班禅丹贝尼玛补编《梅扎空行持明游戏母修法》

语种:藏文语种:中文原文语种:藏文
出处与说明

原英译者:

本站中文译审:AI 初译及校读,审校范围见出处与说明

版本说明:

《本尊成就法宝源补编·宝源明义》W1KG10237 卷一印 350.6–367.5

原文 ↗

简体中文藏汉对照工作稿,已整理偈颂和咒语格式,待全篇独立审校。底本为班禅丹贝尼玛编《本尊成就法宝源补编·宝源明义》,BDRC W1KG10237,卷 1 `ga`,I1KG10239,原刻叶 175b6–184a5,Lokesh Chandra 影印本印页 350 第 6 行后段至 367 第 5 行中段,文件名末码 0382–0399。以下版面行号按正文栏由上往下数,转行而未完句照录。藏文是据木刻图校读的 Unicode 工作释录,经 EWTS 转录。参校多罗那他《成就法宝源》北京本 UT1PD45495_029_0002 的坛场及随许段,字句依木刻判定。方括号内的省缺标记指待辨字组,源行与译段同处列明。文末下一篇题首“两面金刚亥母”不入译文。

版本目录 · 影印卷图册 · 原刻目次条目 33 · 首行 · 尾行。

- 印 350–367 对应图文件末码 0382–0399。印 350 第 6 行由 `me tri mkha' spyod rig pa 'dzin pa rtsen ma zhes bya ba la` 起,印 367 第 5 行以 `rjes chog spyi dang 'dra'o` 止。在后一处同一行仍见下一篇题首 `phag mo zhal gnyis ma`。 - 同作品的 BDRC W3KG1042(I3KG3862、I3KG3863)卷一馆录总页数 777,公开图册响应中有 41 幅画布。未取得该版目标页作逐句对校。 排印版关联卷 · 卷一图册 - 本轮依据本稿既有 Unicode 释录,从印 350.6 至 367.5 逐节检查显见的种子字、咒文、原引范围及偈颂分组。抽核印 351–353 的合集、披甲、灌顶与赞颂,印 357–358 的祈请与瓶生,以及印 359 的略引至随许祈请。此轮采用既存木刻释录,未重新对全篇书影,未作全量语义独审。源咒字的拉丁层为工作转写,中文音译据本站统一读法拟写。 - 印 351.2、352.6、362 三处六对字,以及印 353.1–2 的灌顶祈请,先依现有释录工作转写,仍待核木刻字形。印 357.6–358.1 的瓶生由 `paṃ` 字生莲花,随后由 `baṃ` 字生金刚亥母,分别保留所见字形及各自读音。 - 印 353.2–3 与 358.2 的供乐咒引字 `ཤཔྟ` 音译待核。印 358.2 饮水供咒、361.3 献花咒所见 `པྲ་ཏཱིཏྶཚ` 待对图定读,其余已知音节与原咒字形一并列出。 - 印 355.6 生五肉五甘露的两个字组待核,印 356.2–3 咒尾 `aralle` 等分读待核。印 359.5–6 蒙眼、递花咒汉音沿用初译暂读,梵音待核。印 360.1–2 密誓咒第二句两处原字缺识,藏文保留省缺。印 361.3–4 偈颂第三行句义仍待核。 - 印 353、356、365 三次写出全咒,均在译文原位完整呈现。印 364 的八句为含藏语义句的整组长咒,各句起音 `oṃ`、结音 `hūṃ hūṃ phaṭ` 保留在八行中文对应处,原咒全八行保留在藏文引用层。 - 译注范围与进度为木刻影像对读初稿。印 354 坛场用具、364 颅器、365–366 持气、喜旋及授行仪观想,已以多罗那他北京版对应段定位并回看木刻。印 359 第 3–4 行以首词及末词略引祈请偈,照本呈现。 多罗那他坛场及随许段

本轮咒音与疑读记录

- [353.1–6 前段] 迎请、灌顶、供赞与持诵,`ཤཔྟ`,中文音读有待核处。 - [355.4 后段–356.5] 施食加持与供奉:印 355 第 6 行,产生五肉、五甘露的字组待核。 - [358.2 后段–359.2 前段] 供瓶尊与加持瓶水,`ཤཔྟ`,中文音读有待核处。 - [359.2 后段–360.3 前段] 为弟子洗净、授记与持守密语,`སུ་ར་དེ་ས་མ་ཡ་སྟྭཾ་ཧོཿ། ལ་[…]་བཛྲ་ཡ་[…]་མི`,拉丁转写待校。 - [361.3 后段–5 前段] 戴花、开眼与遣障,`ཨོཾ་པྲ་ཏཱིཏྶཚ་བཛྲ་ཧོཿ`,拉丁转写待校。

段落定位 350.6 后段–351.3、351.3 后段–352.1 前段、352.1 后段–353.1 前段、353.1–6 前段、353.6 后段–354.6、355.1–4、355.4 后段–356.5、356.5 后段–357.3 前段、357.3 后段–358.2 前段、358.2 后段–359.2 前段、359.2 后段–360.3 前段、360.3 后段–361.3 前段、361.3 后段–5 前段、361.5 后段–363.3 前段、363.3 后段–364.5 前段、364.5 后段–365.4 前段、365.4 后段–366.3 前段、366.3 后段–367.2 前段、367.2 后段–367.5 中段。

返回梅哲空行母专题

མེ་ཏྲི་མཁའ་སྤྱོད་རིག་པ་འཛིན་པ་རྩེན་མ་ཞེས་བྱ་བ་ལ། སྐྱབས་སེམས་སྔོན་དུ་འགྲོ་བས་རང་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མར་གྱུར། སྲིན་ལག་གཡོན་པས་ནང་མཆོད་ལ་ཆོས་འབྱུང་གྲུ་གསུམ་འདྲི་ཚུལ་དུ་བྱེད་ཅིང། ཨོཾ་ཨཱཿ་ཧཱུཾ། དབུས་སུ་བཾ་བདུད་རྩིའི་རྒྱ་མཚོར་གྱུར།

གཡས་པའི་སྲིན་ལག་གིས་གཡོན་པའི་ལག་མཐིལ་དང་མཐེའུ་ཆུང་ལ་སོགས་པ་སོ་སོའི་རྩེ་མོར་བདུད་རྩི་གཏོར་ཞིང། ཨོཾ་བཾ། ཧཾ་ཡོཾ། ཧྲཱིཾ་མོཾ། ཧྲོཾ་ཧྲཱིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ལག་པ་ཕན་ཚུན་མཉེ་ཞིང་ཡིག་འབྲུ་རྣམས་རང་གནས་སུ་འོད་དུ་ཞུ་ཞིང་ཐིམ། ཨོཾ་ཨཱཿ་ཧཱུཾ་ཞེས་བདུད་རྩི་མྱང། ཨོཾ་ཨཱཿ་ཧཱུཾ་ཞེས་གནས་གསུམ་དུ་ཐིག་ལེ་བྱ།

称为“梅扎空行持明游戏母”的这一法,先以皈依发心作前行。自身刹那化为金刚瑜伽母。左手无名指在内供上作绘三角形法源之势,诵三字〔梵文 oṃ āḥ hūṃ · 藏文 ཨོཾ་ཨཱཿ་ཧཱུཾ · 中文 嗡 阿 吽〕,中央由〔梵文 baṃ · 藏文 བཾ · 中文 邦〕字化为甘露大海。

用右手无名指将甘露洒在左手掌心及小指等各指尖,同时诵六组二字句〔梵文 oṃ baṃ | haṃ yoṃ | hrīṃ moṃ | hroṃ hrīṃ | hūṃ hūṃ | phaṭ phaṭ · 藏文 ཨོཾ་བཾ། ཧཾ་ཡོཾ། ཧྲཱིཾ་མོཾ། ཧྲོཾ་ཧྲཱིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ · 中文 嗡 邦、杭 雍、赫林 莫姆、赫隆 赫林、吽 吽、帕特 帕特〕。双手相摩,各字在本处融光收摄。念〔梵文 oṃ āḥ hūṃ · 藏文 ཨོཾ་ཨཱཿ་ཧཱུཾ · 中文 嗡 阿 吽〕尝甘露,再念〔梵文 oṃ āḥ hūṃ · 藏文 ཨོཾ་ཨཱཿ་ཧཱུཾ · 中文 嗡 阿 吽〕在身、语、意三处点滴。

དེ་ནས་སྟོང་པར་སྦྱང་བ་ནི་གོང་བུ་བསྡུ་བ་དང། རྗེས་སུ་གཞིག་པ་གང་རུང་ལས་དང་པོ་ལྟར་ནི།

རང་ལུས་སུམ་ཅུ་རྩ་དྲུག་ཁམས་ཀྱི་ཚོགས་༎
མིག་སྣ་རྣ་ལྕེ་ལུས་ཏེ་དབང་པོ་ལྔ་༎
ངག་དང་རྐང་ལག་བཤང་གཅི་ལས་དབང་ལྔ་༎
རང་བཞིན་དག་ཀྱང་དེ་ལྟར་མ་རྟོགས་པའི་༎
མ་ལུས་འགྲོ་དྲུག་སེམས་ཅན་ཚོགས་༎
ལས་དང་ཉོན་མོངས་སྡུག་བསྔལ་གྱི་༎
འཁོར་ལོ་བསྐོར་བ་འདི་དག་ནི་༎
ངེས་པར་བྱང་ཆུབ་ལ་གཞུག་བྱ་༎

