象鼻天赞〔Amoghavajra本〕

出处与说明

原英译者:

本站中文译审:Astra Medium初译;独立Astra Medium全篇审校及修订

版本说明:

丹珠尔;Q4991

原文 ↗

中文由 Astra Medium(gpt-6-astra,medium)初译;另一Astra Medium上下文全篇审校后修订。

藏文、中文按完整偈组或意义段对应;梵文正文仅用真实见证,不从藏文伪造现存梵本。

藏文来自rKTs公开电子本;其中纳塘本用作北京版编号所对应作品的另一传本,不冒称北京版全文。据rKTs说明,纳塘电子本由ALL人工录入;本页另作EWTS机械转写。录入/转写疑损与未定读法按实际情况保留。

T2990-002:原文stong疑bstod,按赞颂语境译;未改原转写。

T2990-002:独立审校修订:源文两词并列无明确连接;dga’ ldan也可作欢喜修饰,不能无注断为两个天界。

T2990-004:rnam shes rags pa skye phyir字面如此,教义所指未确;不换成调伏粗暴众生。

T2990-005:ka ra wa ti为源文音写器名,未据相似法本强改名称。

T2990-006:tshogs连称保留不同尊号;Hāri依原音,人物未定。

T2990-007:地点保留原音;不擅归并为未核定的标准尸林名。

据实际藏文电子全文初译,已经独立逐段审校,尚未对勘原刻影像。

藏文以机械Unicode显示,另留原始EWTS;疑读均保留,不以推测补缺。

咒语保持来源转写,不声称已取得独立梵文原本。

已按独立审校逐项修订;正文中的缺读、疑义及审校未决事项仍有效。

T2990-002/原稿说明(移存出处): 〔dga’ ldan是否为兜率专名,此句关系未明〕

T2990-002/原稿说明(移存出处): 〔原句有重复疑读〕

T2990-003/原稿说明(移存出处): 〔“stong gsum ldeg?”动词待核〕

返回象鼻天专题

རྒྱ་གར་སྐད་དུ། ག་ན་པ་ཏི་སྟོད་ཏྲཾ། བོད་སྐད་དུ། ཚོགས་ཀྱི་བདག་པོ་ལ་སྟོད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །

梵语题名:ga na pa ti stod traM。 藏语题名:《众主赞》。 敬礼圣观自在!

སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་ནས། །ལྷའི་དེད་དཔོན་ཚོགས་བདག་བཞུགS་པ་ནི། །ཚོགས་བསགས་སྨོན་ལམ་སྟོབས་ཀྱིས་ལྷ་ཆེན་སྲས་སུ་འཁྲུངས། །ཐུགས་རྗེ་ཆེན་པོས་བྱིན་རླབས་གླིང་བཞིའི་བདག་པོ་མཛད། །འཕགས་མཆོག་སྤྱན་རས་གཟིགས་དབང་གསྤྲུལ་སྐུ་ཁྱེད་ལ་སྟོང། །འཕྲིན་ལས་རྣམ་བཞི་ཕྱག་བཞིས་འགྲོ་དོན་མཛད། །གཞོན་ནུ་ཕྱེད་པའི་དཀྱིལ་ཀྲུང་ཕྱེད་པས་བཞུགས། །ཡིད་བཞིན་ནོར་བུའི་བརྒྱན་སྤྲས་འདོད་དགུ་ཆར་དུ་འབེབས། །ཐུགས་གཏུམ་དཔའ་བརྟུལ་ཆེ་བས་ལྷ་མིན་གཡུལ་ངོ་བཟློག་།དྲེགས་གཏུམ་ང་རྒྱལ་མཆོག་མདའ་ཁྱོད་ལ་སྟོང། །

从“三十三、欢喜天界”, 天众导师众主安住, 由积集资粮与愿力,生为大天之子, 大悲尊加持,作四洲之主。 向您——殊胜圣观自在的化身——赞颂! 以四臂行四种事业,利益众生; 童子,以半跏趺安住; 如意宝严饰,降下所欲之雨。 心威猛、勇力禁行广大,击退阿修罗战阵, 向具最胜威势、勇猛、尊严的您赞颂!

ཉི་ཟླ་ལ་ཕུག་བགྲང་འཕྲེང་དགྲ་སྟ་ཕོར་པ་སྣམས། ། ལྷ་ཡི་ན་བཟའ་པཎ་ཙ་ལི་ཀ་སྐུ་ལ་གསོལ། ལྷ་མཆོག་ཁྱེད་འདྲ་འཇིག་རྟེན་གཞན་ན་མི་བཞུགས་པས། །ཁྱད་འཕགས་ཡོན་ཏན་མཐར་ཕྱིན་རྗིད་པའི་སྐུ་ལ་ཕྱག་འཚལ་སྟོད། །དུག་གསུམ་མུན་པ་མི་མངའ་སྐུ་མདོག་དུང་ལྟ་བུ། །མཛེས་པའི་རྒྱན་སྤྲས་མཐོང་བ་ཙམ་གྱིས་ལྷ་མོ་འདུ། །ལྷ་དམག་དཀྱིལ་བཞུགས་བསོ་སྒྲ་ཆེན་པོས་སྟོང་གསུམ་ལྡེག྄་།གདུག་པའི་ང་རོ་འོད་ཟེར་འཕྲོས་པས་བགེགས་རྣམས་འཇོམས། །རྔམ་པའི་ང྄་རོས་རྒྱ་མཚོའི་ཀླུ་རྣམས་བསྲེག་པར་བྱད། །འགྲན་པའི་ཟླ་མེད་སྟོབས་ཆེན་ཁྱོད་ལ་ཕྱག་འཚལ་སྟོང། །

