རྒྱ་གར་སྐད་དུ། གྷ་ན་བ་ཏི་ས་མ་མ་ནུ་སྨ་ར་གྷ་ཧ་ས་དྷ་ན་མ་། བོད་སྐད་དུ། ཚོགས་ཀྱི་བདག་པོ་དམ་ཚིག་གསང་པའི་བསྒྲུབ་ཐབས་ཞེས་བྱ་བ། དཔལ་ཚོགས་ཀྱི་བདག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །
梵语题名:g+ha na ba ti sa ma ma nu sma ra g+ha ha sa d+ha na ma。 藏语题名:《众主秘密三昧耶成就法》。 敬礼吉祥大众主!
འདི་ལྟར་འཕགས་པ་སྤྱན་རས་གཟིགས། །ཐུགས་རྗེས་གཞན་ལ་དུས་གསུམ་དུ། །གཟིགས་པར་མཛད་བའི་ལྷ་ཁྱོད་ཀྱིས། །ཐུགས་ལ་སྤྲུལ་པ་ཚོགས་བདག་གི། བསྒྲུབ་པའི་ཐབས་ཆེན་མཆོག་གྱུར་པ། །བདག་གི་ཇི་ལྟར་རྙེད་པར་བྲི། །འབྱུང་པོ་ཀུན་གྱི་རྒྱལ་པོ་མཆོག་།བསྒྲུབ་པ་པོ་ལ་ཉེར་བརྩེ་བའི། །ཚོགས་བདག་བསྒྲུབ་པར་འདོད་པ་ཡིས། །དང་པོ་གནོད་སྦྱིན་བསྒྲུབ་ལ་དཔའ་། །བླ་མ་ལ་གུས་སྙིང་རྗེ་ཆེ། །བརྩོན་ལྡན་དང་པ་ཆེར་གྱུར་པས། །བླ་མ་སྔོན་དུ་མཉེས་པར་བྱ། །
如是,圣观自在, 您这以悲心于三时 垂顾他人的天尊, 从心中化现众主。 其最胜大成就法, 我将依所得而书。 欲修彼一切部多的最胜王、 亲爱修持者的众主, 首先应勇于修药叉, 恭敬上师,具大悲, 精勤,净信广大; 先令上师欢喜。
ལུང་དང་གདམས་ངག་ལྡན་པ་ཡིས། །ཡིད་དགའ་བའི་གནས་དག་ཏུ། །མཎྜལ་ཆག་ཆག་མཆོད་པ་བཤམས། །ཐེ་རང་བྱང་ཆུབ་སེམས་བསྐྱེད་ནས། །བླ་མ་སངས་རྒྱས་ལ་སོགས་མཆོད། ?་དེ་ནས་སྐྱབས་གསོལ་གཏོར་མ་སྦྱིན། །དགེ་བ་བསྔོ་བ་བྱས་ནས་ནི། །ཁམས་གསུམ་མ་ལུས་སེམས་ཅན་ལ། ༎བྱམས་པ་སྔོན་དུ་འགྲོ་བ་ཡིས། །ཚད་མེད་བཞི་ཡིས་ཉོན་མོངས་རྣམས། །མ་ལུས་པར་ནི་ཞི་བར་བྱ། །
具有传承与口诀者, 在悦意之处, 洒净坛,陈设供养。 黎明发菩提心, 供养上师、诸佛等; 然后祈求皈依,施食子, 回向善根。 以三界一切有情为所缘, 以慈心为先, 由四无量, 息灭烦恼无余。
དེ་རྗེས་ཕྱི་ནང་ཆོས་རྣམས་ཀུན། །སྟོང་པ་ཉིད་དུ་བསམ་བྱས་སྟེ། །
其后观内外一切法皆空。
།སྔགས་ཀྱིས་དག་པ་བསམ་བྱས་སྟེ༎ དེ་ཡང་ཡེ་ཤེས་ཆད་པ་མེད། །སྙིང་རྗེའི་དང་དུ་བསམ་བྱས་ཏེ༎
以此咒观为清净。 又观智慧不断, 于悲心之中。
ཞེས་པའི་དག་པ་བསྒོམ་པར་བྱ། །
应以此观清净。