སྙིང་གའི་བཾ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་འོད་དུ་ཞུ། རང་ལུས་ལ་ཐིམ། རང་གི་རྐང་པ་གཉིས་ནི་བརླ་གཉིས་ལ། དེ་ལྟོ་བ་ལ། དེ་རྐེད་པ་ལ། དེ་ཡང་སྙིང་ག་ལ། ལག་པ་གཉིས་ནི་དཔུང་པ་ལ་ཐིམ། དེ་ཡང་སྙིང་ག་ལ། དེ་མགྲིན་པ་ལ། དེ་མགོ་བོ་ལ་ཐིམ། དེ་ཡང་སེམས་ལ་ཐིམ། སེམས་ཉིད་ཀྱང་ནམ་མཁའ་ལ་ཐིམ། ནམ་མཁའ་ཡང་རང་བཞིན་གྱི་འོད་གསལ་བ་ལ་ཐིམ།

随后修空性,可用合集或随毁两者之一。第一种如下。

自身是三十六界之聚,
眼、鼻、耳、舌、身是五根,
语、腿、手、排便、排尿是五作根。
自性本净,却未如是了悟,
所有六道的有情,
在业、烦恼和苦的
轮中流转。
当引导他们趋入菩提。

心间〔梵文 baṃ · 藏文 བཾ · 中文 邦〕字放光,三界的器世间和有情融为光,融入自身。两脚融入两大腿,腿融入腹,腹融入腰,腰又融入心间。两手融入两臂,臂融入心间,心间融入喉,喉融入头,头又融入心。心融入虚空,虚空又融入本性光明。

སྟོང་པའི་ངང་ལས་སྐད་ཅིག་གིས་བསྐྱེད་པའམ། ཆོས་འབྱུང་ནམ་མཁའི་ཁམས་ཀྱི་ནང་དུ་པད་ཉི་ལ་གནས་པའི་བཾ་ཡིག་ལས་རང་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་རིག་པ་འཛིན་པ་རྩེན་མའི་སྐུར་གྱུར་པ་ནི། ཛ་པའི་མེ་ཏོག་ལྟར་རབ་ཏུ་དམར་བའི་མདངས་ཅན། ཞལ་གཅིག་ཕྱག་གཉིས་མཆེ་བ་གཙིགས་ཤིང། ཁྲོ་གཉེར་དང་བཅས་པའི་གདོང་སྟེང་དུ་ཕྱོགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྟེང་དུ་གཟིགས་པ། དབུ་སྐྲ་ནག་པོ་གསིལ་བུར་གྲོལ་ཞིང། ཐུར་དུ་འཕྱང་བ།

ཕྱག་གཡོན་པས་ཐོད་པ་བདུད་རྩིས་གང་བ་བཟུང་ནས་ཞབས་གཡོན་པའི་སྒྱིད་ཁུང་ནས་འཁྱུད་དེ་སྟེང་དུ་བཏག་ནས་བདུད་རྩིའི་རྒྱུན་ཞལ་དུ་འབབ་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འཛིན་པས་ཞབས་གཡས་ཀྱི་རྟིང་པའི་ཕྱོགས་སུ་བསྣུན་པ། ཞབས་གཡས་འཕུར་སྟངས་སུ་ཅུང་ཟད་བརྐྱང་བ། ཀླུ་ཤིང་གི་མེ་ཏོག་གི་ཕྲེང་བ་ཕྱག་གཡོན་པ་ན་བསྣམས་པ། གཅེར་བུ་རྒྱན་སྤངས་ཤིང། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ་༎

གནས་རྣམས་སུ་ཟླ་བའི་གདན་ལ་ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲཱིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲོཾ་ཧྲཱིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཚིགས་ཆེན་ཐམས་ཅད་ལ་ཕཊ་ཕཊ་དང་ཁ་ཙཎྜཱི་ཀའི་ངོ་བོ་རྣམས་སུ་གྱུར། ཞེས་གོ་ཆ་བཅིངས།

在空性中刹那生起,或观法源的虚空界中,莲花日轮上的〔梵文 baṃ · 藏文 བཾ · 中文 邦〕字化为自己,即薄伽梵母金刚亥母持明游戏母。她如阇巴花般鲜红,一面二臂,龇牙,皱眉向上。三个红而圆的眼睛仰视,黑发松解下垂。

左手持盛满甘露的颅器,自左腿膝窝绕过,提起颅器,甘露流入口中。右手持五股金刚杵,向右脚跟方向击去。右腿稍伸,作飞翔姿势,左手还持龙树花鬘。身裸,无饰物,安住于炽燃的智慧火聚中央。

在各处月轮座上,脐处〔梵文 oṃ baṃ · 藏文 ཨོཾ་བཾ · 中文 嗡 邦〕化为红色金刚亥母,心间〔梵文 haṃ yoṃ · 藏文 ཧཾ་ཡོཾ · 中文 杭 雍〕化为蓝色阎魔母,口处〔梵文 hrīṃ moṃ · 藏文 ཧྲཱིཾ་མོཾ · 中文 赫林 莫姆〕化为白色迷惑母,额间〔梵文 hroṃ hrīṃ · 藏文 ཧྲོཾ་ཧྲཱིཾ · 中文 赫隆 赫林〕化为黄色震动母,顶上〔梵文 hūṃ hūṃ · 藏文 ཧཱུཾ་ཧཱུཾ · 中文 吽 吽〕化为绿色惊怖母。各大关节以〔梵文 phaṭ phaṭ · 藏文 ཕཊ་ཕཊ · 中文 帕特 帕特〕化为佉旃荼迦的体性。如是披甲。

རང་བཞིན་གྱི་གནས་ནས་རྡོ་རྗེ་ཕག་མོའི་ལྷ་ཚོགས་ཐམས་ཅད་ཕེ། ཛཿ་ཧཱུཾ་བཾ་ཧོཿ། སྙིང་གའི་བཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཨ་བྷི་ཥི་ཉྩ་ཏུ་མཱཾ་སརྦ་ཏ་ཐཱ་གཱ་ཏ་ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས་དེ་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང། དྲི་མ་དག། ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམས།

མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད།

དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་༎
མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར་༎
ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད་༎
འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ་༎

ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ་༎
ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་༎
འཇིག་རྟེན་བྱ་བ་རབ་འཇུག་མ་༎
དེ་སྙེད་རྣམས་ལ་ཕྱག་འཚལ་ལོ་༎

དེ་ནས་བཟླས་པ་ནི་ཐོག་མའི་གནས་སུ་བྱིན་པར་མོས་ལ། སྙིང་གར་ཆོས་འབྱུང་དང། སྔགས་འཁོར་གསལ་བཏབ། འདིའི་རྒྱུད་གཞུང་ལ་སྔགས་ཚན་གསུམ་ལ་ཨོཾ་རེ་རེ་སྦར་བ་ཡོད་ནའང། ལག་ལེན་དང་མན་ངག་ལ་ཨོཾ་གསུམ་མ་ཁོ་ན་བཟླ་བར་མཛད་དེ། སྤྱི་བསྲུང་གི་དམིགས་པ་དང་འཚམས་བཞིན་པས། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླའོ་༎

从其本处迎请金刚亥母的全体尊众,发〔藏文 phe · 藏文 ཕེ · 中文 呸〕声,诵〔梵文 jaḥ hūṃ baṃ hoḥ · 藏文 ཛཿ་ཧཱུཾ་བཾ་ཧོཿ · 中文 扎 吽 邦 霍〕。从心间〔梵文 baṃ · 藏文 བཾ · 中文 邦〕字放光,迎请五部灌顶尊住于面前虚空。祈请〔梵文 oṃ abhiṣiñcatu māṃ sarva tathāgāta · 藏文 ཨོཾ་ཨ་བྷི་ཥི་ཉྩ་ཏུ་མཱཾ་སརྦ་ཏ་ཐཱ་གཱ་ཏ · 中文 嗡 阿毗辛嘉图 芒 萨尔瓦 达塔嘎达〕。诸灌顶尊从“如是降生”起,最后诵〔梵文 śrīye hūṃ · 藏文 ཤྲཱི་ཡེ་ཧཱུཾ · 中文 室利耶 吽〕,以瓶水灌顶。观水充满身体,洗净垢染,溢出的水向上化成不动佛顶饰。

加持供品,以从饮水到乐声的供品奉献。供养咒由〔梵文 oṃ arghaṃ · 藏文 ཨོཾ་ཨརྒྷཾ · 中文 嗡 阿尔冈〕诵至〔藏文 ཤཔྟ · 中文 待核〕。

吉祥金刚空行母,
转动空行母之轮,
五智与三身本体,
顶礼救护众生者。

所有金刚空行母,
斩断分别的系缚,
善行世间诸事业,
我向诸母皆顶礼。

接着持诵。观本尊仍在最初所安之处,在心间清楚观法源与咒轮。此法根本续对三段咒语各置一〔梵文 oṃ · 藏文 ཨོཾ · 中文 嗡〕字,实际行持与教授只诵三嗡式,合于共通防护的观想。诵下咒。

藏文 ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ
梵文 oṃ oṃ oṃ sarva buddha ḍākinīye | vajra varṇanīye | vajra vairocanīye hūṃ hūṃ hūṃ phaṭ phaṭ phaṭ svāhā
中文 嗡 嗡 嗡 萨尔瓦 布达 达吉尼耶。瓦吉拉 瓦尔纳尼耶。瓦吉拉 韦罗嘉尼耶 吽 吽 吽 帕特 帕特 帕特 斯瓦哈。

