔梵文 oṃ svasti siddhaṃ · 藏文 ཨོཾ་སྭསྟི་སིདྡྷཾ · 中文 嗡 斯瓦斯帝 悉当〕。愿吉祥成就。火供仪轨的次第,先是备炉、陈设供物。就火炉而言,若以息灾为例,在根本坛城的东方作圆炉,白色,宽一肘,掘深半肘。留出四指,再筑高四指;外面另围一圈本业的炉唇,宽四指,高二指。

དེ་ལ་ཐབ་ཁུང་གི་དབུས་སུ་པདྨ་འདབ་བརྒྱད་བྲིས་ལ། དེའི་ལྟེ་བ་ལ་རྡོ་རྗེ་དང་གྲི་གུག་གིས་མཚན་པ་བྲི་ཞིང་། ཕྱོགས་ཀྱི་འདབ་མ་བཞི་ལ་ཁ་ཊྭཱཾ་ག་བཞི་ལ་དེ་བཞིན་གཤེགས་པའི་མཚན་མ་བྲིས་པ་སྟེ། རིམ་པ་བཞིན་དུ་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེའོ། །ཡང་། ནང་གི་ཁ་ཁྱེར་ཏེ། སོར་བཞི་དོར་བ་ལ་པདྨ་དཀར་པོས་མཚན་ཞིང་སོར་བཞི་བཏོད་པ་ལ་ནི། རྡོ་རྗེ་གྲི་གུག་གི་ཕྲེང་བའོ། །ཕྱིའི་ཁ་ཁྱེར་ལ་ནི་ལས་དང་རྗེས་སུ་མཐུན་པའི་ཁ་ཁྱེར་ཞེས་བྱ་སྟེ། ཞི་བ་ལ་རྡོ་རྗེས་མཚན་པའམ། འཁོར་ལོས་མཚན་པའོ་ཞེས་དཀྱུས་ན་གསལ་ལོ། །དེ་ལྟ་བུའི་ཕྱིའི་ཁ་ཁྱེར་མ་གཏོགས་པའི་སོར་གཉིས་བཏོད་པ་ཕན་ཆོད་ཀྱི་མཚན་མ་རྣམས་ནི་སྦྱིན་སྲེག་ཀུན་གྱི་ཐུན་མོང་དུ་འགྲོའོ། །

炉中央画八瓣莲花,花心画金刚杵和钺刀为标帜。四方花瓣上各画一支天杖,杖上各画如来标帜,依次为轮、宝、莲花和十字金刚杵。内炉唇留出的四指以白莲花为标帜,筑高四指处则饰金刚杵、钺刀之鬘。外炉唇称为“与事业相应的炉唇”,息灾以金刚杵或轮为标帜,根本文中有明说。除此外炉唇外,自高二指处往里的诸标帜,一切火供通用。

དེ་ལྟ་བུའི་ཐབ་ཁུང་གི་ཕྱི་རོལ་དུ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་ས་བཅད་ཅིང་རང་རང་གི་མཚན་མ་རྣམས་བྲི་ཞིང་། དེའི་ཕྱི་རོལ་དུ་ནི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ་ཐིག་བཏབ་ལ། སྒོ་བཞིར་ནི་ལྕགས་ཀྱུ་ལ་སོགས་པ་བྲི། མཚམས་བཞིར་ནི་གྲི་གུག་བྲི། དེའི་ཕྱི་རོལ་རྡོ་རྗེ་ར་བའི་ནང་དུ་དུར་ཁྲོད་བྲི། ཡང་དུར་ཁྲོད་བརྒྱད་པོ་ཆ་ཆུང་གཅིག་ལ་དེ་ཉིད་ཤར་ཕྱོགས་ཀྱི་སྣམ་བུ་ལ་ཚངས་པ་ལ་སོགས་པ་མཚོན་པར་བྱེད་པའི་པདྨ་ལ་སོགས་པའི་མཚན་མ་ལྔ་བྲི། ལྷོ་ཕྱོགས་སུ་དབང་ཕྱུག་ཆེན་པོ་ལ་སོགས་པ་མཚོན་པར་བྱེད་པའི་མདུང་རྩེ་གསུམ་པ་ལ་སོགས་པ་ལྔ་བྲི། ནུབ་ཕྱོགས་སུ་ཁྱབ་འཇུག་ལ་སོགས་པ་མཚོན་པར་བྱེད་པའི་འཁོར་ལོ་ལ་སོགས་པ་ལྔའོ། །བྱང་ཕྱོགས་སུ་གཞོན་ནུ་ཀརྟི་ཀ་ལ་སོགས་པ་མཚོན་པར་བྱེད་པའི་མདུང་ལ་སོགས་པའི་མཚན་མ་ལྔའོ། །

在这样的炉外分出身、语、意三轮的位置,依次画各轮标帜。其外弹线,作四方四门的无量宫,四门画铁钩等,四隅画钺刀。再外一层,在金刚围栏之内画尸陀林。又在以一小分为八大尸陀林之度,在其东方边带画莲花等五种标帜,表示梵天等;南方画三叉戟等五种,表示大自在天等;西方画轮等五种,表示遍入天等;北方画矛等五种,表示童子迦底迦等。

备物、修本尊与加持炉坛

དེ་ལྟར་ཐབ་ཁུང་མངོན་དུ་བྱས་ནས་རྫས་དགྲམ་ཞིང་གསོག་པ་ནི་འབྲུ་སྨན་ལ་སོགས་པའི་རྫས་དང་ལྡན་པའི་བུམ་པ་ལྔ་དང་། མཆོད་ཡོན་གྱི་སྣོད་གཉིས་དང་། མདའ་དང་། ཕུར་པ་དང་། མེ་ལོང་དང་། མཚོན་ཐག་དང་། དེ་རྣམས་གསོག བུད་ཤིང་དང་། ཡམ་ཤིང་དང་། བསྲེག་རྫས་རྣམས་ཏེ། དེ་དག་ནི་རྫས་གསོག་པའོ། །

如此备好火炉,再陈列、备齐供物。五只瓶中装谷物、药物等,另备宾饮器两只、箭、橛、镜和彩绳。还须备好薪柴、供薪及各种烧供物。以上是备物。

དེ་ལྟར་རྫས་དགྲམ་པ་ལ་སོགས་པ་བྱས་ནས། སྒྲུབ་པ་པོ་བདག་ཉིད་ཁྲུས་བྱ། དྲིས་བྱུགརྒྱན་བགོ་བ་ལ་སོགས་པ་གཞུང་བཞིན་བྱ། དེ་ནས་བདག་ཉིད་དབུ་རྒྱན་གྱི་ལྷ་དྲན་པ་ཡན་ཆད་རྣལ་འབྱོར་རྫོགས་པར་བསྒོམས་ལ། མཆོད་བསྟོད་བྱ་ཞིང་ལྷ་བསྡུས་པ་དཔའ་བོ་གཅིག་པའི་ང་རྒྱལ་གྱིས་ཞལ་བཞི་པའི་སྔགས་བརྗོད་ཅིང་། སྒོ་མཚམས་མ་བརྒྱད་ཕྱོགས་སུ་སྤྲོ་ཞིང་། ཁྲ་གདོང་མ་ལས་གཅིག་སྟེང་དུ་སྤྲོ། ཁྱི་གདོང་མ་ལས་གཅིག་འོག་ཏུ་སྤྲོ་ཞིང་། དེ་ལྟར་ན་གནོད་མཛེས་བཅུས་དབང་པོ་ལ་སོགས་པའི་བགེགས་བཅུ་པོ་བཀུག་ཅིང་། ཕུར་བུས་གདབ་པ་ལ་སོགས་པ་དཀྱིལ་འཁོར་ཆོ་ག་ལྟར་ཤེས་པར་བྱའོ། །

