多罗那他《持明游戏母成就法疑难释及圆满次第》

出处与说明

原英译者:

本站中文译审:AI 初译及校读,审校范围见出处与说明

版本说明:

北京校勘本《多罗那他全集》卷 38;UT1PD45495_038_0011 L1–21

原文 ↗

藏汉对照初译。底本为北京校勘本《多罗那他全集》卷三十八电子段 UT1PD45495_038_0011。译稿按电子底本行号锚定,相邻印页之间的句子接读。底本所引「某句等」「从某句至某句」沿用原文范围。 电子底本 · 段目和范围 · 馆方电子本

- L1–L21 是电子底本前十一行正文。L21 内先结束灌顶释文,随后以礼敬、发愿开始圆满次第,跨篇连续接 L23。这个分栏边界适用于本预览。 - L3 的礼敬偈及法名含转写疑读,L11 所释根文以缩引出现。两处保留所见藏字,咒音尚待逐项复核。北京录入本尾附编校与机构信息,另存于固定源文。

本轮咒音与疑读记录

- [底本 L3],`སྟབནྟུསུཁཱཀཱརསརྦཛགཏཱཾ`,中文音读有待核处。 - [底本 L3],`ཤྲྀཤྲིབྷགཱིམཏྒཛྙཱནཡབྷིབྷབཏུ`,中文音读有待核处。 - [底本 L17],`ཨོཾ་སི་ཐོསྶི་ཐ`,拉丁转写待校。

段落定位 底本 L1、底本 L3、底本 L5、底本 L7、底本 L9、底本 L11、底本 L13、底本 L15、底本 L17、底本 L19、底本 L21。

返回梅哲空行母专题

༄༅། །རྡོ་རྗེ་རྣལ་འབྱོར་མ་རྩེན་མའི་སྐུར་སྟོན་པའི་ཞལ་ལུང༌། གྲུབ་བརྙེས་ཀྱི་སློབ་དཔོན་ཧ་ར་དཱ་རས་མཛད་པའི་རྫོགས་རིམ་དེ་ཉིད་གསལ་བ་དང༌། རིག་པ་འཛིན་མ་རྩེན་མའི་སྒྲུབ་ཐབས་གཉིས་ཀྱི་དཀའ་འགྲེལ་རྫོགས་རིམ་གྱི་ཡིག་ཆུང་སློབ་དཔོན་དེ་ཉིད་ལས་བརྒྱུད་པའི་མན་ངག