འདིའི་བྱིན་རླབས་ཀྱི་སྒོ་ནས་སློབ་མའི་རྗེས་སུ་གནང་བར་འདོད་པས། བྲིས་སྐུ་ལ་སོགས་པའི་དྲུང་དུ། མཎྜལ་ཆོས་འབྱུང་དམར་པོ་གྲུ་གསུམ་རེ་ཁ་དཀར་པོའི་པད་མ་འདབ་བརྒྱད་བྲིས་པའི་སྟེང་དུ་མཉྫི་ལ་ཐོད་པ་བདུད་རྩིས་གང་བ། དེའི་སྟེང་དུ་མེ་ལོང་ལ་ཆོས་འབྱུང་གི་དབུས་སུ་རྗེ་བཙུན་མའི་སྐུ་བརྙན་མེ་རིས་དང་བཅས་པ། རི་གཉིས་དང། ཤིང་དང། ཁང་བཟང་སོགས་ཀྱང་འབྲི། ཕྱོགས་བཞིར་དགའ་འཁྱིལ་བཞི་ཡང་བཀོད།

སྟེང་ནས་དར་དམར་པོའི་གུར་ཕུབ། ཆུ་གཉིས་ཉེར་སྤྱོད་ལྔ་ཤ་ཁྲག་གིས་བརྒྱན་པའི་གཏོར་མ་བརྒྱད། ཀ་པཱ་ལའམ། གང་ཡང་རུང་བའི་སྣོད་བཅུ་ལས་ཤ་ལྔ་དང། ལྔ་ཆང་གིས་བཀང། བུམ་པ་སྤྱི་དང་མཐུན་པར་བྱས་པ་ཞིག་གི་ཕྱོགས་བཞིར་ཐོད་གཟུགས་སམ། དུང་ཆོས་བདུད་རྩིའི་ཆུས་གང་བ་བཞི་བཞག། རང་གི་མདུན་དུ་རྡོར་དྲིལ་ནང་མཆོད། ཌཱ་མ་རུ། སྔོན་འགྲོ་གཏོར་མ་རྣམས་དང། མིག་དར་མེ་ཏོག་སོགས་དགོས་པའི་ཡོ་བྱད་རྣམས་ཀྱང་ཚང་བར་བྱས་ལ། བདེ་མཆོག་གི་ཆོ་ག་ལྟར་སྔོན་འགྲོ་གཏོར་མ་གནས་ཡོ་བྱིན་རླབས་སོགས་རྣམས་བྱ།

བདུད་རྩི་བྱིན་རླབས་ནས་བཟླས་པའི་བར་གོང་དུ་བསྟན་པ་བཞིན་བདག་བསྐྱེད་དང། མདུན་བསྐྱེད་པ་སངས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་ནམ་མཁའི་ཁམས་ཀྱི་ནང་དུ་པད་ཉི་ལ་གནས་པའི་བཾ་ཡིག་ལས། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་རིག་པ་འཛིན་པ་རྩེན་མའི་སྐུར་གྱུར་པ་ཞེས་པ་ནས། ཚིགས་ཆེན་ཐམས་ཅད་ལ་ཕཊ་ཕཊ་དང་ཁ་ཙཎྜཱི་ཀའི་ངོ་བོ་རྣམས་སུ་གྱུར། ཞེས་གོ་ཆ་བཅིངས།

欲经由此加持向弟子授随许时,在绘像等前绘三角形红法源,白线绘八瓣莲。其上安曼济座,座上安盛满甘露的颅器。在上方镜面法源的中央画至尊母影像,周有火焰。两山、树木、宫殿等按图布置,又在四方各绘一枚喜旋。

上方张红绢帐,陈列二水、五种近供、以肉血为饰的八份施食。用颅器或其他可用的器皿十只,盛五种肉和五种酒。依通例备一宝瓶,四方安四只盛甘露水的颅形器或法螺。自己前方备金刚杵、铃、内供、手鼓、前行施食、蒙眼布、花等所需器物。如胜乐仪轨作前行施食、加持处所与资具等。

从加持甘露到持诵,按上文所说,自生本尊。清净对面所生,从空性中,在法源的虚空界内,于莲花日轮上由〔梵文 baṃ · 藏文 བཾ · 中文 邦〕字化为薄伽梵母金刚亥母持明游戏母。由此直到观各大关节以〔梵文 phaṭ phaṭ · 藏文 ཕཊ་ཕཊ · 中文 帕特 帕特〕化为佉旃荼迦的体性,依前披甲。

རང་བཞིན་གྱི་གནས་ནས་རྡོ་རྗེ་ཕག་མོའི་ལྷ་ཚོགས་ཐམས་ཅད་ཕེ། ཛཿ་ཧཱུཾ་བཾ་ཧོཿ། སྙིང་གའི་བཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས་དེ་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང། བུམ་པའི་ཆུས་དབང་བསྐུར། སྐུ་གང། དྲི་མ་དག། ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམས།

ལྟེ་བར་ཆོས་འབྱུང་ཟུར་དྲུག་པའི་ནང་དུ་ཟླ་བ་ལ་སྔགས་ཕྲེང། གྲྭ་བཞིར་དགའ་བ་འཁྱིལ་བ་བཞི་དང་བཅོས་པ་གསལ་བཏབ་ནས། འོད་ཟེར་སྤྲོ་བསྡུ་ལ་སེམས་གཏད་དེ་བཟླས་པ་བྱ། མཆོད་པ་བླ་མེད་ལྟར་བྱིན་གྱིས་བརླབས། མཆོད་བསྟོད་བདག་བསྐྱེད་ཀྱི་སྐབས་སུ་བཤད་པ་བཞིན་བྱེད།

从其本处迎请金刚亥母全体尊众,发〔藏文 phe · 藏文 ཕེ · 中文 呸〕声,再诵〔梵文 jaḥ hūṃ baṃ hoḥ · 藏文 ཛཿ་ཧཱུཾ་བཾ་ཧོཿ · 中文 扎 吽 邦 霍〕。心间〔梵文 baṃ · 藏文 བཾ · 中文 邦〕字放光,迎请五部灌顶尊住于面前虚空。祈请:“愿一切如来为此尊现前灌顶。”诸灌顶尊从“如是降生”起,最后诵〔梵文 śrīye hūṃ · 藏文 ཤྲཱི་ཡེ་ཧཱུཾ · 中文 室利耶 吽〕,以瓶水灌顶。观水充满身体,洗净垢染,溢水向上化为不动佛顶饰。

清楚观脐间六角形法源内,月轮上有咒鬘,四角有四喜轮转。将心专注于光明放射与收回而持诵。依无上仪轨加持供品,依上文自生段行供养和赞颂。

གཏོར་མ་བྱིན་རླབས་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་མ་རྣམས་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དང། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ། དཔྲལ་བ་རང་ལ་བསྟན་པ་ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ནི། གོད་ངུལ་ལས་ཤ་ལྔ། མུ་དྷི་མ་སྐུ་ལ་ལས་བདུད་རྩི་ལྔ་རྣམས། ཧཱུཾ་ཧཱུཾ་བཾ་ཧྲིཿ་ཨོཾ་ཡཾ་ཞེས་ལྔའི་ངོ་བོ་མཚོན་པ་དྲུད་གཡོས་མེ་སྦར་ཞུ་ཞིང་ཁོལ་བ། རང་གི་སྙིང་གའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་བསྟིམ་པས། གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།

ཨོཾ་ཨཱཿ་ཧཱུཾ་ཧ་ཧོ་ཧྲཱིཿ་ཞེས་བྱིན་གྱིས་བརླབས་ནས། གཏོར་མ་རེ་རེ་བཞིན་ཨོཾ་ཨཱཿ་ཧཱུཾ་ལན་གསུམ་གསུམ་བརྗོད། གཏོར་མ་དང་པོ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མེད་པར་མོས་ལ།

加持施食时,以〔梵文 sumbha · 藏文 སུམྦྷ · 中文 苏姆巴〕净除障碍,以〔梵文 svabhāva · 藏文 སྭ་བྷཱ་ཝ · 中文 斯瓦巴瓦〕清净。空性中,施食下方由〔梵文 yaṃ · 藏文 ཡཾ · 中文 样〕字化为风轮,由〔梵文 raṃ · 藏文 རཾ · 中文 让〕字化为火轮。二轮上方,〔梵文 a · 藏文 ཨ · 中文 阿〕字化为三片相接的白颅器,额部朝己,外白内红,广大宽阔。器中〔待核〕生出五肉、五甘露,以〔梵文 hūṃ hūṃ baṃ hriḥ oṃ yaṃ · 藏文 ཧཱུཾ་ཧཱུཾ་བཾ་ཧྲིཿ་ཨོཾ་ཡཾ · 中文 吽 吽 邦 赫利赫 嗡 扬〕诸字标其本体。风动火燃,诸物融化沸腾。自己心间放光,迎请并融入智慧甘露,施食遂成无漏智慧甘露的大海。

诵〔梵文 oṃ āḥ hūṃ ha ho hrīḥ · 藏文 ཨོཾ་ཨཱཿ་ཧཱུཾ་ཧ་ཧོ་ཧྲཱིཿ · 中文 嗡 阿 吽 哈 霍 赫利赫〕作加持。每份施食各诵〔梵文 oṃ āḥ hūṃ · 藏文 ཨོཾ་ཨཱཿ་ཧཱུཾ · 中文 嗡 阿 吽〕三遍。第一份观上师与坛城主母无二,诵下列三嗡式及所附咒尾七遍奉献。