如此陈设供物等之后,行者自己沐浴、涂香、着饰等,依根本文行。随后从头完整观修瑜伽,直到忆念顶冠上的本尊。作供赞,收摄诸尊,以独勇本尊的佛慢念四面尊咒。将守门、守隅的八位女尊分别放出,前往各自方位。由鹰面母放出一尊向上,由犬面母放出一尊向下。十位妙害尊由此召摄帝释等十障,以橛钉镇等,应依坛城仪轨了知。

དེ་བཞིན་དུ་ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བརྗོད་པས་ཀྱང་ཁྲོ་བོ་རྣམས་སྤྲོ་ཞིང་བགེགས་རྣམས་བསྲེགས་པར་བསམ་པ་དང་། གཡས་བརྐྱང་ལ་སོགས་པའི་སྟངས་སྟབས་ལ་སོགས་པ་ཅི་རིགས་པར་གཞུང་ནས་འབྱུང་བ་བཞིན་དུ་བྱས་པ་ནི་ཐབ་ཁུང་བྱིན་གྱིས་བརླབ་པའོ། །

同样,诵下咒也可放出诸忿怒尊,观想烧尽诸障。

藏文 ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ

梵文 oṃ vajra rakṣa rakṣa hūṃ hūṃ hūṃ phaṭ

中文 嗡 瓦吉拉 拉克沙 拉克沙 吽 吽 吽 帕特

右展等姿势、步法,依根本文随宜而行。这就是加持火炉。

瓶与宾饮

དེ་ནས་བུམ་པ་ལྔ་པོར་རྫས་རྣམས་དང་ཆུ་དང་འོ་མ་ལ་སོགས་པ་བླུགས་ལ། གཅིག་ལ་ཡི་གེ་བདུན་པ། མཁའ་འགྲོ་མ་ལ་སོགས་པ་བཞིའི་སྔགས་དང་། ཡི་གེ་ཉི་ཤུ་རྩ་གཉིས་པའི་སྔགས་དང་། ལྔ་པོ་དེ་ཧཱུྃ་ལས་བསྐྱེད། བུམ་པ་སྔགས་ཀྱི་རང་བཞིན་དུ་བསམ་ཞིང་། ཡེ་ཤེས་ཀྱང་སྔགས་ཀྱི་ངོ་བོ་བཀུག་ཅིང་བསྟིམས་ལ། སྔགས་དེ་དག་ཅི་རིགས་པར་བཟླས་ལ་བཞག

随后向五瓶中注入诸物、水和奶等。一瓶用七字咒,又用空行母等四尊之咒及二十二字咒。从〔梵文 hūṃ · 藏文 ཧཱུྃ · 中文 吽〕生起这五瓶,观瓶即咒的自性。迎召以咒为体的智慧尊,使之融入。随宜念诵这些咒,将瓶安置好。

མཆོད་ཡོན་གྱི་ཆོ་ག་ཡང་སྣོད་གཙང་མ་གཉིས་སུ་ཆང་ལ་སོགས་པ་གཞུང་ནས་འབྱུང་བའི་རྫས་རྣམས་བླུགས་ལ། གཅིག་ལ་ཡི་གེ་བདུན་པ་བརྒྱ་རྩ་བརྒྱད་བཟླས་ཏེ་དེ་ཡིས་མཆོད་ཡོན་བྱ། གཅིག་ལ་སུམྦྷ་ནི་སྔགས་གོང་མའི་བཞི་ཆ་སྟེ། ཉི་ཤུ་རྩ་བདུན་བཟླས་ལ་བཞག་སྟེ། དེས་རྫས་རྣམས་བསང་བའོ། །

宾饮的仪轨,将酒等根本文所出的物品倒入两只洁净器皿。对一器诵七字咒一百零八遍,以此作宾饮。对另一器诵〔梵文 sumbhani · 藏文 སུམྦྷ་ནི · 中文 孙巴尼〕咒,数为前者的四分之一,即二十七遍,放在一边,用来洒净诸物。

生起与迎请世间火神

དེ་ནས་སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་བདག་གི་གཡས་སུ་དགོད་དོ་ཞེས་བྱ་བ་ལ་སོགས་པ་རྫས་རྣམས་ཀྱིས་བཀོད་པ་གཞུང་ནས་འབྱུང་བ་བཞིན་བཀོད་ལ། དེ་ནས་བདུད་རྩིའི་ཆུས་རྫས་རྣམས་བསང་ཞིང་། བུད་ཤིང་རྩིག་པ་དང་། མེ་ཚང་དུ་གཞུག་པ་ལ་སོགས་པ་བྱ་སྟེ། མེ་སྤར།

随后,依“一切火供资具置于自己右侧”等根本文所说,布列诸物。用甘露水洒净,将薪柴叠好,引火入炉等,令火燃起。

དེ་ལྟར་ལག་གིས་འདུས་བྱས་པའི་ཐབ་ཀྱང་། མི་དམིགས་པར་བྱས་ལ། ཧཱུྃ་ངམ་ཆོས་ཀྱི་ཡི་གེ་ལས་ཐབ་བསྐྱེད། རཾ་ལས་མེ་བསྐྱེད། དེའི་དབུས་སུ་འཇིག་རྟེན་པའི་མེ་ལྷ་བསྐྱེད་པ་ནི་ཨ་ལས་དབྱུག་ཐོར་གྱུར་པ་ལས། དེ་ལས་ཡང་ཨས་མཚན་ཅིང་སྤྲོ་བསྡུ་དང་བཅས་པས་ཡོངས་སུ་གྱུར་པ་ལས། ལས་དང་མཐུན་པའི་མེ་ལྷ་གཞུང་བཞིན་བསྐྱེད་ལ།

这般亲手造作之炉也观为不可得。由〔梵文 hūṃ · 藏文 ཧཱུྃ · 中文 吽〕或法种字生起火炉,由〔梵文 raṃ · 藏文 རཾ · 中文 让〕生起火。于其中生起世间火神,先由〔梵文 a · 藏文 ཨ · 中文 阿〕变成棍杖,再以〔梵文 a · 藏文 ཨ · 中文 阿〕为标帜,放光、收摄,完全转变,依根本文生起与事业相应的火神。

དེའི་སྙིང་པདྨ་འདབ་བརྒྱད་ལ་ལྟེ་བར་རཾ་ལས་མེ་གྲུ་གསུམ། མདུན་གྱི་རྩེ་མོར་ཧཱུྃ་ལས་རྡོ་རྗེ། གཡས་པ་ཨོཾ་ལས་འཁོར་ལོ། གཡོན་པ་ཨ་ལས་པད་མ། དབུས་སུ་བཾ་ལས་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་ཕྱི་རོལ་གྱི་མེ་ལྷ་ཅི་འདྲ་བ་གཅིག་བསམས་ལ། པད་མའི་འདབ་མ་རྣམས་ལ་ཕྱོགས་སྐྱོང་རྣམས་བསམས་ཤིང་། དེ་ནས་མེ་ལྷའི་ཡེ་ཤེས་པ་རྣམས་སྤྱན་དྲང་ཞིང་།