开示金刚瑜伽母游戏母身相的口授、成就阿阇黎哈拉达拉所作《圆满次第实相明释》、持明游戏母两种成就法的疑难释、圆满次第短篇、从同一位阿阇黎传下的口诀,以及

། དབང་བཞི་པའི་རབ་བྱེད་རྣམས་བཞུགས། ཨོཾ་ཛྭཱ་ལ་སཾ་བྷ་ར་ཡ། དང་པོར་བླ་མ་ལ་བཏུད་དེ། །དྲྭ་བ་སྡོམ་མཛད་དེ་ཡིས་སྐྱོངས། །འདོད་པའི་དངོས་གྲུབ་དོན་གཉེར་ལ། །ངེས་པ་འགའ་ཞིག་སྦྱིན་པར་བྱ། །དབུས་ནས་ཧཱུཾ་དམར་པོ། བུམ་པ་ཅན་འདི་ཐབས་མཆོག་གི། རྡོ་རྗེ་རྩེ་མོར་ནོར་བུ་གང༌། །ཧཱུཾ་བཾ་དཀར་དང་དམར་བའོ། །ཟླ་བ་རྡོ་རྗེ་ཧཱུཾ་བཅས་པ། །འདི་ནི་ཐིག་ལེ་ཆོས་འབྱུང་ཉི་མར་ཐིག་ལེ་ནི། ཁ་དོག་ལྔ་པ་བསྒོམ་པར་བྱ། ཨཾ་དང་ཧཱུཾ་ཧཾ་གསེར་མདོག་དང༌། །འོད་སྔོན་ཅན་དཀར་ཁ་བའི་མདོག །ཧེ་རུ་ཀ་ཧཾ་རྩེན་ཡ་ཨཾ། །དམ་ཚིག་ཕྱག་རྒྱའི་ངེས་པའོ། །ད་དུང་ངེས་པ་དམ་པ་ནི། །བླ་མའི་ཁ་ལས་རྟོགས་ན་ཀོ །འགྲོ་ལ་ཕན་ཕྱིར་ཤཱཀྱ་ཡི། དགེ་སློང་ཀུན་དགའ་སྙིང་པོ་དེའི། ། གང་དུ་སྦས་པ་འདིར་གསལ་བྱ། །སྐྱུད་པར་སྤོབས་སམ་ཐར་འདོད་ཀྱི། ། སྟབནྟུསུཁཱཀཱརསརྦཛགཏཱཾ། མངྒ་ལཾ། ཤྲྀཤྲིབྷགཱིམཏྒཛྙཱནཡབྷིབྷབཏུ། །༈ མ་ལུས་པའི་འགྲོ་བ་ལ་ཐུགས་བརྩེ་བའི་ཉེ་བར་བཟུང་སྟེ་མི་འགྱུར་བའི་བདེ་བ་ཆེན་པོའི་ལམ་མ་ནོར་བར་སྦྱིན་པར་མཛད་པའི་དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ནས། རིག་པ་འཛིན་མ་རྩེན་མའི་སྒྲུབ་ཐབས་ཧ་རི་དཱ་རས་མཛད་པའི་སྐལ་ལྡན་འགའ་ཞིག་གི་དོན་དུ་ཅུང་ཟད་གསལ་བར་བྱ་སྟེ། ཨོཾ་རྡོ་རྗེ་མཁའ་འགྲོ་སོགས་ནི། འདོད་པའི་ལྷ་ལ་ཕྱག་འཚལ་བ་སྟེ། བཅོམ་ལྡན་འདས་དང་རྡོ་རྗེ་རྩེན་མ་ལའོ། །དེ་ལྟར་ཕྱག་འཚལ་ནས་ཅི་ཞིག་བགྱིད་ཅེ་ན། རིག་འཛིན་མ་བརྗོད་འདོད་ཞེས་སོགས། དེ་ནས་རྒྱུད་རྒྱལ་དཔལ་ལྡན་སྡོམ་ལས་སོ། ཞེས་པའི་བར་གྱི་བརྗོད་བྱ་དང༌། དགོས་པ་ལ་སོགས་པ་བསྟན་ཏེ། དེ་ཡན་ཆད་རིམ་པ་གཉིས་ཀའི་དོན་བསྡུས་པ་ཡིན་ལ། དེ་དག་གི་དོན་ཅུང་ཟད་འོག་ནས་འཆད་པར་འདོད། །སྤྲུལ་པའི་སྐུ་ཡི་ཞེས་སོགས་ཚིགས་བཅད་གཅིག་གིས་བསྐྱེད་རིམ་གྱི་རྩོམ་པར་དམ་བཅས་པའོ། །ཆོས་ཀུན་སོགས་ཤློ་ཀ་གཅིག་ནི་ཆེད་དུ་བརྗོད་པ་དང༌། འཇིགས་རུང་ནས་སྔགས་ཞེས་པའི་བར་གྱིས་གང་དུ་རྣལ་འབྱོར་དུ་བྱ་བའི་གནས་བསྟན་ནས།

《第四灌顶论》,诸篇在此。

〔梵文 oṃ jvāla saṃbharaya · 藏文 ཨོཾ་ཛྭཱ་ལ་སཾ་བྷ་ར་ཡ · 中文 嗡 佐拉 桑巴拉雅〕

首先礼敬上师,
愿结网尊摄护。
为求所愿悉地者,
当授若干决定之义。

从中央红色种子字〔梵文 hūṃ · 藏文 ཧཱུཾ · 中文 吽〕……
此具瓶者属殊胜方便,
金刚杵尖端充满宝珠,
种子字〔梵文 hūṃ · 藏文 ཧཱུཾ · 中文 吽〕为白色,〔藏文 baṃ · 藏文 བཾ · 中文 邦〕为红色。
月轮、金刚杵与种子字〔梵文 hūṃ · 藏文 ཧཱུཾ · 中文 吽〕,
此是明点。法源日轮中的明点,
应观成五色。
三种子字〔梵文 aṃ hūṃ haṃ · 藏文 ཨཾ་ཧཱུཾ་ཧཾ · 中文 阿姆 吽 汉〕,金色、
蓝光、白如雪色。
嘿鲁迦为〔梵文 haṃ · 藏文 ཧཾ · 中文 杭〕,游戏母为〔梵文 ya aṃ · 藏文 ཡ་ཨཾ · 中文 雅 阿姆〕。
这是三昧耶手印的决定之义。
至于更深的真实决定,
当从上师口中领会。