藏文 ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཨ་ར་ལླེ་ཧོ་ཛཿ་ཧཱུཾ་བཾ་ཧོཿ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ
梵文 oṃ oṃ oṃ sarva buddha ḍākinīye | vajra varṇanīye | vajra vairocanīye hūṃ hūṃ hūṃ phaṭ phaṭ phaṭ svāhā | oṃ vajra aralle ho jaḥ hūṃ baṃ hoḥ vajra ḍākinī samaya stvaṃ | dṛśya ho
中文 嗡 嗡 嗡 萨尔瓦 布达 达吉尼耶。瓦吉拉 瓦尔纳尼耶。瓦吉拉 韦罗嘉尼耶 吽 吽 吽 帕特 帕特 帕特 斯瓦哈。嗡 瓦吉拉 阿拉雷 霍 嘉赫 吽 邦 霍 瓦吉拉 达吉尼 萨玛雅 斯特旺 德利夏 霍。

། ཞེས་བཏགས་པ་ལན་བདུན་གྱིས་ཕུལ་༎

མཆོད་བསྟོད་དང།

ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་༎
དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ་༎
བདེན་པ་དེས་ནི་ལྷ་མོ་དེ་དག་གིས་༎
བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་༎

ཅེས་གསོལ་བ་བཏབ། གཏོར་མ་གཉིས་པ་ནག་པོ་ཆེན་པོ་སོགས་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་རྣམས་ལ་འབུལ། དེ་ནས་གཏོར་མ་ལྔ་གོང་དུ་བསྟན་པ་ལྟར་མཁའི་འགྲོ་སྡེ་ལྔ་ལ་འབུལ་ཏེ།

供养、赞颂后,祈请如下。

天女可信,誓言可信,
她所说的话也是最上量。
凭此真实,愿这些天女
成为摄受我的助缘。

第二份施食供大黑天等出世护法。随后如上文所示将五份施食供五部空行母。

མཐར་ཨོཾ་ཨརྒྷཾ་ལ་སོགས་པས་ཕྱི་མཆོད་དང། འབྲུ་གསུམ་གྱིས་ནང་མཆོད་དང།

མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་༎
རྡོ་རྗེ་དབྱིངས་ནི་མཁའ་བས་ཆེ་༎
རྡོ་རྗེ་གསུང་མཆོག་དཀྱིལ་འཁོར་གསུམ་༎
གསང་བའི་དབྱིངས་ལ་ཕྱག་འཚལ་ལོ་༎

རྣམ་པར་སྣང་མཛད་དགའ་བ་ཆེ་༎
རྡོ་རྗེ་ཡི་ནི་དགའ་བ་ཆེ་༎
རང་བཞིན་འོད་གསལ་མཆོག་གི་མཆོག་༎
སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ་༎

རིན་ཆེན་རྒྱལ་པོ་རབ་ཏུ་གྲགས་༎
རྡོ་རྗེ་མཁའ་འདྲ་དྲི་མ་མེད་༎
རང་བཞིན་དག་པ་དགོས་པ་མེད་༎
རྡོ་རྗེ་སྐྱེ་ལ་ཕྱག་འཚལ་ལོ་༎

རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ་༎
མི་རྟོག་མཐའ་མེད་རྡོ་རྗེ་འཛིན་༎
འདོད་ཆགས་པ་རོལ་ཕྱིན་པ་བརྙེས་༎
རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ་༎

དོན་ཡོད་རྡོ་རྗེ་ཐོགས་ལས་རྒྱལ་༎
བསམ་པ་ཐམས་ཅད་རྫོགས་མཛད་པ་༎
དག་པའི་རང་བཞིན་ལས་བྱུང་༎
རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ་༎

ཞེས་དེ་ཉིད་ལྔ་པས་བསྟོད། མཆོད་སྦྱིན་གཏོར་མ་སོགས་འདོད་དོན་གསོལ་བ་གདབ། གཏོར་མ་ཐ་མ་དང་པོར་གཞི་བདག་ལ་འབུལ་ཞིང་ལྷག་མ་ཨ་ཀཱ་རོས་རིགས་དྲུག་སྤྱིར་བསྔོ།

末了用〔梵文 oṃ arghaṃ · 藏文 ཨོཾ་ཨརྒྷཾ · 中文 嗡 阿尔冈〕等作外供,以三字作内供,诵五真实赞。

不动金刚广大智,
金刚界比虚空广,
殊胜金刚语三坛城,
顶礼秘密法界。

遍照广大欢喜,
金刚的广大欢喜,
本性光明最殊胜,
顶礼金刚导师。

宝王极负盛名,
金刚如虚空无垢,
本性清净,无所求,
顶礼金刚生。

无量金刚大王,
无分别无边金刚持,
证得贪欲波罗蜜,
顶礼金刚语。

不空金刚胜过障碍,
圆满所有心愿,
从清净本性出生,
顶礼金刚萨埵。

以供养和施食等祈求愿事。最后一份施食先供地主,余食以〔梵文 akāro · 藏文 ཨ་ཀཱ་རོ · 中文 阿嘎罗〕总回向六道。

དེ་ནས་སློབ་དང་བཅས་པས་རྡོར་དྲིལ་འཁྲོལ་བས།

བཅོམ་ལྡན་ཡེ་ཤེས་རྒྱལ་མོ་མཆོག་༎
རིག་འཛིན་རྒྱལ་མོ་ལ་ཕྱག་འཚལ་༎
སྙིང་རྗེའི་བདག་ཉིད་དཀྱིལ་འཁོར་དུ་༎
སློབ་མ་འཇུག་པར་འཚལ་ལགས་ན་༎

ཇི་ལྟར་རྒྱལ་བ་ཀུན་གྱིས་ཁྱོད་༎
ཡེ་ཤེས་རྒྱ་མཚོར་བྱིན་བརླབས་པ་༎
དེ་བཞིན་དུ་ནི་ཡེ་ཤེས་ཅན་༎
སེམས་ཅན་འདི་ལ་བྱིན་བརླབ་རིགས་༎

ཞེས་ལན་གསུམ་གྱིས་སློབ་མའི་དོན་དུ་གསོལ་བ་བཏབ། བུམ་པའི་མཆོད་པ་གོང་ལྟར་བྱིན་གྱིས་བརླབས། བུམ་པ་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྷ་རྫས་ཀྱི་གོས་ཀྱི་མགུལ་ཆིངས་དང། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ཆུ་དང་སྨན་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ་ཆོས་འབྱུང་ནམ་མཁའི་ཁམས་ཀྱི་ནང་དུ་པད་ཉི་ལ་གནས་པའི་བཾ་ཡིག་ལས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཞེས་པ་ནས་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ཞེས་པའི་བར་མདུན་བསྐྱེད་བཞིན་བྱེད།

然后和弟子一起振金刚杵铃,三诵此偈,为弟子祈请。

薄伽梵母最胜智慧王母,
我向持明王母顶礼。
以悲心为体的坛城,
愿您准许弟子进入。

如同一切胜者
加持你成智慧大海,
具智母,也请如是
加持这位有情。

瓶供依前加持,以〔梵文 sumbha · 藏文 སུམྦྷ · 中文 苏姆巴〕净除瓶的障碍,以〔梵文 svabhāva · 藏文 སྭ་བྷཱ་ཝ · 中文 斯瓦巴瓦〕清净。空性中,由〔梵文 paṃ · 藏文 པཾ · 中文 帕姆〕字化为莲花,由〔梵文 a · 藏文 ཨ · 中文 阿〕字化为月轮,上面由〔梵文 bhrūṃ · 藏文 བྷྲཱུཾ · 中文 布鲁姆〕字化为宽广的宝瓶,瓶颈系天衣,瓶口饰如意树,瓶中充满水和诸药。瓶中央,法源虚空界内,莲花日轮上的〔梵文 baṃ · 藏文 བཾ · 中文 邦〕字化为薄伽梵母金刚亥母。从此句至溢水化为不动佛顶饰,按上文对面生起本尊段行持。

ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཏྶཚ་སྭཱ་ཧཱ་ཞེས་པ་ནས་ཤཔྟའི་བར་བརྗོད། ཨོཾ་བཛྲ་གནྡྷེ་ར་ཎི་ཏ་ནས་ཨ་ཁཾ་ཞེས་པས་མཆོད། ཨོཾ་གསུམ་མའི་རྗེས་སུ་རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་མཆོད་པར་འབུལ་ལོ། ཨོཾ་ཨཱཿ་ཧཱུཾ་ཞེས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའི་འགྲོ་མ་ནས་དེ་སྙེད་རྣམས་ལ་ཕྱག་འཚལ་ཞེས་པས་བསྟོད།

རང་གི་སྙིང་གནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་ཞོན་ནས་སོང་བས་བུམ་ནང་གི་རྗེ་བཙུན་མའི་ཐུགས་རྒྱུད་བསྐུལ། དེའི་བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། དེ་ནས་བཟླས་པ་བྱེད། མཐར་སུམྦྷ་སོགས་དང། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་པའང་བཟླ། མཆོད་བསྟོད་རྣམས་གོང་བཞིན་བྱའོ་༎

མ་འབྱོར་པ་དང་ཉམས་པ་དང་༎
གང་ཡང་བདག་རྨོངས་བློ་ཡིས་ནི་༎
བགྱིས་པ་དང་བགྱིད་སྩལ་པ་༎
དེ་ཀུན་རྣམས་མགོན་པོས་བཟོད་པར་གསོལ་༎

དུང་ཆོས་ཀྱི་ཆུ་བུམ་པར་བླུགས། ཨོཾ་ཨཱཿ་ཧཱུཾ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་གི་རྗེ་བཙུན་མ་འོད་དུ་ཞུ་ནས། བུམ་པའི་ཆུ་ནུས་པ་ཀུན་དང་ལྡན་པར་གྱུར།