其心间有八瓣莲花,花心由〔梵文 raṃ · 藏文 རཾ · 中文 让〕现三角火。前角由〔梵文 hūṃ · 藏文 ཧཱུྃ · 中文 吽〕现金刚杵,右边由〔梵文 oṃ · 藏文 ཨོཾ · 中文 嗡〕现轮,左边由〔梵文 a · 藏文 ཨ · 中文 阿〕现莲花。中央由〔梵文 vaṃ · 藏文 བཾ · 中文 旺〕现水坛城,观其上有一尊与外火神相同的火神。莲花诸瓣上观诸护方神。然后迎请火神的诸智慧尊。

ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག། བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་བྱ་བ་ནི་མེ་ལྷ་སྤྱན་དྲང་བའོ། །ཚིགས་བཅད་དེ་དང་གཞུང་ནས་འབྱུང་བའི་སྔགས་བརྗོད་ཅིང་ཡང་སྤྱན་དྲང་བར་བསམ་མོ། །ཕྱག་རྒྱ་ཡང་གཞུང་ནས་འབྱུང་བ་བཞིན་ནོ། །

请来,请来,大部多! 火神之王,最胜仙人, 为享用烧供、注供之食, 请于此处安住。

这是迎请火神。诵此偈及根本文的咒,再次观想迎请。手印也依根本文所说。

དེ་ནས་མེ་ལྷ་བྱོན་པ་དང་། འཐོར་འཐུང་དང་ཉེ་རེག་བྱ་སྟེ། སྔགས་ནི། ཨོཾ་ཨག་ནེ་ཡ་ཨ་དཱི་བྱ་ཨ་དཱི་བྱ་ཨཱ་བི་ཤ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧཱ་ནཱ་ཡ་སྭཱཧཱ། ཞེས་བྱའོ། །

随后火神到来,行洒饮和漱净之礼,诵下咒。

藏文 ཨོཾ་ཨག་ནེ་ཡ་ཨ་དཱི་བྱ་ཨ་དཱི་བྱ་ཨཱ་བི་ཤ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧཱ་ནཱ་ཡ་སྭཱཧཱ

梵文 oṃ agneya adīvya adīvya āviśa mahāśriye havya kavya vahānāya svāhā

中文 嗡 阿格内雅 阿迪维雅 阿迪维雅 阿维沙 玛哈施利耶 哈维雅 卡维雅 瓦哈纳雅 斯瓦哈

དེ་ནས་དམ་ཚིག་གི་མེ་ལྷ་གཞུག་ཞབས་བསིལ་དང་ཨརྒྷཾ་གཞུང་བཞིན་དབུལ། དེ་ནས་ཨོཾ་ལ་སོགས་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། གོ་ཆ་རྣམས་དཀོད། མཁའ་འགྲོ་མ་ལ་སོགས་པས་དབང་བསྐུར་ཞིང་། ཁྲ་གདོང་ལ་སོགས་པས་མཆོད་པར་ཡིད་ཀྱིས་བསམ། དེ་ནས་སྔར་གྱི་བུམ་པ་ལྔ་པོས་དངོས་སུ་དབང་ཡང་བསྐུར་བས། ཞི་བ་ལ་དབུ་རྒྱན་མི་བསྐྱོད་པ་བསམ་ཞིང་། དེ་ནས་མེ་ལྷའི་ཞལ་དང་། དགང་གཟར་དང་། བླུགས་གཟར་གྱི་ཁ་ལ་ལས་དང་མཐུན་པའི་ཡི་གེ་དགོད།

令智慧尊入于誓言火神,依根本文奉足浴水与宾饮〔梵文 arghaṃ · 藏文 ཨརྒྷཾ · 中文 阿尔甘〕。以〔梵文 oṃ · 藏文 ཨོཾ · 中文 嗡〕等加持身语意,安布诸甲。观想空行母等为之灌顶,鹰面母等献供。复以前述五瓶实际灌顶。息灾时观不动佛为顶冠。随后于火神口中、满勺及注勺的口上,安置与事业相应的种子字。

陈草、献供与赞颂

དེ་ནས་མར་ལ་ཨོཾ་ཌཱ་ཀི་ནི་ཛི་ན་ཛིཀ་སྭཱཧཱ་ཞེས་བྱ་བ་ལ་སོགས་པ་ལ་ལས་དང་མཐུན་པའི་སོ་སོའི་སྔགས་ཀྱིས་བཏབ་སྟེ། དགང་བླུགས་གསུམ་ཕུལ་ལ།

随后对酥油念〔梵文 oṃ ḍākini jina jik svāhā · 藏文 ཨོཾ་ཌཱ་ཀི་ནི་ཛི་ན་ཛིཀ་སྭཱཧཱ · 中文 嗡 达基尼 吉纳 吉克 斯瓦哈〕等相应各业的咒,作三次满注供。

སྔགས་འདིས་ཀུ་ཤ་དགྲམ་སྟེ། ཨོཾ་ཨི་དཾ་ཀུ་ཤ་ཤུ་པ་དྷི་བྷ་བྷུ། བྲམ་མ་ཧཱ་བུདྡྷ་པ་ཝི་ཏཱ་ན། བུདྡྷ་དྷརྨ་སཾ་གྷ་ཏཱ་ན། པྲི་ཏེ་བི་ཕྲན་ཛྷ་ཏ་ག་པ། ཨ་བི་གྷ་ནི་མ་ཧཱ་ཤནྟི་ཀུ་རུ་བྷན་དྷུ་སྭཱཧཱ། ཞེས་བྱ་བས་ཀྱང་ཀུ་ཤ་དགྲམ་སྟེ། ཞི་བ་ལ་ཤར་ནས་བཟུང་ནས་སོ། །ཐབ་ཀྱི་ཕྱོགས་ཀུན་བསང་། དེ་ནས་མདའ་གཟུགས། ཚོན་སྣ་ལྔའི་སྐུད་པས་བསྐོར། དེ་ནས་ཞབས་བསིལ་ལ་སོགས་པ་བྱིན་ལ་དགང་བླུགས་དབུལ།

以下咒陈设吉祥草。

藏文 ཨོཾ་ཨི་དཾ་ཀུ་ཤ་ཤུ་པ་དྷི་བྷ་བྷུ། བྲམ་མ་ཧཱ་བུདྡྷ་པ་ཝི་ཏཱ་ན། བུདྡྷ་དྷརྨ་སཾ་གྷ་ཏཱ་ན། པྲི་ཏེ་བི་ཕྲན་ཛྷ་ཏ་ག་པ། ཨ་བི་གྷ་ནི་མ་ཧཱ་ཤནྟི་ཀུ་རུ་བྷན་དྷུ་སྭཱཧཱ

梵文 oṃ idaṃ kuśa śupa dhi bha bhu, bram mahābuddha pavitāna, buddha dharma saṃgha tāna, prite vi phran jhata gapa, avighani mahāśanti kuru bhandhu svāhā