为利益众生,应在此揭明释迦比丘贡噶宁波隐藏在何处的〔教授〕。你既愿解脱,能将它撇下吗?

〔藏文 སྟབནྟུསུཁཱཀཱརསརྦཛགཏཱཾ · 中文 待校〕
〔梵文 maṅgalaṃ · 藏文 མངྒ་ལཾ · 中文 芒嘎朗〕
〔藏文 ཤྲྀཤྲིབྷགཱིམཏྒཛྙཱནཡབྷིབྷབཏུ · 中文 待校〕

敬礼吉祥上师足下。上师以悲心摄受一切众生,无一遗漏,并如实赐予不变大乐之道。为了有缘的少数行者,现略为阐明哈日达拉所作的持明游戏母成就法。

「〔梵文 oṃ · 藏文 ཨོཾ · 中文 嗡〕,金刚空行」等,是礼敬自己的本尊,也就是礼敬世尊与金刚游戏母。这样礼敬以后要做什么?从「欲说持明母」等,直到「其后出自吉祥胜乐续王」,是说明所要讲的内容、目的等。截至此处摄要说了二次第之义,下文将略加解释。「化身之」等一偈,是立誓撰述生起次第。「一切法」等一颂,是特意宣说的偈语。从「可怖」到「咒」,说明应在何处修瑜伽。

དོན་དངོས་ལ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་དང༌། གཏོར་མའི་ཆོ་ག་དང༌། སྤྱོད་ལམ། ཟས། གཉིད། ལྡང་བའི་རྣལ་འབྱོར་དང༌། ལུང་དང་སྦྱར་བ་དང༌། རྣལ་འབྱོར་གྱི་ཡན་ལག་བྲིས་སྐུའི་ཆོ་ ག །ཚེས་བཅུའི་མཆོད་པ། །སྦྱིན་སྲེག་རྣམས་ནི་བསྐྱེད་རིམ་ཡན་ལག་དང་བཅས་པའོ། །རྫོགས་པའི་རིམ་པ་ནི་འདིར་ཐུན་མོང་མ་ཡིན་པ་སྟེ། །རྫོགས་པའི་རིམ་པ་དངོས་ཐུན་མཚམས་ཀྱི་བྱ་བ་ལ་སོགས་པའི་མཇུག་བསྡུ་བའོ། །དེ་དག་མཐར་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་སྟེ། དེ་ལ་དང་པོར་བསྐྱཻད་པའི་རིམ་པའི་ཏིང་ངེ་འཛིན་ལ། ཏིང་ངེ་འཛིན་མཆོག་གི་གནས་སུ་ཞེས་པ་ལ་སོགས་པ་སྟེ་འོག་ཏུ་ཁྲུས་དང་སྟན་དང༌། རླུང་བྱིན་གྱིས་རླབས་ཞེས་པས། ཨོཾ་བཛྲ་སཏྭ་བ་ཡུ་ཞེས་རླུང་བྱིན་བརླབ་བོ། །རྫོགས་སངས་ཞབས་ལ་རབ་བསྙེན་ནི། དེ་ལ་སོགས་པ་ལ་སྐྱབས་སུ་འགྲོ་བའོ། །སེམས་ཅན་སོགས་ནི་སེམས་བསྐྱེད་པ་བསྟན་ཏེ། དེ་ནས་ཨོཾ་རྡོ་རྗེ་ཕག་མོ་ཡེ་ཤེས་རྡོ་རྗེ་མའི་བདག་ཉིད་ངའོ། །ཞེས་རང་སེམས་རྣལ་འབྱོར་མའི་ངོ་བོ་བཞུགས་པ་རིག་པའི་སླད་དུའོ། །དེ་ལྟར་སེམས་བྱིན་ནས་ངག་དག་པ་སྙིང་ནང་སོགས་ཏེ་མི་ཤིགས་ཐིག་ལེ་བཾ་དང༌། ན་ད་ནི་ཧཱུཾ་གི་ཞེས་པའོ། །དེ་ནས་ལུས་དག་པ་ནི་འོད་ཀྱི་སོགས་ཏེ། དང་པོར་ཐ་མལ་གྱི་དབྱིབས་ཕྱི་ནས་རྩེན་མའི་སྐུར་བསྒྱུར་བ་སྟེ། ཡིད་ཀྱི་ངོ་བོ་གཡོ་བའི་རླུང་གིས་ལུས་འགྲུབ་པའི་གོ་རིམ་མ། ཁམས་དང་ནས། རྣམ་པར་བསམ་ཞེས་པའི་བར་གྱིས་བདག་བསྲུང་བ་དང༌། ན་ད་ཐིག་ལེ་ཞེས་པ་ནས་སྲུང་བའི་འཁོར་ལོ་བྱིན་གྱིས་རློབས་པའི་གནས་སྲུང་བ་དང༌། དྲི་མེད་འཆར་ཀའི་ཁ་དོག་སོགས་ཀྱི་རྣལ་འབྱོར་སྲུང་བའོ། །སྔགས་དག་ནི་ང་རྒྱལ་འཛིན་པ་ཡིན་ལ། པདྨ་དང་ཟླ་བ་ནི་ལུས། སྙིང་རྗེ་སོགས་ནི་རང་བཞིན་ཏེ་སེམས་ཞེས་བྱ་བ་སྟེ། དེ་ནས་སྙན་མེད་སོགས་ཀྱིས་སྲུང་བ་གསུམ་བརྟན་པའི་ཕྱིར་དྲན་པར་བྱའོ། །ཡི་གེ་ཐེག་ལེ་ཞེས་པ་ནས་བསིལ་བ་སྦྱིན་པར་ཤོག་གི་བར་གྱིས་བསོད་ནམས་ཚོགས་བསག་གོ

