云灯象鼻天成就法

出处与说明

原英译者:

本站中文译审:Astra Medium初译;独立Astra Medium全篇审校及修订

版本说明:

丹珠尔;D3740/Q4562

原文 ↗

中文由 Astra Medium(gpt-6-astra,medium)初译;另一Astra Medium上下文全篇审校后修订。

藏文、中文按完整偈组或意义段对应;梵文正文仅用真实见证,不从藏文伪造现存梵本。

藏文来自rKTs公开电子本;其中纳塘本用作北京版编号所对应作品的另一传本,不冒称北京版全文。据rKTs说明,纳塘电子本由ALL人工录入;本页另作EWTS机械转写。录入/转写疑损与未定读法按实际情况保留。

T2561-002:题首作sprin gyi sgron ma(云灯),文内作gter gyi sgron ma(宝藏灯),保留差异。

T2561-003:独立审校修订:gu gul不宜未经药物辨识直接等同安息香;用原名音译避免物种误指。

T2561-004:rin chen rten直译宝依,具体像、宝石或所依物待核。

T2561-005:原文以字组序号隐说咒字;未擅自拼出未见于源文的完整咒。阿利、迦利指元音与辅音字母组。

T2561-006:独立审校修订:与003同一gu gul,统一保留音译,勿确指安息香。

T2561-007:mtshon gang译一指宽;rmugs ’dzin rgyal po直译持睡眠之王,名义待核。

T2561-007:独立审校修订:mtshon是指宽量度;译一指节改变尺寸单位。

T2561-009:gzigs gzugs原文如此,暂按显现形像译,待核。

据实际藏文电子全文初译,已经独立逐段审校,尚未对勘原刻影像。

藏文以机械Unicode显示,另留原始EWTS;疑读均保留,不以推测补缺。

咒语保持来源转写,不声称已取得独立梵文原本。

已按独立审校逐项修订;正文中的缺读、疑义及审校未决事项仍有效。

T2561-003/原稿说明(移存出处): 〔gu gul,树脂香名〕

T2561-005/原稿说明(移存出处): 〔此句读义待核〕

T2561-007/原稿说明(移存出处): 〔mtshon gang〕

咒文按本站审定版3展示;梵文为IAST,中文为经独立复核的现代汉字近似拟音,不冒称传统定本。短咒同括号并列,长咒分层。原刊异读、夹注与未定字分别保留在出处记录,不混入念诵层。

mantra-t2561-003-01:据所录藏字/EWTS逐音节转写;不按通行咒语补词。b字保留b,w以IAST v转写,dz/ts以j/c转写,A/I/U保留长音,M/H分别ṃ/ḥ;原以普通辅音结尾者不擅改ṃ。汉字为现代近似音,不表示能区分全部送气、卷舌、元音长度。

mantra-t2561-003-01/汉字主显示依本站现行审定读音表;本次原拟音留存为:芒

mantra-t2561-005-01:据所录藏字/EWTS逐音节转写;不按通行咒语补词。b字保留b,w以IAST v转写,dz/ts以j/c转写,A/I/U保留长音,M/H分别ṃ/ḥ;原以普通辅音结尾者不擅改ṃ。汉字为现代近似音,不表示能区分全部送气、卷舌、元音长度。

mantra-t2561-005-02:据所录藏字/EWTS逐音节转写;不按通行咒语补词。b字保留b,w以IAST v转写,dz/ts以j/c转写,A/I/U保留长音,M/H分别ṃ/ḥ;原以普通辅音结尾者不擅改ṃ。汉字为现代近似音,不表示能区分全部送气、卷舌、元音长度。

mantra-t2561-005-03:据所录藏字/EWTS逐音节转写;不按通行咒语补词。b字保留b,w以IAST v转写,dz/ts以j/c转写,A/I/U保留长音,M/H分别ṃ/ḥ;原以普通辅音结尾者不擅改ṃ。汉字为现代近似音,不表示能区分全部送气、卷舌、元音长度。

mantra-t2561-003-01/原中文列咒串(原串保留,不作为本站新增IAST定本): ```text maM ```

返回象鼻天专题

༄༅༅། །རྒྱ་གར་སྐད་དུ། །མེ་གྷ་ཨ་ལོ་ཀ་ག་ཎ་པ་ཏི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། སྤྲིན་གྱི་སྒྲོན་མ་ཆོགས་ཀྱི་བདག་པོ་སྒྲུབ་པའི་ཐབས་ཞེས་བྱ་བ། ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །

梵语题名:me g+ha a lo ka ga Na pa ti sA d+ha naM nA ma。 藏语题名:《云灯众主成就法》。 敬礼众主!