中文 嗡 伊当 库沙 舒帕 迪 巴 布,布拉姆 玛哈布达 帕维塔纳,布达 达尔玛 桑嘎 塔纳,普里特 维 普兰 贾塔 嘎帕,阿维嘎尼 玛哈尚蒂 古鲁 班杜 斯瓦哈

诵此咒陈设吉祥草,息灾从东方起。洒净炉的四周。随后竖箭,以五色线围绕。施足浴水等,再献满注供。

དེ་ནས་རུ་པ་བཛྲས། གཟུགས། ཤབྡ་བཛྲས། སྒྲ། གན་དྷེ་བཛྲས། དྲི། སརྦ་བྷུ་ཏས། མར་མེ། ར་ས་ན་བཛྲས། རོ།སརྦ་བུདྡྷས། མཆོད་རྫས། དེ་ནས་བསྲེག་རྫས་རྣམས་གཞུང་བཞིན་ཕུལ་ལ། བསྲེག་རྫས་ལ་ཡང་མཆོད་པ་རྣམ་པ་ལྔ་ཚང་བར་དབུལ། ཞབས་སུ་མིང་དེ་དག་གི་མཐར་མཆོད་དེ་བསྟོད་པ་བྱ་སྟེ།

然后以〔梵文 rupa vajra · 藏文 རུ་པ་བཛྲ · 中文 鲁帕 瓦吉拉〕献色,以〔梵文 śabda vajra · 藏文 ཤབྡ་བཛྲ · 中文 沙布达 瓦吉拉〕献声,以〔梵文 gandhe vajra · 藏文 གན་དྷེ་བཛྲ · 中文 甘德 瓦吉拉〕献香,以〔梵文 sarva bhuta · 藏文 སརྦ་བྷུ་ཏ · 中文 萨尔瓦 布塔〕献灯,以〔梵文 rasana vajra · 藏文 ར་ས་ན་བཛྲ · 中文 拉萨纳 瓦吉拉〕献味,以〔梵文 sarva buddha · 藏文 སརྦ་བུདྡྷ · 中文 萨尔瓦 布达〕献供物。再依根本文献烧供物,所献烧供物,也应具足五种供养。末后,在这些名号之末献供、赞颂。

ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག། འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་ཐུགས་ཀྱིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །བདུད་རྩིའི་བཅུད་ཀྱི་གྷན་དྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །རིགས་སྔགས་གསུང་ཞིང་བགྲང་ཕྲེང་འཛིན། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་འཚལ་ལོ། །

世间怙主梵天之子, 火神之王,最胜仙人, 为尽救护一切部多, 以大悲心示现色身。

示现成就明咒的仙人相, 智慧光明焚烧烦恼, 威光赫奕如劫末火, 具足神通、神变足。

乘方便所化的坐骑, 手持盛甘露精华的净瓶, 以法甘露清凉一切, 宣说明咒,手持念珠。

远离过患,常修梵行, 虽住世间,已入涅槃, 虽证寂静,仍具大悲, 我今赞颂,向您顶礼。

ཤེས་རབ་ཆེན་པོས་བདག་མེད་ཐུགས་ཆུད་ཅིང་། །ཐུགས་རྗེ་ཆེན་པོས་འགྲོ་བ་ཀུན་སྒྲོལ་ཡང་། །ཐབས་ལ་མཁས་པས་དྲང་སྲོང་ཆ་ལུགས་འཛིན། །འཛིན་བྱེད་མེ་ལྷ་ཁྱོད་ལ་ཕྱག་འཚལ་ལོ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་བསྩལ་བ། །བདག་གཞན་དོན་སྦྱོར་ས་ལ་བཞུགས། །ཚངས་སྲས་མཆོག་ལ་ཕྱག་འཚལ་ལོ། །

以大智慧了悟无我, 虽以大悲度一切众生, 仍以善巧方便示现仙人装束。 摄持者火神,我向您顶礼。

威光赫奕的火神, 圆满施予一切所愿, 安住于成办自他利益之处。 最胜梵天之子,我向您顶礼。

生起与迎请出世间火神

དེ་ལྟར་བསྟོད་དེ་ཅི་འདོད་པས་གསོལ་བ་བཏབ་ནས་འཇིག་རྟེན་པའི་མེ་ལྷ་མི་དམིགས་ཤིང་། འབར་བའི་རྣམ་པར་བསྟིམས་ལ། འཇིག་རྟེན་ལས་འདས་པའི་མེ་ལྷ་བསྐྱེད་པ་ནི། མེའི་ནང་དུ་མངོན་པར་བྱང་ཆུབ་ལྔའམ།ཆོ་གའི་ཡན་ལག་གསུམ་ལས་དམ་ཚིག་སེམས་དཔའ་བསྐྱེད་དེ། རང་གི་སྙིང་ཁའི་དང་། དེའི་ཐུགས་ཁའི་ས་བོན་གྱི་འོད་ཟེར་གྱིས་དང་། ཕཊ་ཅེས་བྱ་བའི་སྔགས་དང་ཕྱག་རྒྱ་དང་བཅས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། ཐབ་ཁུང་གི་གཡས་སུ་བཞུགས་པར་བསམས་ལ།

如此赞颂,随所欲求而祈请。将世间火神观为不可得,摄入炽燃的火相。要生起出世间火神,则在火中依五现证菩提或三支仪轨生起誓言萨埵。从自己心间和彼尊心间的种子字放光,配合〔梵文 phaṭ · 藏文 ཕཊ · 中文 帕特〕咒及手印迎请智慧萨埵,观其安住于火炉右方。

དེ་ལ་ཞབས་བསིལ་དང་། མཆོད་ཡོན་དང་། འཐོར་འཐུང་དང་། ལྷ་བཤོས་ལ་སོགས་པ་རྫས་ཀྱི་མཆོད་པ་ དང་། ཁ་དོག་ལ་སོགས་པ་ཡིད་ཀྱི་མཆོད་པས། རྐང་པ་བརྒྱད་པས་མཆོད་པ་བྱ།