正行包括生起次第三摩地、朵玛仪轨、威仪、饮食、睡眠和起身的瑜伽、与教言相配、作为瑜伽支分的画像仪轨、初十供养和火供。这些是生起次第及其支分。

此处的圆满次第有其殊胜之处。实际圆满次第及座间所行等,都在末尾结摄。这些之后是摄受弟子的仪轨。

先说生起次第三摩地。「在殊胜三摩地之处」等,下文接浴洗、坐垫与「加持风」。念诵〔梵文 oṃ vajra satva vayu · 藏文 ཨོཾ་བཛྲ་སཏྭ་བ་ཡུ · 中文 嗡 瓦吉拉 萨埵 瓦尤〕,加持风。

「亲近正等觉者足下」等,是向彼等皈依。「众生」等说明发菩提心。接着说「嗡,我即金刚亥母、本智金刚母的本体」,用意在于认知自心本来住于瑜伽母体性。〔梵文 oṃ · 藏文 ཨོཾ · 中文 嗡〕

如是加持其心后,「心中」等是清净语。不可坏明点是〔藏文 baṃ · 藏文 བཾ · 中文 邦〕,细音则是〔梵文 hūṃ · 藏文 ཧཱུཾ · 中文 吽〕的细音。

接着「光明」等为清净身。首先从外转变平常身相,使之成为游戏母身,这就是以属意之体性的动风成办身体的次序。从「界」到「应观」,讲护自身。从「细音与明点」到加持护轮,讲护处所。「无垢如旭日之色」等,讲护瑜伽。