ཁྲོ་རྒྱལ་ཁྱུ་མཆོག་ཕོངས་པ་སེལ། །མདོག་སྔོ་དེ་ལ་བདག་བཏུད་དེ། །གཏེར་གྱི་སྒྲོན་མ་ཞེས་བྱ་བའི། །སྒྲུབ་ཐབས་བདག་གི་ལེགས་རྟོགས་དང་། །རྒྱུད་དང་མན་ངག་ལེགས་དྲན་པས། །ཡང་དག་བདག་གིས་བཤད་པར་བྱ། །

忿怒王、群中最胜、除贫乏者, 我顶礼彼青色尊。 名为“宝藏灯”的成就法, 依据我自己的善解, 以及对续与口诀的善好忆持, 我将如实宣说。

མཚན་ཉིད་ལྡན་པའི་སྒྲུབ་པ་པོས། །ཡིད་འོང་ལེགས་པའི་གནས་དག་ཏུ། །སྔར་ལངས་ཁྲུས་བྱས་མེ་ཏོག་གཏོར། །ཙནྡན་ཆུ་ཡིས་མནྜལ་བྱ། །མེ་ཏོག་དྲི་ཞིམ་ཚོམ་བུ་དགྲམ། །དེ་ནས་རང་ཉིད་ཡི་གེ་མཾ། །དེ་ལས་འོད་འཕྲོས་སྤྱན་དྲངས་ལ། །མཆོད་ཅིང་གུ་གུལ་ནག་པོའི་སྤོས། །བཏང་ཞིང་འོད་ཀྱི་ངོ་བོར་བཞུ། །རང་ཉིད་ནང་དུ་ལེགས་པར་གཞུག་།

具相修持者, 在美好悦意处, 早起沐浴,散花, 以檀香水作坛, 陈列芳香花堆。 然后观自身为〔梵文 maṃ · 藏文 མཾ · 中文 马姆〕字, 由其放光迎请, 供养,燃黑色古古尔香; 令所请者化成光, 善入自身之内。

དེ་ཡི་སྟོབས་ཀྱིས་བདག་ཉིད་ཀྱང་། །ཞལ་གཅིག་པ་ལ་ཕྱག་བཞི་པ། །སྐུ་མདོག་སྔོན་པོ་སྤྱན་གསུམ་པ། །དབུ་ལ་རལ་པའི་ཅོད་པན་ཏེ། །ཟླ་ཚེས་དང་ལྡན་སྦྲུལ་གྱིས་བརྒྱན། །ཕྱག་གཡས་དགྲ་སྟ་མཆེ་བ་དང་། །གཡོན་པ་རྩེ་གསུམ་ཞགས་པ་བསྣམས། །སྟག་གི་པགས་པས་སྨད་དཀྲིས་ཤིང་། །ཀླུ་རྒྱལ་དཀར་པོའི་དོ་ཤལ་ཅན། །འོད་ཟེར་ཚོགས་ལྡན་དེ་བསྒོམ་བྱ། །རིན་ཆེན་རྟེན་ལ་ཡེ་ཤེས་གཞུག། །མཆོད་པ་བྱ་ཞིང་ཡི་དགས་འཇིགས། །

由此之力,自身亦成为 一面四臂, 身青色,三目, 头结发髻冠, 具初月,以蛇庄严。 右手持斧与牙, 左手执三叉戟与索。 以虎皮围下身, 以白色龙王为项链。 应观彼具众光芒者。 于宝依中安入智慧尊, 作供养,令饿鬼怖畏。

དེ་ཡིས་དེ་ལ་བདག་ནས་ནི། །སྐུ་ཡི་ས་བོན་དང་པོ་སྟེ། །བཞི་པའི་ལྔ་པ་ཨེ་ཡིས་བརྒྱན། །དང་པོའི་གསུམ་པ་དེ་འོག་སྟེ། །དེ་འོག་དབྱངས་ཡིག་དང་པོའོ། །དྲུག་པའི་གསུམ་པའི་ས་བོན་ལ། །ཨོ་ཡིག་མགོ་བོ་ལེགས་པར་བརྒྱན། །དང་པོའི་དང་པོ་དེ་འོག་གནས། །རླུང་གི་ས་བོན་དེ་འོག་སྟེ། །ཞི་བའི་ཡི་གེའི་གདན་དུ་ནི། །དབྱངས་ཡིག་གཉིས་པ་སྟེང་དུ་ས། །ཁྲོ་བོའི་སྐད་གདངས་རྗེས་ལ་བརྗོད། །ཨཱ་ལི་ཀཱ་ལི་ལེགས་པར་རྟོགས། །