从下列饮水供咒起,诵至供乐声的〔藏文 ཤཔྟ · 中文 待核〕。

藏文 ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཏྶཚ་སྭཱ་ཧཱ
梵文 oṃ sarva tathāgata vajra yoginī saparivāra arghaṃ […] svāhā
中文 嗡 萨尔瓦 达塔嘎达 瓦吉拉 瑜吉尼 萨帕利瓦拉 阿尔冈 […] 斯瓦哈

另从〔梵文 oṃ vajra gandhe raṇita · 藏文 ཨོཾ་བཛྲ་གནྡྷེ་ར་ཎི་ཏ · 中文 嗡 瓦吉拉 甘德 拉尼达〕到〔梵文 akhaṃ · 藏文 ཨ་ཁཾ · 中文 阿康〕作供养。诵三嗡式后,供养金刚瑜伽母口中。诵〔梵文 oṃ āḥ hūṃ · 藏文 ཨོཾ་ཨཱཿ་ཧཱུཾ · 中文 嗡 阿 吽〕献内供,以印 353 “吉祥金刚空行母”至“我向诸母皆顶礼”两偈作赞。

从自己的心间,咒鬘乘陀罗尼线而去,劝动瓶内至尊母的心相续。她的汗毛孔涌出甘露水流,智慧甘露充满宝瓶。然后持诵,末了还要念〔梵文 sumbha · 藏文 སུམྦྷ · 中文 苏姆巴〕等,以及下列咒语。

藏文 ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ
梵文 oṃ sarva tathāgata abhiṣeka samaya śrīye hūṃ
中文 嗡 萨尔瓦 达塔嘎达 阿毗谢嘎 萨玛雅 室利耶 吽

供赞如前。

凡有未备或违失,
及因我心愚昧
所作或教他作的一切,
祈请怙主宽恕。

将法螺水注入宝瓶,诵〔梵文 oṃ āḥ hūṃ · 藏文 ཨོཾ་ཨཱཿ་ཧཱུཾ · 中文 嗡 阿 吽〕。以献饮水的缘故,瓶内至尊母融为光,瓶水遂具足一切力用。

དུང་ཆོས་ཀྱི་ཆུ་བླངས་ལ། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ། ཞེས་ཁྲུས་བྱས་ལ། དེ་ནས་སློབ་མ་ལ་ཇི་ལྟར་བྱ་བའི་རིམ་པ་རྣམས་སློབ་དཔོན་ཉིད་ཀྱིས་བདག་འཇུག་གི་ཚུལ་དུ་བླངས་༎

སློབ་མ་རྣམས་ཁྲུས་བྱས། མཎྜལ་ཕུལ། མེ་ཏྲི་མཁའ་སྤྱོད་མའི་རྗེས་སུ་གནང་བ་འབུལ་བ་ལ། སློབ་དཔོན་མཁའ་སྤྱོད་མར་གསལ་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།

གང་གི་དྲིན་གྱིས་བདེ་ཆེན་ཉིད། ནས། བདག་ལ་འདུད།

དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་༎
མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར་༎
ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད་༎
འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ་༎

སངས་རྒྱས་ཀུན་གྱི་རང་བཞིན་སྐུ་༎
སློབ་དཔོན་ལ་ནི་བདག་སྐྱབས་མཆི་༎
དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས་༎
བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་༎

ལན་གསུམ་གྱིས་གསོལ་བ་བཏབ། ཨོཾ་ཙུ་བུདྡྷི་དྷརྨ་ན་ཡེ་ཧཱུཾ་ཞེས་མིག་དར་གཏད། ཨ་བི་བི་ར་ཧཱུཾ་གིས་མེ་ཏོག་གཏད། བུམ་ཆུ་སློབ་མ་ལ་གཏོར་ལ་སུམྦྷས་བགེགས་བསྐྲད། ཨོཾ་ཨཱཿ་ཧཱུཾ་ཞེས་བདུད་རྩི་སྦྱིན། བུ་ཁྱོད་སུ་ཡིན་ཞེས་འདྲི། སྐལ་བ་བཟང་བདག་བདེ་བ་ཆེན་པོ་ལའོ་ཞེས་རྗེས་ཟློས་བྱ། དེ་ཡིས་བུ་ལ་ཅི་ཞིག་བྱ་ཞེས་འདྲི། སངས་རྒྱས་མཆོག་གི་དམ་ཚིག་གོ་ཞེས་རྗེས་ཟློས་བྱ།

སློབ་མའི་སྙིང་གར་ཟླ་བ་ལ་རྡོ་རྗེ་དཀར་པོ་བསྒོམ་དུ་བཅུག་ནས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏ་པཱ་ད་ཡཱ་མི་ཞེས་རྗེས་ཟློས་བྱར་བཅུག། རྡོ་རྗེ་སྙིང་གར་གཏུགས་པས་བརྟན་པར་བྱས་པར་སྒོམས་ཤིག་བྱས་ལ། སློབ་མའི་སྙིང་གར་རྡོ་རྗེས་གཏུགས་ལ། སུ་ར་དེ་ས་མ་ཡ་སྟྭཾ་ཧོཿ། ལ་[…]་བཛྲ་ཡ་[…]་མི། རྡོ་རྗེ་སྤྱི་བོར་བཞག་ལ། དེང་ཁྱོད་རྡོ་རྗེ་རྣལ་འབྱོར་མའི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། ཞེས་གསང་བར་གདམས།

取法螺水,从“如是降生”念到〔梵文 śrīye hūṃ · 藏文 ཤྲཱི་ཡེ་ཧཱུཾ · 中文 室利耶 吽〕来洗净。之后各项原要对弟子做的次第,由阿阇黎以自入仪式自受。

先为众弟子洗净,献坛城。授梅扎空行母随许时,明观阿阇黎为空行母,请众人跟诵以下祈请。

从“凭其恩德,大乐本身”诵至“我顶礼”。

吉祥金刚空行母,
转动空行母之轮,
五智与三身本体,
顶礼救护众生者。

一切佛本性之身,
我皈依阿阇黎。
愿吉祥金刚瑜伽母
赐予我加持。

三次如是祈请。以〔藏文 oṃ tsu buddhi dharma naye hūṃ · 藏文 ཨོཾ་ཙུ་བུདྡྷི་དྷརྨ་ན་ཡེ་ཧཱུཾ · 中文 嗡 楚布帝 达尔玛 纳耶 吽〕授予蒙眼布,以〔藏文 a bi bi ra hūṃ · 藏文 ཨ་བི་བི་ར་ཧཱུཾ · 中文 阿 毗毗拉 吽〕递花。向弟子洒瓶水,以〔梵文 sumbha · 藏文 སུམྦྷ · 中文 苏姆巴〕驱障,诵〔梵文 oṃ āḥ hūṃ · 藏文 ཨོཾ་ཨཱཿ་ཧཱུཾ · 中文 嗡 阿 吽〕给甘露。问:“善男子,你是谁?”令跟诵:“有福的我,趋入大乐。”又问:“由此要你做什么?”令跟诵:“守最胜佛的三昧耶。”

令弟子在心间月轮上观白金刚杵,并跟诵〔梵文 oṃ sarva yoga citta utpādayāmi · 藏文 ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏ་པཱ་ད་ཡཱ་མི · 中文 嗡 萨尔瓦 瑜嘎 吉达 乌特帕达雅米〕。告诫:“观想金刚杵抵心,使誓愿坚固。”以金刚杵触弟子心间,念〔藏文 སུ་ར་དེ་ས་མ་ཡ་སྟྭཾ་ཧོཿ། ལ་[…]་བཛྲ་ཡ་[…]་མི · 中文 苏拉迭 萨玛雅 斯特旺 霍。拉[…]瓦吉拉 耶[…]米〕,把金刚杵放在弟子头上,密嘱:“今日你已进入金刚瑜伽母部。对于一切如来这最为秘密的殊胜法,不可向未入一切如来坛城的人说,也不可告诉无信者。”

ཛཿ་ཧཱུཾ་བཾ་ཧོཿ་ཞེས་ཡོལ་བའི་ནང་དུ་བཞུག། དེ་ནས་སློབ་མས་བླ་མ་ལ་མཎྜལ་ལན་གཅིག་ཕུལ་ཏེ། གསོལ་བ་བཏབ་པ་ནི།

ཇི་ལྟར་རྡོ་རྗེ་སེམས་དཔའ་ཡིས་༎
འགྲོ་བ་བྱང་ཆུབ་སྒྲུབ་པའི་ཐབས་༎
ཡེ་ཤེས་དཔལ་རྡོར་རྣལ་འབྱོར་མ་༎
ཐམས་ཅད་རིག་པ་རང་གིས་སྦྱིན་༎
དེ་བཞིན་བདག་ལའང་མགོན་པོ་ཁྱོད་༎
ད་ལྟ་ཉིད་དུ་སྦྱིན་པར་རིགས་༎

ཞེས་ལན་གསུམ། སློབ་མ་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་མཎྜལ་རེ་རེ་དང། གསོལ་བ་རེ་གདབ་ཏུ་འཇུག་དགོས་པས་དང་པོར་ཤར་སྒོ་ནས་མཎྜལ་ཚར་གཅིག་ཕུལ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།

ལྷ་མོ་ལུས་ངག་ཡིད་ཀྱིས་སུ་༎
ཡེ་ཤེས་རྒྱ་མཚོ་ཁྱོད་ཕྱག་འཚལ་༎
ཇི་ལྟར་སངས་རྒྱས་སྟོབས་ཆེན་གྱིས་༎
ཐམས་ཅད་ཡེ་ཤེས་བྱིན་བརླབས་པ་༎
དེ་བཞིན་བདག་རྒྱུད་དག་པ་ལ་༎
ཡེ་ཤེས་རྒྱན་གྱིས་མཛད་དུ་གསོལ་༎