སྟོད་པའི་ངང་ལས་རྣལ་འབྱོར་པ། །ཡི་དམ་གང་ཡིན་གསལ་བར་བལྟའ། །དེའི་མདུན་དུ་ཟླ་བ་དང། །བྱི་བའི་སྟེང་དུ་ཚོགས་བདག་ནི། །ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར། །བརྐྱང་བསྐུམ་འགྱིད་བའི་ཚུལ་དུ་བཞུགས། །ལྷ་ཡིན་མ་གཟའ་བསྟོད་གཡོག་སྟེ། །རིན་ཆེན་རྒྱན་གྱིས་ལེགས་པར་བརྒྱ་ན། །ཕྱག་གཡས་ན་ལ་ཕུག་དང། །དེ་བཞིན་དགྲ་སྟ་བསྣམས་པའོ། །གཡོན་པས་རྩེ་གསུམ་ཐོད་པ་འཛིན། །སྤྱན་གསུམ་གསུམ་པ་ཤིན་ཏུ་འཕྱང། །དབུ་ཡི་སྟེང་ན་ཟླ་ཚེས་ལ། །འོད་དཔག་མེད་པ་བཞུགས་པའོ། །ཡེ་ཤེས་བཀུག་ལ་ཡི་གེ་གསུམ། །རང་རང་གནས་སུ་བསམ་པར་བྱ། །དེ་ལ་མཆོད་ཅིང་གཏོར་མ་སྦྱིན། །
从空性中,瑜伽者 明观自己的本尊。 其前月轮与 鼠座之上,众主 一面四臂,身白色, 以伸屈昂然之姿安住。 身披天衣〔待译〕, 以宝饰善为庄严。 右手持萝卜 及斧; 左手持三叉戟、颅器。 三目〔待译〕。 头上初月处, 安住无量光。 迎请智慧尊,将三字 观于各自位置。 向彼供养,施食子。
དེ་ནས་སྐུ་ལ་དམིགས་པའམ། །རང་གི་སྙིང་ནས་གསང་སྔགས་ནི། །སྐྱེས་ཏེ་ཁ་ནས་ཚོགས་བདག་གིས། །ཞལ་དུ་ཞུགས་པ་སྙིང་ཁར་བསྟིམ། །བསྟོད་ཅིང་སྐུལ་ལ་ལྟེ་བ་ནས། །འཐོན་ནས་བདག་གེ་ལྟེ་བར་ཞུགས། །མཆོད་ཅིང་བསྙེན་བཀུར་བྱེད་པར་བསམ། །
然后或缘尊身, 或观秘密咒从自己心中 生起,经口进入众主 口中,融于心间。 赞颂、劝动后,从其脐出, 进入自己脐中, 观为供养、承事。
དེ་ལྟར་བཟླས་པའི་སྔགས་བསྟན་པ། །བླ་མའི་ལམ་ལས་བྱུང་བ་དང། །རྒྱུད་ཀྱི་གདམས་པ་ལྟར་བཏུའབ། །ཨོཾ་ཞེས་བྱ་བ་དང་པོས་སྟེ། །ཡིད་སྦྱིན་ནོར་བུ་བསམ་འཕེལ་ལ། །མེ་ཡི་ཡི་གེ་གདན་ལ་བཞུགས། །དབྱངས་ཡིག་དྲུག་པ་འོག་ཏུ་གདགས། །ཐིག་ལེ༔ན་དས་བརྒྱན་པར་བྱ། །མཚན་གྱི་དང་པོ་བླངས་བྱ་སྟེ། །བཞི་པའི་ལྔ་པ་ཡང་སྦྱར་བར་བྱ། །དེ་ནས་ལྔ་པའི་དང་པོ་བྲི། །དེ་བཞིན་གཤེགས་པའི་མཚན་དང་པོ། །དེ་ཡི་རྗེས་སུ་བསྟན་པར་བྱ། །རླུང་གི་ས་བོན་དེ་ནས་སྦྱིན། །དབྱངས་ཡིག་བརྒྱད་པས་བརྒྱན་པར་བྱ། དྲོ་བའི་མཛའ་མ་གཉིས་དག་ལ། །དབྱངས་ཡིག་གཉིས་པས་བརྟེན་པར་བྱ། །དེ་ནི་མཚན་གྱི་གསང་སྔགས་པ། །རང་འདོད་འབྲས་བུ་སྦྱིན་པ་ཡིན། །