向其奉献足浴水、宾饮、洒饮、天食等实物供,以及色等意献供,并诵八句作供。

དེ་ནས་རྡོ་རྗེ་བཅིངས་པའི་ཕྱག་རྒྱ་དང་། ཏྲི་ཤྱ་ཧོ་ཛཿཧཱུྃ་བཾ་ཧོཿཞེས་བྱ་བའི་སྔགས་འདིས་དམ་ཚིག་སེམས་ དཔའ་ལ་ཡེ་ཤེས་སེམས་དཔའ་བསྟིམས་ལ། སྔ་མ་བཞིན་དུ་མེ་ལོང་གི་ནང་དུ་ཁྲུས་བྱས་ལ། དེ་ནས་དབང་ལྔ་བསྐུར་ཞིང་ཆུའི་དབང་གི་ཆུའི་རྡུལ་ཕྲ་རབ་གྱུར་པ་ལས་ཅོད་པན་མཁའ་འགྲོ་མར་ བསམ་པ་ལ་སོགས་པ་ལས་ཀྱི་བྱེ་བྲག་ལས་རིམ་པ་བཞིན་དུ་ཤེས་པར་བྱའོ། ། དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཁའི་མཚན་མའི་དབུས་སུ་རང་གི་ཆོས་ཀྱི་ཡི་གེ་ལས་དཀྱིལ་འཁོར་འཁོར་ལོ། ལྷ་ དྲུག་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་དུ་བསམ། དེ་ནས་འཇིག་རྟེན་པའི་མེ་ལྷ་བཞིན་དུ་འཇིག་རྟེན་ལས་འདས་པའི་མེ་ལྷ་ཡང་སེམས་དཔའ་སུམ་རྩེག་ཏུ་བསམས་ལ། སྔ་མ་བཞིན་སྦྱིན་སྲེག་གི་རྫས་ རྣམས་བསངས་ཏེ། ལྷ་རེ་རེ་ནས་བསྲེག་རྫས་དང་མཆོད་བསྟོད་དང་། ཡི་གེ་བརྒྱ་པས་གསོལ་བ་གདབ་པའི་བར་དུ་བྱ་བའམ། ཡང་ན་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པ་ལྷ་རྣམས་ཚན་པ་ལྔར་ བཅད་ལ། ཚན་རེ་རེ་ལ་ཡང་དགང་བླུགས་ལ་སོགས་པས་བསྲེག་རྫས་རྣམས། མཆོད་བསྟོད་དང་ཡི་གེ་བརྒྱ་པས་གསོལ་བ་གདབ་པའི་བར་དུ་བྱའོ། ། དེ་ལྟ་བུའི་སྲེག་རྫས་ཐམས་ཅད་དང་། བདུད་ རྩི་རྣམ་པ་ལྔ་དང་། ཤ་རྣམ་པ་ལྔ་བསྲེས་པས་སྦྱིན་སྲེག་བྱས་པ་ནི་བཅུ་པའི་སྦྱིན་སྲེག་ཅེས་བྱ་བར་འགྱུར་རོ། །

结金刚缚印,诵〔梵文 triśya ho jaḥ hūṃ baṃ hoḥ · 藏文 ཏྲི་ཤྱ་ཧོ་ཛཿཧཱུྃ་བཾ་ཧོཿ · 中文 特里夏 霍 贾赫 吽 邦 霍赫〕,令智慧萨埵融入誓言萨埵。如前为镜中尊像行沐浴,然后授五灌顶。观水灌顶时所用之水的微尘化作顶冠上的空行母等,其他各业的差别依次类推。

然后,观智慧萨埵心间标帜的中央,由其本法字现起坛城轮,体为六十二尊。如观世间火神,出世间火神也观成三重萨埵。如前洒净火供物。可以一尊一尊依次献烧供物、作供赞,直到诵百字明祈请;也可将大乐轮等诸尊分为五组,每组分别作满注供等,奉献烧供物、供赞,直到诵百字明祈请。这些烧供物全都掺入五甘露、五肉作火供,称为“十物火供”。

配咒、献供与祈请奉送

སྦྱིན་སྲེག་གི་སྔགས་ཀྱི་སྤེལ་ལུགས་ནི་ལྷ་རེ་རེའི་སྔགས་དང་། ཡམ་ཤིང་ལ་སོགས་པ་སོ་ སོའི་རྩ་སྔགས་དང་། ལས་ཀྱི་སྔགས་སུ་སྤེལ་བ་བྱ་བ་དང་། ཡང་དབྱངས་སྐྱོང་གི་སྔགས་སམ། ཡི་གེ་བདུན་པའམ། རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོ་སྟེ། དེ་གསུམ་ཀ་གང་ཡང་རུང་བའི་རྗེས་ལ་རྫས་ སྔགས་དང་། ལས་སྔགས་བདགས་ལ་སྔ་མ་བཞིན་དུ་སྦྱིན་སྲེག་བྱ་ཞིང་མཐར་དགང་བླུགས། མེ་ཏོག་ལ་སོགས་པ་ཚང་བར་དབུལ། རྐང་པ་བརྒྱད་པས་བསྟོད། དྲིལ་བུ་གསིལ་ཞིང་ཡི་གེ་བརྒྱ་པ་ ལན་གསུམ་མམ་ལན་གཅིག་བཟླས་ལ་གསོལ་བ་གདབ། འཇིག་རྟེན་ལས་འདས་པ་ལ་ཐུན་མོང་མ་ཡིན་པའི་མཆོད་པ་རྣམས་ཀྱིས་མཆོད། བསྟོད་པ་ལ་སོགས་པ་ཡང་བྱ། བཀྲ་ཤིས་ཀྱི་ཚིགས་སུ་ བཅད་པ་བཏོན་ལ། བཀྲ་ཤིས་ཀྱི་རྫས་མེ་ཏོག་དཀར་པོ་ལ་སོགས་པ་སློབ་མའམ་ཡོན་བདག་ལ་སྦྱིན། ཡང་མཆོད་བསྟོད་བྱ། མངོན་པར་འདོད་པའི་དངོས་གྲུབ་བླང་། བཟོད་པར་གསོལ། རྡོ་རྗེ་ བཅིང་བའི་ཕྱག་རྒྱ་གྱེན་དུ་དགྲོལ་ཞིང་གཤེགས་སུ་གསོལ་བར་བྱ་སྟེ། ཨོཾ་ཧེ་རུ་ཀ་མུཿཞེས་བྱ་བ་དང་། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ། རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། ། བུདྡྷ་ཡུལ་ དུ་གཤེགས་ནས་ཀྱང་། ། སླར་ཡང་གཤེགས་པར་མཛད་དུ་གསོལ། ། ཞེས་བྱ་བས་གཤེགས་སུ་གསོལ་བར་བྱ་སྟེ། དེ་ཡང་དུར་ཁྲོད་བརྒྱད་ན་གནས་པའི་འཇིག་རྟེན་པ་རྣམས་ལ་གཞུང་ནས་ འབྱུང་བ་བཞིན་དུ་གཏོར་མ་བྱིན་ལ། མེའི་དབུས་སུ་ཡེ་ཤེས་སེམས་དཔའ་ཆོས་ཀྱི་དབྱིངས་སུ་ཡོངས་སུ་གྱུར་པ་དེ་གཤེགས་སུ་གསོལ། ། དཀྱིལ་འཁོར་དེ་བདག་ཉིད་ལ་གཞུག་པར་བྱའོ། །

火供配咒之法,一是将各尊的咒、供薪等各物的根本咒及事业咒配在一起。也可用护音咒、七字咒、金刚亥母近心咒,三者随取其一,后接物咒和事业咒,如前作火供。末后,作满注供,花等各项也须献齐。以八句赞叹,摇铃,诵百字明三遍或一遍,再作祈请。向出世间尊献诸不共之供,亦作赞叹等。诵吉祥偈,将白花等吉祥物给予弟子或施主,再作供赞,领受自己祈求的成就,请尊宽忍。向上解开金刚缚印,请尊还归,诵〔梵文 oṃ heruka muḥ · 藏文 ཨོཾ་ཧེ་རུ་ཀ་མུཿ · 中文 嗡 赫鲁卡 穆赫〕,又诵下偈。