ཞེས་རྗེས་ཟློས་བྱེད་དུ་བཅུག། དེས་ཕྱོགས་གཞན་གསུམ་ལའང་རིགས་འགྲོ། དེ་ནས་མདུན་བསྐྱེད་ཀྱི་བཞུགས་ཚུལ་རྣམས་ལྷ་ངོ་བསྟན་ཏེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་མངོན་སུམ་བཞིན་དུ་གསལ་བར་གྱུར། མདུན་བསྐྱེད་རྡོ་རྗེ་རྣལ་འབྱོར་མའི་སྐུ་ལ་མེ་ཏོག་ཕུལ་བར་མོས་ལ། མེ་ཏོག་འཐོར་བཞིན། འདིའི་རྗེས་ཟློས་གྱིས་བྱས་ལ།

念〔梵文 jaḥ hūṃ baṃ hoḥ · 藏文 ཛཿ་ཧཱུཾ་བཾ་ཧོཿ · 中文 扎 吽 邦 霍〕,令进入帘中。弟子向上师献一次坛城,三次祈请以下偈颂。

如金刚萨埵,
以众生证菩提的方便,
把智慧吉祥金刚瑜伽母,
具明一切之法亲自赐予,
怙主,请你也如是
现在就赐予我。

令弟子在坛城四方各献一坛、各作一祈请。先在东门献一次坛城,跟诵祈请。

天女,我以身语意
向你这智慧之海顶礼。
如同大力诸佛
为一切加持智慧,
愿在我的清净相续中
如是赐以智慧为庄严。

令其跟诵,其余三方照办。然后指明对面安住诸尊的情状,坛城与依之安住的尊众皆如亲见般清楚。观将花献至对面生起的金刚瑜伽母身上。一面散花,一面令弟子跟诵如下。

ཨོཾ་པྲ་ཏཱིཏྶཚ་བཛྲ་ཧོཿ། སླར་ཡང་མེ་ཏོག་དེ་ཉིད་རང་གི་སྤྱི་བོར་བཅིངས་པར་མོས་ཤིག་བྱས་ལ། ཨོཾ་པྲ་ཏི་གྲི་ཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བཾ། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི་༎
མིག་འབྱེད་པར་ནི་བརྩོན་པར་མཛད་༎
སྒྲིབ་པ་ཐམས་ཅད་མཐོང་བ་ཡང་༎
རྡོ་རྗེའི་མིག་ནི་བླ་ན་མེད་༎

ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ། དེ་ནས་སློབ་མ་ལ་ཡུངས་ཀར་གྱིས་བྲབས། གུ་གུལ་གྱིས་བདུག། བུམ་ཆུ་གཏོར་ཞིང། སུམྦྷ་བཟླས་པས་བགེགས་བསྐྲད།

念〔藏文 ཨོཾ་པྲ་ཏཱིཏྶཚ་བཛྲ་ཧོཿ · 中文 嗡 […] 瓦吉拉 霍〕。再告诫:“观同一朵花系在自己头上。”念〔梵文 oṃ pratigrihṇa stvaṃ imaṃ satva mahā baṃ · 藏文 ཨོཾ་པྲ་ཏི་གྲི་ཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བཾ · 中文 嗡 普拉底格利赫纳 斯特旺 伊芒 萨特瓦 玛哈 邦〕。

吉祥瑜伽母,
如今努力为你开眼。
即便能看见所有障蔽,
仍以金刚眼为无上。〔第 3 行语义待独审〕

诵〔梵文 oṃ vajra netra apahara paṭalaṃ hrīḥ · 藏文 ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ · 中文 嗡 瓦吉拉 内特拉 阿帕哈拉 帕达朗 赫利赫〕。随后向弟子撒白芥子,熏谷古香,洒瓶水,并诵〔梵文 sumbha · 藏文 སུམྦྷ · 中文 苏姆巴〕以逐障。

ཆོས་ཐམས་ཅད་མི་དམིགས་པར་གྱུར། སྟོང་པའི་ངང་ལས་སློབ་མ་སྐད་ཅིག་གིས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་རིག་པ་འཛིན་པ་རྩེན་མའི་སྐུར་གྱུར་པ་ནི། ཛ་པའི་མེ་ཏོག་ལྟར་རབ་ཏུ་དམར་བའི་མདངས་ཅན། ཞལ་གཅིག་ཕྱག་གཉིས། མཆེ་བ་གཙིགས་ཤིང། ཁྲོ་གཉེར་དང་བཅས་པའི་གདོང་སྟེང་དུ་ཕྱོགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྟེང་དུ་གཟིགས་པ། དབུ་སྐྲ་ནག་པོ་གསིལ་བུར་གྲོལ་ཞིང་ཐུར་དུ་འཕྱང་བ།

ཕྱག་གཡོན་པས་ཐོད་པ་བདུད་རྩིས་གང་བ་བཟུང་ནས་ཞབས་གཡོན་པའི་སྒྱིད་ཁུང་ནས་འཁྱུད་དེ་སྟེང་དུ་བཏག་ནས་བདུད་རྩིའི་རྒྱུན་ཞལ་དུ་འབབ་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འཛིན་པས་ཞབས་གཡས་ཀྱི་རྟིང་པའི་ཕྱོགས་སུ་བསྣུན་པ། ཞབས་གཡས་འཕུར་སྟངས་སུ་ཅུང་ཟད་བརྐྱང་བ། ཀླུ་ཤིང་གི་མེ་ཏོག་གི་ཕྲེང་བ་ཕྱག་གཡོན་པར་བསྣམས་པ། གཅེར་བུ་རྒྱན་སྤངས་ཤིང། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་གནས་རྣམས་སུ་ཟླ་བའི་གདན་ལ། ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲཱིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲོཾ་ཧྲཱིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཚིགས་ཆེན་ཐམས་ཅད་ལ་ཕཊ་ཕཊ་དང་ཁ་ཙཎྜཱི་ཀའི་ངོ་བོ་རྣམས་སུ་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུཾ། མིག་རྣ་བ་སྣ་ལ་སོགས་པ་བུ་ག་ཐམས་ཅད་ལ་ཧཱུཾ་རེ་རེ་གསལ་འདེབས་པར་མཛོད།

སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་གཉིས་པོ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་འདི་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས་དེ་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ་ཞེས་གསུང་ཞིང། བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག། ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ་ནས། དངོས་སུ་བུམ་པའི་ཆུས་དབང་བསྐུར། དེ་ནས་སློབ་མ་ལ་མཆོད་པ་ལྔས་མཆོད། དེ་ནི་བུམ་དབང་གི་དོད་ཡིན་ནོ་༎

ཤ་ཆེན་ནམ། མ་རྙེད་ན་ཤི་ཕལ་པ་མར་དུ་བཙོས་པ་ལག་པ་གཡས་སུ་གཏད། ཆང་ལ་བདུད་རྩི་སྦྱར་བ་གཡོན་དུ་གཏད་དེ། ཨོཾ་གསུམ་མའི་མཐར་འབྲུ་གསུམ་བཏགས་པས་བྱིན་གྱིས་བརླབས་ནས། ཟ་ཞིང་འཐུང་དུ་བཅུག། དེ་ནི་གསང་དབང་གི་དོད་ཡིན་ནོ་༎

一切法都不可得。在空性中,弟子刹那化为薄伽梵母金刚亥母持明游戏母。如阇巴花般鲜红,一面二臂,龇牙,皱眉向上,红而圆的三眼仰视,黑发松解下垂。

她左手持盛满甘露的颅器,从左脚膝窝绕过,提起颅器,甘露流入口中。右手持五股金刚杵,向右脚跟方向击去。右腿略伸,作飞翔姿势,左手持龙树花鬘。身裸,无饰,安住在炽燃的智慧火聚中央。各处月轮座上,以脐处〔梵文 oṃ baṃ · 藏文 ཨོཾ་བཾ · 中文 嗡 邦〕现红色金刚亥母,心间〔梵文 haṃ yoṃ · 藏文 ཧཾ་ཡོཾ · 中文 杭 雍〕现蓝色阎魔母,口处〔梵文 hrīṃ moṃ · 藏文 ཧྲཱིཾ་མོཾ · 中文 赫林 莫姆〕现白色迷惑母,额间〔梵文 hroṃ hrīṃ · 藏文 ཧྲོཾ་ཧྲཱིཾ · 中文 赫隆 赫林〕现黄色震动母,顶上〔梵文 hūṃ hūṃ · 藏文 ཧཱུཾ་ཧཱུཾ · 中文 吽 吽〕现绿色惊怖母,各大关节以〔梵文 phaṭ phaṭ · 藏文 ཕཊ་ཕཊ · 中文 帕特 帕特〕化为佉旃荼迦的体性。顶上观〔梵文 oṃ · 藏文 ཨོཾ · 中文 嗡〕字,喉间观〔梵文 āḥ · 藏文 ཨཱཿ · 中文 阿〕字,心间观〔梵文 hūṃ · 藏文 ཧཱུཾ · 中文 吽〕字,眼耳鼻等每一孔窍各清楚观一个〔梵文 hūṃ · 藏文 ཧཱུཾ · 中文 吽〕字。