如此念诵之咒, 来自上师之道, 并依续中教授集取: 首先是〔梵文 oṃ · 藏文 ཨོཾ · 中文 嗡〕。 于“如意宝、增长所思”, 安置于火字座, 下加第六元音, 以明点、那达庄严。 取名字的首字, 再配第四组第五字, 然后写第五组首字, 接着示如来名之首字, 然后置风种子, 以第八元音庄严。 于两“暖之友”, 依第二元音。 此即名字秘密咒, 赐予自己所欲之果。
ཨོཾ་ནི་དཔལ་ལྡན་བཀྲ་ཤིས་ཏེ། །དད་པོ་བུ་ལ་བཞུགས་པར་བྱ། །ཡིད་སྦྱིན་བསམ་གྲུབ་རིན་ཆེན་གྱིས། །ཡི་གེ་དེ་རྗེས་བསམ་པར་བྱ། །ཉི་མའི་ས་བོན་དེ་ནས་བྲི། །དེ་བཞིན་གཤེགས་པའི་མཚན་དང་པོ། །དེ་ནས་བློ་ཡིས་བླང་པར་བྱ། །གསལ་བྱེད་དང་པོ་དེ་ནས་བརྗོད། །རིན་ཆེན་ས་བོན་དེ་ནས་སྦྱིན། །ལས་ཀྱི་ཡི་གེ་དེ་ནས་བརྗོད་རིང་པར་སྟོན་པ་འདོད་པ་འགྲུབ། །
〔梵文 oṃ · 藏文 ཨོཾ · 中文 嗡〕即吉祥吉庆, 应安置于〔待译〕。 如意、遂愿之宝, 观其字于后。 然后写日种子, 接着心取如来名之首字, 然后说第一辅音, 再置宝种子, 然后说事业字。 标示长音,所欲成就。
ཨོཾ་ནི་དང་པོ་ཚངས་པ་སྟེ། །དེ་ནས་ནོར་འདོད་རིན་ཆེན་བཞག་།གསལ་བྱེད་དང་པོ་དེ་ནས་བསྟན། །དེ་བཞིན་གཤེགས་པའི་མཚན་དང་པོའོ། །དབྱངས་ཡིག་བརྒྱད་པས་སྟེང་བརྒྱན་པ། །དེ་ནས་གསལ་བྱེད་དང་པོ་ཡིན། །སྡེ་མཆོད྄་གསུམ་པའི་བཞི་པ་ལ། །དང་པོ་ལྔ་པ་སྦྱར་བར་བྱ། །སྡེ་མཚན་ལྔ་པའི་དང་པོ་ནི། །གསུམ་པའི་དང་པོས་སྟོན་པར་བྱ། །འདོད་པ་སྐོང་པའི་ཡི་གེ་ལ། །དབྱངས་ཡིག་ཡི་གེ་གསུམ་པས་མནན། །བཞི་པའི་ལྔ་པས་བསྟེན་བྱའོ། །དེ་རྗེས་བཞི་པའི་གསུམ་པས྄་བཞག། འཁྲོས་པའི་ས་བོན་ཆེན་པོ་བཞིན། །དྲག་པོ་ལས་དང་སྦྱར་བས་ན། །རང་འདོད་ལྷ་དང་ཕྲད་པར་འགྱུར། །
〔梵文 oṃ · 藏文 ཨོཾ · 中文 嗡〕在首,即梵天; 随后置求财之宝, 再示第一辅音, 如来名之首字, 上饰第八元音; 然后为第一辅音。 于第三组第四字, 配第一组第五字; 第五组的首字, 应以第三组首字表示。 满足欲求之字, 以第三元音压住, 依第四组第五字; 其后置第四组第三字。 如大忿怒种子, 配合猛烈事业, 将与自己所欲本尊相会。
དེ་ལྟར་དངོས་གྲུབ་མཆོག་འདོད་པས། །ལྷ་ཆེན་ཞལ་སྟོན་བར་དག་ཏུ། །སྔགས་ལ་ཤིན་ཏུ་འབད་པར་བྱ། །འདི་ནི་དམ་པའི་སྔགས་སོ། །གལ་ཏེ་ལས་ལ་སྦྱོར་འདོད་ན། །ཆད་དང་ལ་ཕུག་ལ་དུ་དང། །འོ་མས་འཕགས་པ་མཆོད་པར་བྱ། །བསྟོད་ཅིང་ལས་ཀུན་གང་བསྒོམས་འགྲུབ། །འདི་ནི་ལྷ་ཆེན་མཉེས་པ་ཡིན། །