〔梵文 oṃ · 藏文 ཨོཾ · 中文 嗡〕,您已成办一切有情利益, 祈赐与之相应的成就。 虽今还归佛陀境, 祈请他日复降临。

以此请尊还归。八大尸陀林中的诸世间众,按正文所说施予朵玛。请火中转为法界的智慧萨埵还归,令彼坛城入于自身。

དེ་ནས་ ཡང་མེའི་དབུས་སུ། འཇིག་རྟེན་པའི་མེ་ལྷ་སྐད་ཅིག་གིས་བསམས་ལ། སྦྱིན་སྲེག་གི་ཡོ་བྱད་ལྷག་མ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་སྦྱིན་སྲེག་བྱའོ། ། སྦྱིན་སྲེག་གི་མཐར་ཡང་བསྒྲུབ་བྱ་བཟུང་ལ་དགང་ བླུགས་དབུལ་བ་ལ་སོགས་པ་གཞུང་བཞིན་བྱ། ། དེ་ནས་འཇིག་རྟེན་པའི་མེ་ལྷ་གཤེགས་སུ་གསོལ་བའི་ཚིགས་བཅད་ནི། ཨོཾ་བདག་གི་དོན་དང་གཞན་གྱི་དོན། ། བྱིན་ཟ་ཁྱོད་ཀྱིས་མཛད་ལགས་ཀྱིས། ། མགུ་ཞིང་ཚིམ་པར་གྱུར་ནས་ཀྱང་། ། རང་གནས་དགེ་བར་གཤེགས་སུ་གསོལ། ། ཨོཾ་ཨགྣེ་ཡ་ཧི་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་མེ་ལྷ་གཤེགས་སུ་གསོལ། ཡང་འཇིག་རྟེན་པའི་མེ་ལྷའི་འཁོར་ཏེ་ ཕྱོགས་སྐྱོང་རྣམས་ལ་ཡང་གཏོར་མ་དཀར་པོ་གཅིག་དབུལ་ལོ། ། དེ་ནས་ཡི་གེ་བརྒྱ་པ་བཟླས་པ་ལ་སོགས་པ་གཞུང་བཞིན་བྱ། དེ་ནས་བདག་ཉིད་བསྲུང་བར་བྱ་སྟེ། ཅི་བདེར་སྤྱད་དོ། ། རྫོགས་སོ། ། ཡེ་ཤེས་ཆེན་པོ་ནོར་ཆེ་བ། ། པདྨ་ཆེན་པོ་དག་པ་ཆེ། ། བཅོམ་ལྡན་བདེ་མཆོག་གནས་གྱུར་ཅིག། དང་པོ་དགང་བླུགས་ཀྱི་ཚིགས་སུ་བཅད་པ། བརྗོད་པ།

再于火中刹那观起世间火神,以所余供物如法作火供。火供将毕,再缘所修之事,依根本文作满注供等。以下偈请世间火神还归。

〔梵文 oṃ · 藏文 ཨོཾ · 中文 嗡〕,为了自利及他利, 享祭火神,您已为我等成办。 如今欢喜得满足, 祈请安然还本处。

以〔梵文 oṃ agne yahi · 藏文 ཨོཾ་ཨགྣེ་ཡ་ཧི · 中文 嗡 阿格内 雅希〕及手印,请火神还归。再向世间火神的眷属诸护方神献一份白朵玛。然后依正文诵百字明等。守护自身,随后安然行止。毕。

大智慧,大财宝, 大莲花,大清净, 愿世尊胜乐安住。

这是最初作满注供时所诵的偈。

中、略火供次第:前行

༄། ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། ། སྦྱིན་སྲེག་གི་ཆོ་ག་འབྲིང་དང་། བསྡུས་པའི་དབང་དུ་བྱས་པའི་ཆོ་གའི་གོ་རིམ་རྣམ་པར་བཞག་པ་ནི། དང་པོར་ཐབ་ཀྱི་དབང་དུ་བྱས་ནས་འབྲིང་ལ་རྡུལ་ཚོན་ནམ་རེ་ཁཱས་ཇི་ལྟ་བ་བཞིན་བསྐོར་ཞིང་བྲི་བར་བྱའོ། ། བསྡུས་པ་ ལྟར་ན་ས་ཕྱོགས་བརྐྱང་ནུལ་བྱས་པར་མེ་ཏོག་གི་ཚོམ་བུ་བཞི་བཅུ་ཞེ་དགུ་དགོད་པར་བྱའོ། ། དེ་ནས་རྫས་བཤམས་པའི་དབང་དུ་བྱས་ན། བུམ་པ་གཅིག་དང་མཆོད་པ་ཅི་འབྱོར་བ་བཤམ། གཏོར་ མ་གཅིག་ཏུ་བསྡུ་རུ་རུང་། མདའ་ནས་ཚོན་སྐུད་ལ་སོགས་པའི་བར་རྣམས་མི་དགོས། བུད་ཤིང་རྒྱས་བསྡུས་གསུམ་འདྲ། བསྲེག་རྫས་ནི་གཞུང་ནས་འབྱུང་བ་རྣམས་ལས་ཅི་འབྱོར་པ་ཡིན་ན་ཡང་ ཐུན་མོང་དུ་མེད་དུ་མི་རུང་བ་མར་རོ། ། གཞན་ལས་སོ་སོའི་བྱེ་བྲག་གིས་གང་འདོད་པ་རྣམས་བཤམ་མོ། ། མཆོད་རྫས་དང་བསྲེག་རྫས་ལ་སོགས་པའི་བཤམ་ཐབས་ནི་རྒྱས་བསྡུས་གསུམ་ཀ་ལ་ཁྱད་ པར་མེད་པར་ཤེས་པར་བྱའོ། ། སྒྲུབ་པ་པོའི་རྒྱན་ཇི་ལྟར་བྱ་བ་ལ་སོགས་པ་ཡང་ཁྱད་པར་མེད་པར་ཤེས་པར་བྱའོ། ། སྦྱོར་བའོ། །

以头顶礼殊胜上师足下。

就中、略二种火供仪轨,今安立行仪次第。先说火炉。中仪用彩粉或线条,如法围画。略仪在涂抹平整的地面布设四十九堆花。再说陈设供物。陈一宝瓶及力所能办的供品,朵玛可合为一个。从箭到彩线等物都可省去。薪木在广、中、略三仪中相同。烧供物依正文所说随力备办,三仪共同不可缺的是酥油;其余随各业分别陈设所需。须知供品、烧供物等陈设之法,广、中、略三仪并无差别。行者应如何装饰等,也同样无别。以上为前行。