诸咒是持本尊慢,莲花与月轮是身,悲心等为自性,称为心。继而应忆念「无声」等,以坚固三重守护。从「种子字与明点」到「愿赐予清凉」,是积聚福德资粮。

། བདག་དང་སོགས་ནི་ཡེ་ཤེས་ཚོགས་བསགས། བདག་ཤཱུ་ནྱ་ཏ་སོགས་དང༌། བརྟན་གཡོ་གཞན་རྣམས་སྭ་བྷཱ་ཝ་སོགས་ཀྱིས་སྦྱང་བའོ། །དེ་ནས་བྷྲུཾ་སྣོད་ཀྱི་དག་པ་དང༌། འབྲུ་བཞིས་དུས་གཅིག་ལ་འགྲུབ་པར་སྒོམ། ཅི་ཞེ་ན་རྣམ་པར་རྩེན་མ་ཞེས་པ་ཡིན་ལ། མི་ཤིགས་ཐིག་ལེ་སོགས་ནི་རྗེ་བཙུན་མ་དཔག་ཏུ་མེད་པ་སངས་རྒྱས་རྣམས་དང་སྙོམས་པར་ཞུགས་པའི་ཐིག་ལེས། དབང་བསྐུར་ཁྱོད་ཀྱི་སོགས་ནི་དེ་དག་རྩེན་མའི་གོ་འཕང་ལ་བཀོད་པའོ། །ཨོཾ་ཨཱཿནས་ཞེས་བྱ་བའི་བར་འོད་གསལ་དུ་བསྡུ་བའོ། །འོད་གསལ་དངོས་ནི་ཛྙཱ་ན་བཛྲ་སོགས་ཏེ། དེ་དག་ནི་སྣོད་ཆགས་ནས་དུས་ཐ་མའི་བར་མི་བསྡུས་ཏེ་སྐྱེས་པ་ཉིད་ཇི་ཞིག་ནས་ཁམ་ཟས་ཀྱི་ལུས་དམན་པར་གྱུར། བགས་ཀྱི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ཅིང་སྤྱོད་ལ། །ཇི་ཙམ་ན་དུས་ལས་བཟླས་པ་རྣམས་མཚོན་ཞིང་སྦྱོར་བར་བྱེད་དེ་རྫུས་སྐྱེས་ཀྱི་རིམ་པའོ། །ཧཱུཾ་ཨཱཿཨོཾ་ལྡང་བ་སྟེ། རྣམ་མེད་ཀྱི་སྟོང་པའི་ངང་ནས་སེམས་བྱུང་ཕྲ་བ་རྣམས་གསལ་བར་གྱུར། དེ་ཚེ་སྣང་བ་ཀུན་གཡོ་ལ། དེ་ནས་བསྟན་པར་བསམ་པ་ཡིན་ནོ། ཨེ་ཨེ་སོགས་བསྐྱེད་པའི་ཚུལ་ཏེ། ཀུཎྜལ་རྣམས་ནི་བཞི་ཡིན་ལ། ཡེ་ཤེས་ཁུ་བ་དེ་བཞིན་གཤེགས་པ་རྣམས་ཏེ། དེ་ལ་གནས་རིགས་ཀུན་ཏེ་ཤེས་པའི་བར་རྡོ་རྗེ་སེམས་མའི་རྣམ་པ་དང༌། ཀུན་གཞིའི་ངོ་བོ་དེའི་ཞེས་པའོ། །ཟླ་བ་ནི་ཐིག་ལེ་བཞིའི་རང་བཞིན་རང་སྟེ་ཨེ་ཡིག་ནས་ནམ་མཁའ་མཉམ་པར་ཞེས་པའི་བར་འཕྲིན་ལས་སམ་མཛད་པ་སྟོན་པ་ཡིན་ལ། ཕྲང་བས་ཞེས་པ་ནི་ཐམས་ཅད་ཀྱི་མཁར་པདྨ་བསམ་པ་སྟེ་འདི་ནི་དྲོད་གཤེར་སྐྱེས་སྦྱོང་བ་སེམས་མ་མཛད་པ་བཅས་པའི་ཏིང་ངེ་འཛིན་ཏེ། འདི་ནས་བསྐུལ་ནས་ཞེས་པའི་བར་ཞུ་ཞིང་གླུས་བསྐུལ་བ། ལྷ་མོ་ནས་བསྐྱེད་མའོ་བར་གྱི་རྩེན་མ་སྒོམ་ཚུལ་ཏེ། ཅི་ལྟར་རོ་གཅིག་ན་ཉིན་བྱེད་སོགས་ཏེ། བྱང་ཆུབ་སེམས་ཀྱི་དབང་བསྐུར་ཞིང་ཐིམ་སྟེ་ཞེས་བྱ་ལ། དེ་ནས་དེ་ཡི་སོགས་ཀྱི་གོ་ཆ་དགོད་པ་དང༌།