如是欲求最胜成就者, 直到大天示面, 应极力精勤念咒。 这是殊胜之咒。 若欲应用事业, 以〔待译〕、萝卜、拉杜 与乳供养圣尊, 赞颂;一切所观事业皆成, 此能令大天欢喜。
ཡང་ན་ཟངས་སམ་འཁར་བ་ལ། །གཟུགས་བྱས་མཎྜལ་གཙང་མའི་སྟེང། ། བཞུགས་ཏེ་མཆོད་པས་མཉེས་བྱས་ནས། །དེས་ཀྱང་བདག་ལ་དངོས་གྲུབ་སྟེར། ཡང་ན་གཙང་མའི་ངས་དག་ལ། །མཁས་པས་བྲིས་ཏེ་རྒྱལ་བབ་ལ། །མཆོད་ཅིང་བསྟོད་ན་གང་བསྒོམས་གྲུ། །ཡང་ན་མེ་ཏོག་དམར་པོ་ལ། །བསྔགས་བཟླས་སྟེང་ན་གཏོར་བྱས་ན། །བདག་གི་རེ་བ་ཐམས་ཅད་སྐོད། །
或以铜、响铜 造像,安置洁净坛上, 以供养令其欢喜, 彼亦赐予自己成就。 或在洁净底材上, 由智者绘像,于鬼宿值日, 供养赞颂,所观皆成。 或对红花 念咒,散于其上, 自己一切希望皆满。
ཡང་ན་དངུལ་ལམ་ཤེལ་དག་ལ། །ཕོགས་པ་བྱས་ཏེ་མཆོད་བསྟོང་ན། །སྤྱི་བོར་བཞུགས་ལ་མི་སྔགས་བཟླ། །ཁྲོད་ཁྱེར་དབུས་སུ་འོངས་པ་ན། །མི་རྣམས་འདུ་བར་འགྱུར་བ་ཡིན། །ཡང་ན་གླང་ཆེན་ཆང་དང་ནི། །ཁྲག་དང་མྱོས་བྱེད་ཐིག་ལེ་ཡིས། །མཉམ་པའི་རས་ལ་བྲི་བྱས་ན། །ཕྱག་འཚལ་མཆོད་བསྟོད་གསོལ་བ་གདབ། །ཉེ་བའི་སྔགས་བཟླས་བསྐུལ་བྱས་ན། །འཕགས་པ་ཉིད་དང་མཉམ་པར་འགྱུར། །རྟེན་དེ་ཀུན་ལ་བསྟན་མི་བྱ། །
或以银、水晶 作圣尊,供养赞颂, 安置头顶,念咒, 来到城中时, 人们将聚集。 或以象的“chang”、 血与致醉之滴, 在平整布上绘制, 顶礼、供养、赞颂、祈请。 念近心咒而劝动, 将与圣尊相等。 此所依不可示人。
ལ་ཕུབ་སྔགས་ཀྱིས་བཏབ་པ་དབུལ། །ཙན་དན་ཆུའི་སྐུ་ཁྲུས་གསོལ། །དེ་ནི་འཐུང་བསམ་བྱུགས་པ་ཡིན། །ནད་རྣམས་ཀུན་ལས་གྲོལ་བར་འགྱུར། །ཟངས་ཀྱི་ཚོགས་བདག་འཐེ་འོང་ཚད། །བྱས་སྟེ་ལག་གཡོན་སྟེ་བཞུགས་སྟེ་རྒྱལ་པོའི་བུད་མེའི་ཞོ་འཛིན་ནས། །གླང་པོའི་སྣ་ཡིས་ཕུག་བྱས་ཏེ། །བདག་ལ་ཉེ་བར་བརྩེ་བར་བསམ། །མཚན་གྱི་རིག་པ་བཟླས་བྱས་ནས། །དེ་ཉིད་ངེས་པར་འོང་བར་འགྱུར། །
将咒所加持的萝卜奉献, 以檀香水献沐浴。 此水用于饮用、涂抹, 将脱离一切疾病。 作拇指大小的铜众主, 置于左手, 执国王女人之“zho”, 以象鼻穿入, 观其对自己亲爱。 念名字明咒, 彼必定来到。