中、略二仪的世间火神供

དེ་ནས་བདག་ཉིད་ཀྱི་ལྷའི་རྣལ་འབྱོར་ནི་ནག་པོའི་མངོན་རྟོགས་ ལྟར་གསུམ་ཀ་འདྲ་བར་བྱ་བའམ། ལཱུ་ཧི་པའི་ཆོ་ག་རྒྱས་བསྡུས་གསུམ་གང་ཡང་རུང་བ་ལ་བརྟེན་ཏེ་བྱས་ཀྱང་བཏུབ་གསུང་ངོ་། ། དེ་ནས་བདག་ཉིད་ཀྱིས་བསྒོམ་པའི་བསྲུང་བའི་འཁོར་ལོ་ གསལ་གདབ་ལ། ཡི་གེ་ཉི་ཤུ་རྩ་གཉིས་པའི་སྔགས་ཅུང་ཟད་བཟླའོ། ། དེ་ནས་ཞལ་བཞི་པའི་སྔགས་བཟླས་ཤིང་མཆོད་རྫས་དང་བསྲེག་རྫས་ཐམས་ཅད་བསངས་ལ། དེ་ནས་ཐབ་བསྐྱེད་པ་ནི་ཡི་གེ་ ཧཱུྃ་ལས་ལས་སོ་སོ་དང་རྗེས་སུ་མཐུན་པའི་ཐབ་ཁུང་ཇི་ལྟ་བ་བཞིན་དུ་བསྐྱེད་པར་བྱའོ། ། དེ་ནས་འཇིག་རྟེན་པའི་མེ་ལྷ་བསྐྱེད་པ་ཡང་སེམས་དཔའ་སུམ་རྩེག་གི་ཚུལ་དུ་བསྐྱེད་པའི་བར་གསུམ་ཀ་ ལ་ཁྱད་པར་མེད་གསུང་། འོན་ཀྱང་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ་ལ་སྔགས་དང་ཕྱག་རྒྱ་དང་། ཚིགས་བཅད་མི་དགོས་ཏེ་ཏིང་ངེ་འཛིན་ཙམ་གྱིས་དྲངས་པས་ཆོག་པར་བཞེད། སྐུ་གསུང་ ཐུགས་བྱིན་གྱིས་བརླབས་པ་དང་གོ་ཆ་དགོད་པ་འདྲ། དབང་བསྐུར་བ་ཡང་སྔར་གྱི་བུམ་པ་གཅིག་པོས་བྱ་བའམ། ཡང་ན་ཏིང་ངེ་འཛིན་ཙམ་གྱིས་བྱས་ཀྱང་བཏུབ་གསུང་། ཞི་བ་ལ་སོགས་པ་ལས་ སོ་སོའི་དབུ་རྒྱན་ཡང་རྒྱས་འབྲིང་གསུམ་ཀ་འདྲ། ལྷའི་ཞལ་ལ་སོགས་པ་རྣམ་པ་གསུམ་ལ་རང་གི་ཆོས་ཀྱི་ཡི་གེ་བསྒོམ་པ་ཡང་འདྲ་བར་བྱས་ལ།

自修本尊瑜伽,三仪都可同依黑行者《现观》而作。亦说可依鲁希巴的广、中、略仪轨随一而修。随后明观自己所修的护轮,略诵二十二字咒。诵四面尊咒,净除一切供品及烧供物。生起火炉时,由〔梵文 hūṃ · 藏文 ཧཱུྃ · 中文 吽〕字如法生起与各业相应的炉膛。生起世间火神,直至观成三重萨埵,三仪无别。不过,中、略二仪迎请智慧萨埵时,无须咒、印、偈,唯以三摩地迎请即足。加持身语意、安布甲胄皆同。灌顶可用先前那一瓶,也说仅以三摩地而作亦可。息灾等各业的顶饰,广、中、略三仪也相同。在尊口等三处观本法字,作法亦同。

དེ་ལས་དང་པོ་ལྷ་སྔགས་ནི་འཕྲིན་ལས་བཞིའི་བྱེ་བྲག་ གིས་མཁའ་འགྲོ་མའི་སྔགས་དང་། ཛི་ན་ཛིཀ་ལ་སོགས་པས་མགོ་དྲངས་པས། བར་དུ་རྫས་སྔགས། ཐ་མར་ཤིནྟི་ཀུ་རུ་ལ་སོགས་པའི་ལས་སྔགས་བཅུག་སྟེ། ཐོག་མར་དགང་བླུགས་གསུམ་འདྲ་བར་ དབུལ་ཞིང་སྲེག་རྫས་གཞན་ཡང་དེ་བཞིན་དུ་དབུལ་ལོ། ། འབྲིང་དང་བསྡུས་པའི་ལུགས་འདི་ལ་ཐོག་མར་ཐབ་མི་མངོན་པར་ཀུ་ཤ་བཀྲམ་པས་ཆོག་པ་ཡིན་གྱི་སྐབས་འདིར་སྔགས་དང་བཅས་པས་ ཀུ་ཤ་དགྲམ་པ་ནི་མེད་དོ། ། གཞན་ཡང་རྒྱས་པའི་དབང་དུ་བྱས་ནས་རྫས་རེ་རེ་རྫོགས་པ་དང་། མཆོད་པ་རྣམས་དང་བསྟོད་པ་བྱ་བར་བཤད་པ་དེ་འབྲིང་གི་ལུགས་ལ་ནི་བསྲེག་རྫས་ཐམས་ཅད་ རྫོགས་ནས་མཆོད་པ་རྣམས་རྫོགས་པ་གཅིག་དང་། བསྟོད་པ་གཅིག་བྱས་པས་ཆོག་ལ། བསྡུས་པ་ལ་ནི་བསྲེག་རྫས་ཅི་འབྱོར་བ་དབུལ་བ་ལས་མཆོད་པ་དང་བསྟོད་པ་ནི་མེད་དོ། ། དེ་ནས་མེ་ལྷ་ལ་ ཕྲིན་ལས་བཞི་གང་རུང་གི་གསོལ་བ་གདབ་པ་ནི་འདྲ་བར་བྱས་ལ། དེ་ནས་མེ་ལྷ་འབར་བའི་རྣམ་པར་ཐིམ་པར་བྱས་ལ། དེ་ཙམ་གྱིས་ནི་འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ། །

先诵尊咒,依四事业差别,以空行母咒及〔梵文 jina jik · 藏文 ཛི་ན་ཛིཀ · 中文 吉纳 吉克〕等为首,中间接物咒,末后加入〔梵文 śinti kuru · 藏文 ཤིནྟི་ཀུ་རུ · 中文 欣底 古鲁〕等事业咒。起初同样献三次满注供,其余烧供物亦照此奉献。中、略二仪,起初即敷吉祥草,遍盖火炉不使显露便足;到此处无须再诵咒敷草。

又,依广仪,每献完一种供物,便献诸供品、作赞叹。中仪在一切烧供物献毕之后,完整献供一次、赞叹一次即足。略仪随力献烧供物,此处无另献供品及赞叹。继而就四事业随一向火神祈请,三仪相同。令火神融入炽燃之相。至此为供养世间火神之仪。

出世间火神的广、中、略三法

དེ་ནས་འཇིག་ རྟེན་ལས་འདས་པའི་མེ་ལྷ་མཉེས་ཤིང་ཚིམ་པར་བྱ་བ་ནི་རྒྱས་པ་ལྟར་ན་གཞུང་བཞིན་ཏེ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ལས་ལྷ་སུམ་ཅུ་རྩ་བདུན་ཅིག་ཅར་བསྐྱེད། འབྲིང་ལྟར་ན་ཆོ་ག་ཡན་ ལག་གསུམ་གྱིས། བསྡུས་པ་ལྟར་ན་ལྷ་སུམ་ཅུ་རྩ་བདུན་གཞལ་ཡས་ཁང་དུར་ཁྲོད་བརྒྱད་དང་བཅས་པ་སྐད་ཅིག་གིས་བསྐྱེད་པར་བྱའོ། ། དམ་ཚིག་པ་བསྐྱེད་པའོ། ། དེ་ནས་འཇིག་རྟེན་ལས་ འདས་པའི་མེ་ལྷ་ལ་ཡེ་ཤེས་པ་གཞུག་པ་དང་གོ་ཆ་བཅིང་བ་དང་། དབང་བསྐུར་བ་སྟེ་རྣམ་པ་གསུམ་ནི་འབྲིང་དང་རྒྱས་པ་ཐུན་མོང་བ་ཡིན་ནོ། ། འོན་ཀྱང་འབྲིང་ལ་ཡེ་ཤེས་པ་ནི་ནམ་མཁར་སྤྱན་ དྲངས་པ་ལ་མཆོད་པ་དང་སྔགས་དང་ཕྱག་རྒྱ་དང་དབང་བསྐུར་བའི་སྐབས་སུ་ཁྲུས་བྱ་བ་ནི་མེད་དོ། ། བསྡུས་པ་ལ་ནི་ཡན་ལག་གསུམ་དྲན་པ་ཙམ་བྱའི། ཆོ་ག་གཞུང་བཞིན་དུ་བྱ་བ་ནི་མི་དགོས་ གསུང་།