「我与」等,是积聚智慧资粮。自身以「空性」等清净,其他一切器界众生以「自性」等清净。接着以〔梵文 bhruṃ · 藏文 བྷྲུཾ · 中文 布鲁姆〕清净器界,并观四种子字同时成办。这里所说的是什么?就是「游戏母」。〔梵文 śūnyata · 藏文 ཤཱུ་ནྱ་ཏ · 中文 舒尼雅达〕〔梵文 sva bhāva · 藏文 སྭ་བྷཱ་ཝ · 中文 斯瓦巴瓦〕

「不可坏明点」等,是说尊母与无量诸佛等至的明点。「以你的灌顶」等,是将彼等安立于游戏母果位。从「嗡 阿」至「吽」,是摄入光明。「智金刚」等是实际的光明。〔梵文 oṃ āḥ / hūṃ · 藏文 ཨོཾ་ཨཱཿ/ཧཱུཾ · 中文 嗡 阿/吽〕〔梵文 jñāna vajra · 藏文 ཛྙཱ་ན་བཛྲ · 中文 嘉那 瓦吉拉〕

这些从器世界形成直到时尽,人们都未曾收摄。生来便成为依赖段食的下劣身体,渐渐非理作意而行。观修以这些从时序至持诵的事为表征,与之相配,此即化生的次第。

以〔梵文 hūṃ āḥ oṃ · 藏文 ཧཱུཾ་ཨཱཿཨོཾ · 中文 吽 阿 嗡〕起现。从无相的空性中,微细心所逐渐显明。此时一切显相动摇,故应依下文所示而观想。〔梵文 e e · 藏文 ཨེ་ཨེ · 中文 诶 诶〕等,说明生起之法。诸圆轮共有四个,智慧白滴即诸如来。

从「处所与诸种姓」至「了知」,是说金刚萨埵母的形相与「彼阿赖耶的体性」。月轮本身就是四明点的自性。从「诶字」到「等同虚空」,是开示事业或行相。「直接」是说观所有空间处的莲花。这是净治湿生的三摩地,包括金刚萨埵母的事业。