གསང་སྔགས་འབྲས་བུ་ཉིད་དུ་འདོད། །གཞོན་ནུ་མས་བསྐུལ་སྲད་བུ་ལ༎ མདུད་པ་ཉི་ཤུ་རྩ་གཅིག་བྱས། །སྔགས་རེ་ལྷ་རེ་བསམ་བྱས་པས། །དཔུང་པ་གཡས་ལ་བཅིངས་པ་ན། །དེ་ཉིད་མྱུར་དུ་འགྲུབ་པར་འགྱུར། །གྷི་ཧང་ཀ་ར་བུ་རམ་དང། །སྦྲང་རྩི་རང་གི་ཐིག་ལེ་ལས། །ཚོགས་བདག་བྲིས་སྟེ་དེ་ལ་དམིགས། །ཡི་གེ་བརྒྱ་བ་བཟླས་བྱས་སྟེ། །དེ་ནས་འདོད་པའི་དོན་དམིགས་ནས། །བརྒྱ་རྩ་བརྒྱད་དུ་བཟླས་པས་འགྲུབ། །དེ་ནས་སྐུ་གཟུགས་དར་གྱིས་དྲིལ། །རང་གི་མཆན་ཁུང་གཡོན་པར་སྤ། །དེས་ནི་འདོད་པ་ཀུན་འགྲུབ་འགྱུར། །
欲求秘密咒之果者, 在与少女有关的线上, 打二十一结, 每咒观一尊, 系于右臂, 便能迅速成就。 以g+hi hang ka ra、粗糖、 蜂蜜、自身明点, 绘众主,缘彼, 念百字咒; 然后缘所欲之事, 念一百零八遍即成。 其后用绸包裹身像, 隐藏自己左腋下, 由此成办一切所欲。
འོ་མ་དང་ནི་གླང་གི་ཤ། བུ་རམ་བཅའ་ཡོས་བཅས་པས་ནི། །རི་ལུ་བྱས་སྟེ་ཚོགས་བདག་གི། འཁོར་ལོའི་སྟེང་དུ་ཙན་དན་ཤིང། །བཅེར་སྟེ་མེ་ལ་སྲེག་བས་ནི། །མིང་དང་སྤེལ་བས་དོན་ཀུན་འགྲུབ། །ཞག་བདུན་བར་དུ་བྱས་པས་ནི། །དབུལ་པོ་ཕུན་སུམ་ཚོགས་པར་འགྱུར། །གླང་གི་སོག་པ་ཤ་མེད་ལ། །གཟུགS་བྲིས་དེ་མཛའ་སྔགས་ཀྱིས་བསྐོར། །ནམ་མཁར་བསྟན་པས་སེར་བ་འཆད། །མཉམ་པའི་རས་ལ་ཚོགས་བདག་གི། གཟུགས་བྲིས་དེ་མཛའ་སྔགས་ཀྱིས་བསྐོར། །ཤིང་རིངས་རྩེ་ལ་ཕྱར་བྱས་པས། །ཕ་རོལ་དམག་རྣམས་བཟློག་པ་ཡིན། །
以乳、牛肉、 粗糖、炒谷, 制丸,于众主 轮上堆置檀香木, 火中焚献, 穿插名字,一切义利皆成。 如是行七日, 贫者将获圆满。 在无肉牛肩胛骨上 绘像,周围以友咒围绕, 向虚空展示,冰雹即止。 在平整布上绘众主像, 周围以友咒围绕, 举于长木顶端, 能退敌军。
དེ་སོགས་ལས་རིམས་མ་ལུས་ཀུན། །བླ་མ་མཉེས་ཤིང་ལྷ་མཉེས་པས། །འགྲུབ་འགྱུར་འདི་ནི་མཆོག་དུ་བསྒྲུབ། །བདག་གི་ཚོགས་ཀྱི་བདག་པོ་ཡི། །བསྒྲུབ་ཐབས་རྒྱས་པ་གད་བརྩམས་ལས། །འདོད་དོན་འབྲས་བུ་ལེགས་འགྲུབ་སྟེ། །བྱང་ཆུབ་མཆོག་ལ་སེམས་གཞོལ་ཤོག། ༎
这些等一切事业次第, 由令上师与本尊欢喜而成, 应殊胜修持此法。 由我撰此 广大众主成就法, 愿善成所欲义利之果, 心向最胜菩提!