阿阇黎与对面所生本尊的两心间放光,迎请五部灌顶尊住于面前虚空,祈请:“愿一切如来为众弟子现前灌顶。”灌顶诸尊从“如是降生”起念,到〔梵文 śrīye hūṃ · 藏文 ཤྲཱི་ཡེ་ཧཱུཾ · 中文 室利耶 吽〕而止。以瓶水灌顶,观水充满身体,净除垢染,溢水向上化成不动佛顶饰。实际以宝瓶水灌顶,随后以五种供养奉献给弟子。这是瓶灌的替代仪节。

把大肉放入弟子右手。如无,则用酥油煮过的普通死肉。将调入甘露的酒交到弟子左手。诵三嗡式后接三字加持,令其食饮。这是秘密灌顶的替代仪节。

བྱིན་རླབས་ཀྱི་དངོས་གཞི་ནི། སློབ་མ་དཀྱིལ་འཁོར་གྱི་ནུབ་ནས་ཤར་དུ་བལྟས་པ་འདུག་ལ། སྙིང་གའི་བཾ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་འོད་དུ་ཞུ། ཁྱེད་རང་གི་ལུས་ལ་ཐིམ། ཁྱེད་རང་གི་རྐང་པ་གཉིས་ནི་བརླ་གཉིས་ལ། དེ་ལྟོ་བ་ལ། དེ་རྐེད་པ་ལ། དེ་ཡང་སྙིང་ག་ལ། ལག་པ་གཉིས་ནི་དཔུང་པ་ལ་ཐིམ། དེ་ཡང་སྙིང་ག་ལ། དེ་མགྲིན་པ་ལ། དེ་མགོ་བོ་ལ་ཐིམ། དེ་ཡང་སེམས་ལ་ཐིམ། སེམས་ཉིད་ཀྱང་ནམ་མཁའ་ལ་ཐིམ། ནམ་མཁའ་ཡང་རང་བཞིན་གྱི་འོད་གསལ་བ་ལ་ཐིམ། འོད་གསལ་གྱི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་རིག་པ་འཛིན་པ་རྩེན་མའི་སྐུར་ལམ་གྱིས་གྱུར་པའི་མོས་པ་མཛོད། ཞེས་དམིགས་པ་ཕོག།

སློབ་དཔོན་གྱི་ལག་པ་གཡོན་པ་སློབ་མའི་མགོ་བོར་བཞག་སྟེ། སེ་གོལ་གཏོགས་ལ།

ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ཧཱུཾ་ཧཱུཾ་ཕཊ།
ཨོཾ་འཕགས་མ་རིག་མའི་དབང་ཕྱུག་ཁམས་གསུམ་གྱིས་མི་ཐུབ་ཧཱུཾ་ཧཱུཾ་ཕཊ།
ཨོཾ་འབྱུང་པོའི་རིགས་པ་ཐམས་ཅད་རྡོ་རྗེ་ཆེན་པོས་འཇོམས་ཧཱུཾ་ཧཱུཾ་ཕཊ།
ཨོཾ་རྡོ་རྗེ་གདན་དུ་བཞུགས་གཞན་གྱིས་མི་ཐུབ་དབང་བྱེད་ཅན་ཧཱུཾ་ཧཱུཾ་ཕཊ།
ཨོཾ་གཏུམ་མོ་ཁྲོ་མོའི་གཟུགས་ཀྱིས་ཚངས་པ་སྐེམས་པར་ལྡན་ཧཱུཾ་ཧཱུཾ་ཕཊ།
ཨོཾ་བདུད་རྣམས་སྐྲག་ཅིང་སྐེམས་པས་གཞན་གྱི་ཕྱོགས་ལས་རྒྱལ་ཧཱུཾ་ཧཱུཾ་ཕཊ།
ཨོཾ་རྨུགས་བྱེད་རེངས་བྱེད་རྨངས་བྱེད་ཀུན་ལས་རྣམ་པར་རྒྱལ་ཧཱུཾ་ཧཱུཾ་ཕཊ།
ཨོཾ་རྡོ་རྗེ་ཕག་མོ་བསྒྱུར་ཆེན་འདོད་དབང་མ་ལ་འདུད་ཧཱུཾ་ཧཱུཾ་ཕཊ།

ཅེས་ཚར་གཅིག་བརྗོད་པས་བྱིན་གྱིས་བརླབས། མདུན་བསྐྱེད་ཀྱི་ཐོད་པའི་བདུད་རྩི་ནས་མཐེབ་སྲིན་གྱིས་བླངས་ཏེ་སློབ་མའི་ལུས་ལ་གཏོར། ལུས་ཐམས་ཅད་གང། བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པར་བསམས། དེ་ནས་རིམ་པ་ལྔ་བྱིན་གྱིས་བརླབས་པར་བྱ་བ་ལ། སློབ་དཔོན་ཉིད་དཔའ་བོ་ཧེ་རུ་ཀའི་ལུས་སུ་མོས་ལ་མོས་གུས་དང་དད་པ་བྱེད་པ་དང། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་སྙམ་དུ་མོས་པ་མཛོད།

加持正行如下。弟子坐在坛城西方,面向东方。心间〔梵文 baṃ · 藏文 བཾ · 中文 邦〕字放光,三界器世间及有情融光,收摄入自己身体。两足融入两腿,腿入腹,腹入腰,腰入心间。两手融入双臂,臂入心间,心间入喉,喉入头,头融入心,心入虚空,虚空复入本性光明。在光明中,观你们刹那现为薄伽梵母金刚亥母持明游戏母。应当如此观想。

阿阇黎将左手置于弟子头顶,弹指,诵以下八句长咒。

嗡,顶礼薄伽梵母金刚亥母,吽 吽 帕特。
嗡,圣持明自在母,三界不能胜,吽 吽 帕特。
嗡,以大金刚摧伏所有部多之类,吽 吽 帕特。
嗡,安住金刚座,能自在,余者不能胜,吽 吽 帕特。
嗡,以忿怒炽燃母之相,能令梵天枯竭,吽 吽 帕特。
嗡,令诸魔怖畏、枯竭,胜过对方,吽 吽 帕特。
嗡,制胜一切令昏沉、令僵止、令昏昧者,吽 吽 帕特。
嗡,向金刚亥母大转轮欲自在母礼敬,吽 吽 帕特。

诵一遍以加持。以拇指和无名指从对面本尊的颅器取甘露,洒于弟子身上。观甘露遍体,大乐智慧增长。此后为五次第加持。观阿阇黎自身为勇父黑噜嘎身,生起虔敬和信心,并观一切法如幻。

འདི་ལ་དམིགས་སྐོར་ལྔ་ཡོད་པའི་དང་པོ་ནི། གོང་བུ་བསྡུ་བ་སྟེ།

རང་ལུས་སུམ་ཅུ་རྩ་དྲུག་ཁམས་ཀྱི་ཚོགས་༎
མིག་སྣ་རྣ་ལྕེ་ལུས་ཏེ་དབང་པོ་ལྔ་༎
ངག་དང་རྐང་ལག་བཤང་གཅི་ལས་དབང་ལྔ་༎
རང་བཞིན་དག་ཀྱང་དེ་ལྟར་མ་རྟོགས་པའི་༎
མ་ལུས་འགྲོ་དྲུག་སེམས་ཅན་ཚོགས་༎
ལས་དང་ཉོན་མོངས་སྡུག་བསྔལ་གྱི་༎
འཁོར་ལོ་བསྐོར་བ་འདི་དག་ནི་༎
ངེས་པར་བྱང་ཆུབ་ལ་གཞུག་བྱ་༎

སྙིང་གའི་བཾ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་འོད་དུ་ཞུ། ཁྱེད་རང་གི་ལུས་ལ་ཐིམ། ཁྱེད་རང་གི་རྐང་པ་གཉིས་ནི་བརླ་གཉིས་ལ། དེ་ལྟོ་བ་ལ། དེ་རྐེད་པ་ལ། དེ་ཡང་སྙིང་ག་ལ། ལག་པ་གཉིས་ནི་དཔུང་པ་ལ་ཐིམ། དེ་ཡང་སྙིང་ག་ལ། དེ་མགྲིན་པ་ལ། དེ་མགོ་བོ་ལ་ཐིམ། དེ་ཡང་སེམས་ལ་ཐིམ། སེམས་ཉིད་ཀྱང་ནམ་མཁའ་ལ་ཐིམ། ནམ་མཁའ་ཡང་རང་བཞིན་གྱི་འོད་གསལ་བ་ལ་ཐིམ། ཞེས་དམིགས་པ་བསྒོམ་དུ་བཅུག་ལ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཞེས་བཟླས་ནས། རོལ་མོའི་སྒྲ་རྫས་ཀྱི་དུད་པ་དང་བཅས་པས་བྱིན་དབབ།

此中有五种观想,第一种是合集。

自身是三十六界之聚,
眼、鼻、耳、舌、身是五根,
语、腿、手、排便、排尿是五作根。
自性本净,却未如是了悟,
所有六道的有情,
在业、烦恼和苦的
轮中流转。
当引导他们趋入菩提。

心间〔梵文 baṃ · 藏文 བཾ · 中文 邦〕字放光,三界器世间和有情融光,收摄入你自身。两足融入两腿,腿入腹,腹入腰,腰入心间。两手融入两臂,臂入心间,心间入喉,喉入头,头融入心。心入虚空,虚空复入本性光明。令弟子观想如此,诵下列三嗡咒,伴以音乐及供物之烟,降下加持。

藏文 ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ
梵文 oṃ oṃ oṃ sarva buddha ḍākinīye | vajra varṇanīye | vajra vairocanīye hūṃ hūṃ hūṃ phaṭ phaṭ phaṭ svāhā
中文 嗡 嗡 嗡 萨尔瓦 布达 达吉尼耶。瓦吉拉 瓦尔纳尼耶。瓦吉拉 韦罗嘉尼耶 吽 吽 吽 帕特 帕特 帕特 斯瓦哈。