持日、月、萝卜、念珠、斧与钵, 身着天衣pañcālika。 世间别处没有如您这般殊胜天尊, 顶礼赞颂功德究竟、威严之身! 无三毒黑暗,身色如海螺, 美饰庄严,仅见便令天女聚集。 安住天军之中,以巨大呼声〔缺字〕三千世界。 威猛吼声放光,摧灭诸障; 以可怖吼声烧毁海中诸龙, 顶礼赞颂无可匹敌的大力者!

རྣམ་ཤེས་རགས་པ་སྐྱེ་ཕྱིར་སྤྲེའུའི་སྐུ་རུ་སྤྲུལ། །སྤྱན་ཟློག་སྤྲེའུའི་ཞལ་ནི་ཅུང་ཟད་ཁྲོ་བོའི་ཚུལ། །ཆགས་པའི་དབང་གིས་བྱི་རུ་ལྟ་བུར་སྐུ་མདོག་དམར། །ཕྱག་གཉིས་ཐལ་སྦྱོར་སྤོས་ལྡོང་དྲི་ཡིས་ལྷ་རྣམས་བསྡུད། །གཡས་པ་སྲིད་པའི་མེས་པོས་མོ་རྒྱུད་དབང་དུ་བསྡུད། །གཡོན་པར་ནུའི་མཚན་མས་སྐྱེས་པ་ལས་ལ་འཁོལ། །ཐུགས་ལས་འོད་ཟེར་བཀྱེ་བས་ཁམས་གསུམ་བྲན་དུ་འཁོལ། །སྐྱི་སེར་རླུང་བཞིན་ནམ་མཁའ་ཁྱབ་པར་རྒྱུ་བར་བྱེད། །

为令粗分识生起,化现猴身; 双目翻转,猴面稍现忿怒, 由于欲力,身红如珊瑚。 两手合掌,以香枝芬芳摄集天众; 右手“世间祖父”摄受女性, 左手nu标帜使男性服役。 心间放光,使三界为仆, 如寒风般遍游虚空。

ཁྱོད་སྐུའི་འོད་ཟེར་ལྕགས་ཀྱུས་འཇིག་རྟེན་ནོར་རྫས་ཀུན། །གཅིག་ཆར་བསྡུས་ཏེ་སྒྲུབ་པོ་བདག་ལའང་ནོར་གྱི་ཆར། །འབེབས་ཞིང་དགོས་འདོད་རོལ་པའི་དངོས་ཀུན་བདུད་རྩིར་ཞུ། །རྩ་ལམ་ནས་རྒྱུད་གསང་བའི་རྡོ་རྗེ་ནS་སྟེར་པ། །རྒྱུན་རབ་སྤྲེངས་པས་ཀ་ར་ཝ་ཏི་སྟམས་པ་ལས། །འཕོངས་པ་སྒྲོལ་མཛད་བདུད་རྩིའི་རྒྱུན་ལ་སྐྱབས་སུ་མཆི། །

以您身光铁钩,将世间一切财物 顿时摄集,也为我修持者降下财雨。 使一切所需所欲享用之物化为甘露, 经脉道流传,从密处金刚施出。 由不断流注,充满ka ra wa ti, 我皈依此解除贫乏的甘露流!

ཚོགས་ཆེན་ཚོགས་དཔལ་ཚོགས་དབང་ཚོགས་ཀྱི་བདག་པོ་ལ། བཙུན་མོ་ཧ་རིས་མདུན་ནས་ཕྱག་དང་མཆོད་པ་འབུལ། །ལྷ་མཆོག་ཁྱེད་ཀྱི་སྐུ་ལ་བདག་གིS་བསྟོད་བྱེད་ན། །བདག་གི་འདོད་པའི་དོན་རྣམས་ཁྱེད་ཀྱིས་སྒྲུབ་དུ་གསོལ། །

大聚、聚之吉祥、聚自在、众主, 王妃Hāri于前顶礼献供。 殊胜天尊,当我赞颂您的身时, 祈请您成办我所欲的诸事!

དཔལ་གཤིན་རྗེ་གཤེད་ཀྱི་དངོས་གྲུབ་རྙེས་པ། པཎྜི་ཏ་ཨ་མོ་གྷ་བཛྲ་གྱིས། དུར་ཁྲོད་ཀཾ་ཀ་རུ་སྤུངས་སུ། ཚོགས་བདག་ཞལ་གཟིགས་ནས་བསྟོད་པའོ༎ ༎

已获吉祥阎魔敌成就的班智达Amoghavajra,于尸林Kaṃkaru Spungs亲见众主之后,作此赞颂。