ཤིན་ཏུ་མྱུར་བའི་ལྷ་ཆེན་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས ། རྒྱ་གར་སྐད་དུ ། པུ་ཎ་དེ་ཝ་མ་ཧཱ་བི་གྷ་རཱ་ཛཱ་སཱ་དྷ་ནཱ་མ ། བོད་སྐད་དུ ། ཤིན་ཏུ་མྱུར་བའི་ལྷ་ཆེན་པོ་བགེགས་ཀྱི་རྒྱལ་པོའི་སྒྲུབ ཐབས་ཤེས་བྱ་བ །
《极迅大天障王成就法》。藏语题名:《极迅大天障王成就法》。
བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ །
顶礼世尊金刚猛暴尊。
ཉམས་དགའ་བའི་ས་ཕྱོགས་སུ ། ཡིད་དུ་འོང་བའི་ཁང་པར ། འདོད་པ་བསྒྲུབ་པའི་བྱ་བ་བརྩམས་པ་ནི ། དང་པོར་ཐད་ཀ་དགྲམ་ཞིང ། མཆོད་པ་དང་གཏོར་མ་བཤམས་ལ ། རང་སྟན་བདེ་བ་ལ་རོལ་པའི་འདུག་སྟངས་ཀྱིས་འདུག་པར་བྱའོ ། རང་ཡི་དམ་གང་ཡིན་པའི་ང་རྒྱལ་བྱ ། དེ་ནས་རང་གི་མདུན་དུ་ལྷ་འདི་བསྒོམ །
在悦意之地、可喜房舍内,开始成办所欲之事。先陈设画像,安置供物与食子,自己于舒适座上以游戏坐姿而坐。对自己的本尊生起自尊观,继而在自己面前观修此尊。
དེའི་སྐུ་མདོག་ནི ། མེ་འབར་བ་ལྟར་ཤིན་ཏུ་དམར་བ་གདོང་བཞི་པ་ ། སྤྱན་གསུམ་པ ། རལ་པའི་ཐོད་གཙུག སྒྲིལ་ནས་དཀྲིས་ཤིང་བཅིངས་པ ། འོད་ཟེར་དམར་པོ་འབར་བ ། ཤིན་ཏུ་འཇིགས་པ ། མཆེ་བ་རབ་ཏུ་གཙིགས་པ །
其身色如炽火般极红,四面、三眼,盘结束紧发髻,放射炽盛红光,极为可怖,露出獠牙。
ཕྱག་བཅུ་གཉིས་པ ། གཡས་པ་དང་པོ་ནས་རིམ་པ་བཞིན་དུ་དགྲ་སྟ ། མདའ ། ལྕགས་ཀྱུ ། རྡོ་རྗེ་ ། རལ་གྲི ། འཕང་མདུང་རྣམས་སོ །
具十二手,右边自第一起,依次持战斧、箭、铁钩、金刚杵、剑、投矛。
གཡོན དང་པོ་གཏུན་ཤིང ། གཞུ ། ཁ་ཊྭཾ་ག ། ཐོད་པ་ཁྲག་གིས་གདབ ། ཤ་ཆེན་གྱིས་གང་བའི་ཐོད་པ་ཕུབ་ཆུང་དང ། གདན་བསྣམས་པའོ ། རྡོ་རྗེ་དང་ཐོད་པ་ཐུགས་ཀར་འཛིན་ཞིང ། གཞན་ཀུན་འཆར་ཐབས་སུའོ །
左边第一持杵,继为弓、喀章嘎、满血颅器、盛满人肉的颅器、小盾,以及座具。金刚杵与颅器持于心间,其余皆作举起之势。
此为勾召咒。
། དགུག་པའི་སྔགས་སོ་ །
བསྙེན་པའི་སྔགས་ནི ། 藏文 ཨོཾ་ཨ་གཿ ཧཱུཾ་སྭཱཧཱ梵文 oṃ a gaḥ hūṃ svāhā中文 嗡 阿 嘎 吽 斯瓦哈 །
近修之咒如下。
བསྙེན་པའི་གྲངས ། སྔགས་བརྒྱ་འམ་སྟོང་བཟླས་ནས ། ལས་སྦྱོར་བརྒྱ་བརྗོད་པར་བྱའོ ། ཏིལ་ནག་པོས་ལས་གང་འདོད་པ་བྱའོ །
近修数量:念诵咒一百或一千遍后,作事业时再诵一百遍。以黑芝麻作任何所欲事业。
དེ་ལྟར་བསྒྲུབས་པའི་སྔགས་པར ཐམས་ཅད་ཀྱིས་མཐོང་ན་དགའ་པ་དང་ ། ཡིད་དུ་འོང་བར་འགྱུར་རོ །
如是修持的持咒者,一切人见而欢喜,觉得悦意。
རྒྱལ་པོས་མཆོད་པ་ཆེན་པོས་མཆོད་ཅིང་འཛིན་པར་འགྱུར་རོ ། དགྲ་ཐམས་ཅད་འཆིང་སྟེ་ ། ལན་ཚྭ་ཆུར་བཏབ་པ་ལྟར་འགྱུར་རོ །
国王将以大供养供奉并摄受。束缚一切敌人,使其如盐投入水中。
བགེགས་ཐམས་ཅད་འབྱེར་ཞིང་དྲུང་དུ་འོང་མི་ནུས་པར འགྱུར་རོ ། ལས་ཐམས་ཅད་འགྲུབ་ཅིང་ནོར་རྣམས་བརྙེད་པར་འགྱུར་རོ ། ཇི་སྐད་སྨས་པའི་ཆོ་ག་ལ་གཞན་ཡིད་ཆེས་པར་འགྱུར་རོ །
一切障碍逃散,不能来到面前。一切事业成办,获得财物。对其所宣说的仪轨,别人亦将信受。
བགེགས་སེལ་བའི་སྒྲུབ་ཐབས ། སློབ་དཔོན་དི་པཾ་ཀ་རས་མཛད་པ་རྫོགས་ཤོ །
《除障成就法》,阿阇黎燃灯所作,终。