གཉིས་པ་ནི་རྗེས་སུ་གཞིག་པ་སྟེ། སྟོང་པའི་ངང་ལས་ཁྱེད་རང་ཉིད་བཾ་ཡིག་ཆེན་པོ་གཅིག་ཏུ་གྱུར་པར་བསམས། དེ་ཇེ་ཆེ་ཇི་ཚེ་ལ་མཐར་ནམ་མཁའ་དང་འདྲེས་པའི་སྟོང་པ་ལ་སེམས་འཇོག། སྔགས་དང་རོལ་མོ་བྱའོ་༎

གསུམ་པ་ནི་གཏུམ་མོ་སྟེ། སྟོང་པའི་ངང་ལས་སླར་ཡང་མཁའ་སྤྱོད་མའི་སྐུར་ལམ་གྱིས་བཞེངས་པའི་ལྟེ་བར་ཆོས་འབྱུང་ཟུར་དྲུག་པའི་དབུས་སུ་འཁོར་ལོ་སྔགས་འཕྲེང་དང་བཅས་པ། ཆོས་འབྱུང་གཡོན་སྐོར་དུ་དྲག་ཏུ་འཁོར་བ་ལ་སེམས་གཏོད་དུ་བཅུག། དར་ཅིག་བཞག། སྔགས་དང་རོལ་མོ་བྱའོ། ཡར་ལྟེ་བའི་སྔགས་འཁོར་ཨཾ་དུ་གྱུར། དེ་ལས་གཏུམ་མོ་འབར། སྤྱི་བོའི་ཧཾ་ཡིག་ཞུ་བའི་འབར་འཛག་ལ་སེམས་གཏད་ནས་རླུང་འཛིན་དུ་འཇུག་པའོ། སྔགས་དང་རོལ་མོ་བྱའོ་༎

བཞི་པ་ནི་མི་རྟོག་པ་བསྒོམ་པ་སྟེ། སྣ་སྒོར་དགའ་བ་འཁྱིལ་དྲག་ཏུ་འཁོར་བ་ལ་སེམས་གཏོད་དུ་བཅུག། སྔགས་དང་རོལ་མོ་བྱའོ་༎

ལྔ་པ་ནི་བདེ་བ་སྟེ། གསང་གནས་སུ་དགའ་བ་འཁྱིལ་དྲག་ཏུ་འཁོར་བ་ལ་སེམས་གཏོད་པའོ་༎ སློབ་དཔོན་གྱིས་རྩ་སྔགས་དྲག་ཏུ་བཟླས་ཤིང། རོལ་མོའི་སྒྲ་རྗེས་ཀྱི་དུད་པ་དང་བཅས་པས་བྱིན་དབབ་པའོ་༎

第二,随毁。在空性中观自己化为一个硕大的〔梵文 baṃ · 藏文 བཾ · 中文 邦〕字,渐次扩大,最终将心安住于融同虚空的空性。诵咒、奏乐。

第三,拙火。从空性中,刹那再现为空行母。在她脐部六角形法源中央,有轮及咒鬘。令心专注于法源向左急旋,安住片刻。诵咒、奏乐。随后脐间咒轮化为〔梵文 aṃ · 藏文 ཨཾ · 中文 阿姆〕字,拙火由此燃起。令心专注于火焰及顶上〔梵文 haṃ · 藏文 ཧཾ · 中文 杭〕字融化滴下,并令持气。诵咒、奏乐。

第四,修无分别。使心专注于鼻门喜旋急速转动。诵咒、奏乐。

第五,乐。专注密处喜旋急速转动。阿阇黎猛烈诵根本咒,伴以乐声和供物的烟,降下加持。

དེ་རྣམས་ཤེས་རབ་ཡེ་ཤེས་བཞི་པར་བཅས་པའི་དོད་ཡིན་ནོ། དེ་ལས་ཡེ་ཤེས་ཕེབས་པའི་རྟགས་གང་ཡང་རུང་བ་བྱུང་དང། ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ།

སྤྱོད་པའི་རྗེས་གནང་ལ་དམིགས་པ་གསུམ་ལས། དང་པོ་ནི་བདག་ཉིད་ཁང་བཟང་དང། ལྡུམ་ར་རྩེ་མོ་བརྒྱད་པའི་དབུས་ན་གནས་པ་ལས། དེའི་མདུན་ན་རིན་པོ་ཆེའི་བྲག་རི་ཤིན་ཏུ་མཐོ་བ་རྩེ་མོ་མིག་གིས་ཀྱང་བལྟར་མི་བཟོད་པ་གསུམ་ཡོད་པར་བསམས། རང་ཉིད་ཇེ་མཐོ་ཇེ་མཐོར་འཕུར་བས་རིའི་སྟེང་གི་ནམ་མཁར་སླེབས་ནས་རི་གསུམ་གྱི་རྩེ་མོར་རྐང་པ་རེག་ཙམ་རེག་ཙམ་འདུག་པ་ལ་སེམས་གཏོད་དུ་བཅུག། རོལ་མོའི་སྒྲ་བྱ།

གཉིས་པ་ནི་ཡང་དེ་བས་ཀྱང་མཐོ་བར་ཕྱིན་ཏེ། རང་གི་ལུས་ལས་རིགས་ལྔ་དང། རྣལ་འབྱོར་མ་དཔག་ཏུ་མེད་པ་འཕྲོས། སེམས་ཅན་གྱི་དོན་བྱས། འཁོར་འདས་སྣོད་བཅུད་ཀྱི་དྭངས་མ་རྣམས་དངུལ་ཆུ་ལྟར་བསྡུ་སྟེ་རང་ལ་ཐིམ་པས་རྒྱུད་བདེ་བས་གང། ཡང་སྤྲོས་ཡང་ཐིམ་པ་ལན་མང་དུ་བྱ། མཐར་དེ་ནས་ཀྱང་ཇེ་མཐོ་ཇེ་མཐོར་འཕུར་ཏེ་མཁའ་དབྱིངས་སུ་ཐིམ་པའི་མོས་པ་མཛོད། ཡང་ལྷ་སྐུར་ཤར་བ་སྙམ་བྱེད་པ་ལ་སེམས་གཏོད་དུ་བཅུག། དེ་ལའང་རོལ་མོའི་སྒྲ་བྱ།

这些是般若智慧灌顶与第四灌顶的替代仪节。若由此出现任何智慧降临的征相,以〔梵文 tiṣṭha vajra · 藏文 ཏིཥྛ་བཛྲ · 中文 谛湿塔 瓦吉拉〕使之坚固。

行仪随许有三种观想。第一,观自己住在宫殿和八峰花园中央。前方有三座极高的宝石岩山,高到难以望其顶。自己越飞越高,到达众山上方,令心专注于双脚轻触三座山顶。奏乐。

第二,再飞得更高。从自身放出五部与无量瑜伽母,利益有情。将轮回、涅槃的器世间和有情之精华如水银般收摄,融入自身,令相续满是乐。反复放出和融入。终而越飞越高,观自身融入虚空界。再令心专注于现起本尊身。亦奏乐。

གསུམ་པ་ནི་སློབ་མ་ལྷ་མོའི་འདུག་སྟངས་བྱར་བཅུག། ལག་པ་གཡས་སུ་ཧཱུཾ་ཞེས་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་རྩེ་ལྔ་གཏད། གཡོན་དུ་དཀྱིལ་འཁོར་གྱི་ཀ་པཱ་ལ་གཏད་ལ། ནང་མཆོད་ཅུང་ཟད་འཐུང་དུ་བཅུག་ལ།

དམིགས་པ་ནི་ཁྱེད་རང་རྣམས་ཀྱི་སྙིང་གའི་བཾ་ལས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། དེ་ཡང་མི་དམིགས་པའི་སྟོང་པའི་ངང་ལ་མཉམ་པར་ཞོག་མཛོད། སླར་ཡང་མཁའ་སྤྱོད་མའི་སྐུ་ལམ་གྱིས་བཞེངས་པར་མོས།

ད་ཁྱེད་ཀྱིས་བྱིན་རླབས་ལེགས་པར་ཐོབ་པ་ཡིན་པས། བསྙེན་པ་དང། བསྒྲུབ་པ་དང། མཁའ་སྤྱོད་ཀྱི་དངོས་གྲུབ་དང། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང། འཕྲིན་ལས་རྣམ་པ་བཞི་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག། ཅེས་བརྗོད་ནས། རྗེ་བཙུན་མའི་གནས་གསུམ་ནས་སློབ་མའི་གནས་གསུམ་དུ་ཐིག་ལེ་བྱ། རྗེས་ཆོག་སྤྱི་དང་འདྲའོ་༎

第三,令弟子取天女坐姿。诵〔梵文 hūṃ · 藏文 ཧཱུཾ · 中文 吽〕字,右手交给弟子五股金刚杵,五股是五智的体性。左手交给弟子坛城的颅器,令饮少量内供。

观想如下。从各自心间〔梵文 baṃ · 藏文 བཾ · 中文 邦〕字放光,器世间和有情尽数融光,收摄入自己,自身又平等安住在无所得的空性中。再次观想刹那现起空行母之身。

告诉弟子:“如今你已善得加持。应通过亲近、修成、空行成就、持明禁行的行仪及四种事业等,成办有情利益。”从至尊母的三处点于弟子的三处。后续仪轨照通常做法。

参校书影与电子本
上一篇
梅哲空行母专题
下一篇
梅扎空行母成就法附加持