其次,令出世间火神欢喜满足。广仪依正文,从五种现证菩提同时生起三十七尊。中仪依三支仪轨。略仪于刹那间生起三十七尊、无量宫与八大尸陀林。此为生起誓言尊。

其后,令智慧尊入于出世间火神、披甲、灌顶,此三事为中、广二仪所共。但中仪将智慧尊迎至空中时,无须献供、诵咒、结印,灌顶时亦无沐浴。略仪则只须忆念三支,师说不必依正文全作其仪。

དེ་ལ་འཇིག་རྟེན་ལས་འདས་པའི་མེ་ལྷ་ཚིམ་པར་བྱ་བའི་གོ་རིམ་ནི་རྒྱས་པ་ལྟར་ན་ལྷ་རེ་རེ་ལ་བསྲེག་རྫས་ཀྱི་སྔོན་དུ་མཆོད་པ་བདུན་བདུན། དེ་ནས་ལྷ་རེ་རེ་ལ་བསྲེག་རྫས་རྣམས་དབུལ་ བའི་དུས་སུ་དང་པོར་ལྷ་སྔགས། བར་དུ་རྫས་སྔགས། ཐ་མར་ལས་སྔགས་བཅུག་སྟེ་གཞུང་བཞིན་བྱའོ། ། འབྲིང་ལྟར་ན་ལྷ་སྔགས་ནི་དབྱངས་སྐྱོང་གི་སྔགས་ཀྱིས་བྱ་ལ། བར་དུ་སོ་སོའི་རྫས་སྔགས་ བཅུག་ལ་ཐ་མར་ལས་ཀྱི་ཤམ་བུ་དང་བཅས་པས་འཁོར་ལོ་ལྔ་ལ་ཚོམ་བུ་ལྔར་བསྲེག་རྫས་དང་མཐར་མཆོད་པས་མཉེས་ཤིང་ཚིམ་པར་བྱའོ། ། བསྡུས་པ་ལྟར་ན་འཁོར་ལོ་ལྔ་ཀ་ལ་ཐོག་མར་མཆོད་པ་ བདུན་སྔོན་དུ་འགྲོ་ཞིང་། དང་པོར་ལྷ་སྔགས་དབྱངས་སྐྱོང་ལ་སོགས་པ་གང་ཡང་རུང་བ་བྱས་ལ། བར་དུ་རྫས་སྔགས། ཐ་མར་ལས་སྔགས་བཏགས་ལ། བསྲེག་རྫས་ཅི་འབྱོར་བ་དབུལ་ཞིང་མཆོད་ པ་དང་བསྟོད་པ་བྱས་ཏེ། འདོད་པའི་དོན་གསོལ་བ་གདབ་བོ། ། བཀྲ་ཤིས་བརྗོད་པ་ལ་སོགས་པ་ནི་འབྲིང་དང་བསྡུས་པ་ལ་མེད་དོ། །

令出世间火神满足的次第,广仪是向每一尊献烧供物前,各作七供;临献烧供物,仍是一尊一尊,起首诵尊咒、中间物咒、末加事业咒,依根本文而行。中仪以护音咒为本尊咒,中间加入各物之咒,末加事业的咒尾。五轮各成一聚,分五聚献烧供物,最后献供,使之欢喜满足。略仪对五轮全体先献七供,以护音咒等任一尊咒为首,中间物咒,末接事业咒,随力献烧供物,供养赞叹、祈请所愿。中、略二仪都省去诵吉祥辞等。

还归、守护与结语

དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་ཡེ་ཤེས་པ་རང་གི་ བློས་གཤེགས་སུ་གསོལ། དམ་ཚིག་པ་བདག་གི་དབུགས་ཀྱིས་སྙིང་ཁའི་ས་བོན་ལ་བསྟིམས་ཏེ། ཧེ་རུ་ཀའི་ཡི་གེ་བརྒྱ་པས་ཅུང་ཟད་བརྟན་པར་བྱའོ། ། དེ་ནས། སླར་ཡང་འཇིག་རྟེན་པའི་མེ་ལྷ་ཚིམ་ པར་བྱ་བའི་ཕྱིར། སྐད་ཅིག་གིས་དམིགས་ལ་བསྲེག་རྫས་ལྷག་མ་ཅི་འབྱོར་བ་རྣམས་ཀྱིས་ཚིམ་པར་བྱ། མཆོད་པ་རྣམས་ཀྱང་དབུལ། འདོད་པའི་དོན་གསོལ་བ་གདབ། དེ་ནས་འབྲིང་དང་བསྡུས་ པའི་ལུགས་ལ་ཕྱོགས་སྐྱོང་རྣམས་ལ། ཁ་ཁ་ལ་སོགས་པས་དཀར་གཏོར་བྱིན་ནས། ཡང་འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་བརྗོད། དེ་ནས་འཇིག་རྟེན་པའི་མེ་ལྷ་དེ་ཨག་ནེ་ཡ་ཧི་ བརྗོད་པ་ཙམ་གྱིས་གཤེགས་སུ་གསོལ་ལོ། ། དེ་ནས་རྒྱས་འབྲིང་བསྡུས་པ་གསུམ་ཀའི་ཐུན་མོང་དུ་དཔའ་བོའི་གོ་ཆ། དཔའ་མོའི་གོ་ཆ། གོ་ཆ་ཆེན་པོ་གསུམ་གྱིས་བསྲུང་བ་བྱས་ཏེ། སྤྱོད་ལམ་བྱའོ། ། འབྲིང་དང་། བསྡུས་པའི་དབང་དུ་བྱས་པའོ། ། ས་མཱཔྟ་མི་སྟི།། །།

随后,心中请出世间火神智慧尊还归,以自身气息摄誓言尊融入心间种子字,诵嘿鲁嘎百字明令其稍得坚固。为令世间火神再得满足,于刹那间观起,用剩余的烧供物随所有而献,令其满足,亦献诸供品,祈请所愿。中、略二仪向护方众诵〔梵文 kha kha · 藏文 ཁ་ཁ · 中文 卡 卡〕等施白朵玛,再为所愿祈请,诵百字明。再仅诵〔梵文 ag ne yahi · 藏文 ཨག་ནེ་ཡ་ཧི · 中文 阿格 内 雅希〕,请世间火神还归。

广、中、略三仪共同以勇父甲、勇母甲、大甲三者守护,随后照常行止。

以上就中、略二仪而说。〔梵文 samāpta mi sti · 藏文 ས་མཱཔྟ་མི་སྟི · 中文 萨玛普达 米 斯底〕。完。

上一篇
火供次第明义
下一篇
火供注(卷2本)