དཔལ་ཚོགས་ཀྱི་བདག་པོ་དམ་ཚིག་མཆོག་དུ་གསང་བ་ཞེས་བྱ་བའི་བསྒྲུབ་ཐབས། །གྲུབ་པ་ཐོབ་པའི་བླ་མ་ཙ་ན་ཀིར་ཏིས་མཛད་པའོ། །དཔལ་ཚོགས་ཀྱི་བདག་པོ་མཉེས་པར་བྱ་བ་རྫོགས་སོ༎ ༎
《吉祥众主三昧耶最秘密成就法》,已获成就的上师Tsanakirti所造。《令吉祥众主欢喜法》圆满。
རྒྱ་གར་གྱི་རྣལ་འབྱོར་པ་ཆེན་པོ་བྷེ་རོ་ཙ་ན་དང། ལོཙྪ་བ་དྷ་རི་བན་དྷེ་ཆོས་ཀྱི་གྲགས་པས། །ཉང་སྨད་རྨ་ལུང་གི་གནས་སུ་བསྒྱུར་བའོ། །ལྷོ་ཕྱོགས་ཀྱི་རྒྱལ་པོ་གྷུ་ན་སོ་སྒྲ་པ་དེས་པན་ཏྲི་ཏ་ནག་པོ་དཔལ་འཛིན། དེས་རྣལ་འབྱོར་བ་ཀ་ན་ཙ་ན་ར། དེ་བླ་མ་ཙན྄་ཀིར་ཏི། དེས་བླ་མ་ཏ་ཐཱ་ག་ཏ་ར་ཀྲི་ཏ། དེས་བླ་མ་ཛིན་ཀ་ཤྲཱི་ལ། དེས་བླ་མ་དྷོ་རོ་ཙ་ནའོ། །
印度大瑜伽者Bherotsana与译师达日班德·法称,于娘麦玛隆处翻译。 南方国王Ghu na so sgra pa传班智达黑吉祥持,彼传瑜伽者Ka na tsa na ra,彼传上师Tsan?kirti,彼传上师Tathāgatarakrita,彼传上师Dzinkaśrī,彼传上师Dhorotsana。
དངོས་གྲུབ་འབྱུང་བའི་རྒྱུད་དང། །རྡོ་རྗེ་སེམས་དཔའ་ཞུས་ལན་གྱི་རྒྱུད་དང། །བླ་མནན་ཅི་ནི་རའི་གདམས་པ་གསུམ་ལ་བརྟེན་ནས་བརྩམས་པའོ། །བསྒྲུབ་ཐབས་མཆེ་བ་ཡིན། །གཞན་འདི་བས་ཆུང་བ་མང་པོ་བཞུགས་སོ། །ཟབ་མོ་ཡིན་ཟེར། འདི་ལ་ཡི་གེ་ལོགས་པ་ནི་ཅི་ཡང་མི་བདོག་གོ་།ལུང་གཅིག་ཡོད་ན་ཉམས་སུ་བླངས་པས་ཆོག་པ་ཡིན་བླ་མས་གསུངས་སོ༎
此依《成就出生续》、《金刚萨埵问答续》与“bla mnan ci ni ra”的教言三者而造。此为大成就法,另有许多比此简短者。说此甚深。此中无任何错字;只要有一传承,依之实修即可——上师如是说。