由彼于彼,我乃: 身之种子为最初, 第四组第五字饰以〔梵文 e · 藏文 ཨེ · 中文 诶〕, 第一组第三字在其下, 其下为第一元音。 第六组第三字的种子, 上方善饰〔梵文 o · 藏文 ཨོ · 中文 哦〕字, 第一组第一字在其下, 风之种子又在其下。 于寂静之字的座上, 第二元音之上置〔梵文 sa · 藏文 ས · 中文 萨〕, 随后发忿怒之声。 应善了知阿利、迦利。

དེ་ལྟར་བཏུས་པའི་རིག་པ་དེ། །ཉིན་རེ་ཁྲི་ཚོ་རེ་རེ་དང་། །གུ་གུལ་ནག་པོའི་རི་ལུ་ལ། །བརྒྱ་རྩ་བརྒྱད་ཀྱི་སྦྱིན་སྲེག་བྱ། །དེ་ལྟར་འབད་པས་ཟླ་རེ་ལ། །དོང་ཙ་འབུམ་འབུམ་རྙེད་པར་བྱེད། །རྒྱལ་གྱི་ཉིན་པར་སྔར་ལངས་ནས། །མཆོད་པ་དང་ནི་གཏོར་མ་དང་། །དྲི་ཞིམ་སྤོས་ཀྱིས་ལེགས་པར་མཆོད། །

如此集成的明咒, 每日各念一万遍; 以黑色古古尔香丸, 作一百零八次火供。 如此精勤,每月 能得十万钱。 于鬼宿之日早起, 以供物、食子 及芳香熏香善供养。

རྟེན་ནི་གཙང་མའི་གཞིའམ་ནི། །ཁྱུ་མཆོག་པགས་པའི་གཞི་ལ་ནི། །སྒྲུབ་པོས་མཚོན་གང་གོང་གཟུགས་བྲི། །རྒྱལ་གྱི་ཉིན་པར་རྫོགས་པ་ལ། །རྨུགས་འཛིན་རྒྱལ་པོ་ཁྱོད་ཀྱིས་མཛོད། །ཞེས་བརྗོད་གར་ཡང་བཅིང་བར་བྱ། །ཟ་མ་ཏོག་གི་ནང་དུ་ནི། །མེ་ཏོག་བཟང་དང་དྲི་བཟངས་ཀྱིས། །ལེགས་པར་བསྡམས་ནས་དེར་གནས་བྱ། །རྟག་པར་དེ་ལ་མཆོད་བྱ་སྟེ། །རྒྱ་ཆེན་ཚོགས་ཀྱིས་ལེགས་པར་མཆོད། །

所依应在洁净底材, 或胜牛皮底材上, 由修持者绘前述形像,大小一指宽。 于鬼宿之日完成时, 当说:“请您作持睡眠之王!” 系于任何所宜处。 在匣内以好花 及妙香包好,安置其中。 应常供养, 以广大聚供善作供养。

དེ་ལྟར་རྒྱུན་དུ་བྱས་པ་ཡིས། །གཏེར་ཆེན་ཐམས་ཅད་ཐོབ་པ་དང་། །འབྱུང་པོའི་ཚོགས་ཀྱང་འདུན་པར་འགྱུར། །ཀུན་ལ་གཙང་ཞིང་གཙང་སྦྲར་ལྡན། །འདི་ནི་འདི་ཡི་དམ་ཚིག་གོ། །འདི་ལ་འབད་གྱུར་ཐམས་ཅད་ལ། །གཏེར་གྱིས་རེ་བ་སྐོང་བ་དང་། །དུས་རྣམས་ཀུན་དུ་ཁྱོད་ཀྱིས་གཟིགས། །ཞེས་ནི་ལེགས་པར་རྟོགས་པར་མཛོད། །

如此持续行持, 获得一切大宝藏, 诸部多众也将归向。 于一切处洁净,具足清洁, 这就是此法的三昧耶。 “凡精勤于此法者, 请以宝藏满足其希望, 并于一切时垂顾!” 应如是善知。

ཚོགས་བདག་གཟིགས་གཟུགས་གསལ་བ་ཡི། །སྒྲུབ་ཐབས་གཏེར་གྱི་སྒྲོན་མ་འདི། །འགྲོ་རྣམས་ཕོངས་ལས་གྲོལ་བ་དང་། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག་།

以此明现众主形像的 《宝藏灯成就法》, 愿众生从贫乏中解脱, 圆满布施波罗蜜!

ཚོགས་ཀྱི་བདག་པོ་སྤྲིན་གྱི་སྒྲོན་མའི་སྒྲུབ་ཐབས་སློབ་དཔོན་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ། ། ༎རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ༎

《云灯众主成就法》,阿阇梨婆罗门宝金刚所作,圆满。 由印度班智达Dīpaṃkaraśrījñāna与译师纳措戒胜译。