从此至「劝请后」是消融与歌声劝请。从「天女」至「生起母」,讲观修游戏母的方式。如何成为一味?即「日轮」等,意为以菩提心灌顶而融入。然后「彼之」等是安置护甲,

དེ་ནས་སོགས་ཀྱིས་རྡོ་རྗེ་བཞི་དང་སྙིང་ཀའི་སོགས་ཀྱི་རླུང་བཅུ་དང༌། གཞན་ཡང་སོགས་ཀྱིས་ཁུ་རྡུལ་དང༌། ཆོས་ཀྱི་འབྱུང་གནས་སོགས་ཀྱིས་འོད་གསལ་གྱི་སྒྲིབ་པ་རྣམས་ཀྱི་རང་བཞིན་དུ་བྱེད་པ་བྱིན་གྱིས་རླབས་པ་སྟེ། གོ་ཆ་རྣམས་རྩེན་མ་ལྟ་བུ་དང༌། པདྨ་དམར་པོ་བེ་བླང་ཤར་གྱི་སྔོ། སྟེང་དཀར་འོག་དམར་ཨཾ་ཧཾ་ཉི་ཟླ་སྟེང་དང་འོག་ཏུ་ཆོས་འབྱུང་གི་དབུས་སུ་གནས་པ་དང༌། དེ་ནས་རྩ་ལྕུག་ནས་དེ་ལྟར་ན་ཞེས་པའི་མཐར་ཐུག་པ་གནས་བྱིན་རླབས་ཏེ་བྱིན་གྱིས་རླབས་པའི་ཏིང་ངེ་འཛིན་ཞེས་བྱའོ། །བདེ་བ་རྒྱལ་པོ་སོགས་ནི་རྗེས་ཆགས་ཏེ། འདིར་མང་པོའི་ལུས་ཅན་དུ་གྱུར་ནས་སོ། །ཀུན་གྱི་སོགས་ནི་རྡོ་རྗེའི་བཟླས་པ་སྟེ། འཁོར་བར་ནི་ཡུལ་ལ་གཡོ་བའི་སེམས་དང༌། འབྲས་བུ་ནི་ཡེ་ཤེས་ཀྱི་ལུས་བཅད་དུ་མེད་པ་རླུང་གི་བག་ཆགས་ཀྱི་རང་བཞིན་ཏེ། སྔགས་ཀྱང་དེའི་གདོངས་ཡིན་ལ་བཛྲ་ཛཿབྱ་ཚུལ་ཟླ་བར་སོགས་ཏེ། པདྨ་སྔོན་པོ་དང༌། ཟླ་གདན་ལ་ཧཱུཾ་ཕྱིར་ནི་ཡུལ་གསལ་པ་སྙིང་སྟོབས་བདེ་བ་ལ་དམིགས་ཙམ་དང་གནས་པ་ནི་སྣང་བ་གཡོ་ཞིང་ཧཱུཾ་གསལ་བར་དམིགས་པ་དང༌། འཇུག་པ་ཕྱི་རོལ་གྱི་སྣང་བ་བསྡུས་ནས་འོད་ཟེར་ཙམ་ལ་དམིགས་པའོ། །དེ་ནི་གནས་སྐབས་ཀྱི་དབང་དུ་བྱས་པའི་དོན་དམ་དང༌། གཞན་གྱི་ཏེ་ཀུན་རྫོབ་བོ། །དེ་ནས་ཀུན་རྫོབ་ཀྱི་བཟླས་པས་སྤྱོད་པ་རྒྱུ་བ་སོགས་ནི་སྤྲུལ་པ་འཆང་སོགས་གསང་སྔགས་ཆེན་པོ་རྫོགས་པའི་བར་རོ། །དེ་ནས་འོད་གསལ་དུ་གཞུག་པ་ནི་སྤྲོས་པ་སོགས་ཏེ། །འགྲོ་བ་རྣམས་ཐིག་ལེར་ཞུ་ནས་དབང་བཞི་ཐོབ་ཅིང་རྡོ་རྗེ་སེམས་དཔར་བསམ་ནས་ཨོཾ་ཀཱ་ཡ་སོགས་བརྗོད་པར་བྱ་བ་མཛད་དེ་མཛད་ནས་ཞེས་པའོ། ཁ་ཅིག་ལས་ནི་སྤྱོད་པ་ཉིད་དུ་འདུས་པའི་འདི་མེད་ཀྱང་རུང་ཞེས་གསུང་ངོ༌། །དེ་ནས་འོད་གསལ་ལ་གཞུག་ཅིང་མཉམ་པར་བཞག་པ་ནི། ཨོཾ་སོགས་ཏེ་ཇི་ལྟར་ཞེ་ན། བདེ་ཆེན་སོགས་སོ། །དེ་རྣམས་མངལ་སྐྱེས་སྦྱོང་བ་རྩེན་མའི་ཏིང་ངེ་འཛིན་ཏོ།

「然后」等讲四金刚,「心间」等讲十风,「复次」等讲白滴与红滴,「法源」等讲施作加持,使光明诸障成为其自性。诸护甲形如游戏母。红莲、白芥等,东方为蓝色,上白下红,「阿姆」「杭」、日轮和月轮上下安住于法源中央。〔梵文 aṃ haṃ · 藏文 ཨཾ་ཧཾ · 中文 阿姆 汉〕

从「细脉」到「如此则」,是处所加持,称为加持三摩地。「乐王」等指随染,这是已经成为具众多身相之后的事。

「一切之」等,是金刚持诵。在轮回中,心向外境动转。就果位说,是不可分割的智慧身,其自性为风的习气。密咒是它的面貌。「应作金刚札」是下文「月轮」等所说。〔梵文 vajra jaḥ · 藏文 བཛྲ་ཛཿ · 中文 瓦吉拉 札〕

蓝莲、月座上的吽字,「外」是明现的境,初仅以心力与乐为所缘。安住时,观显相动转而吽字明晰。入时,收摄外在显相,仅缘光芒。这依当下阶段称作胜义,另一种为世俗。〔梵文 hūṃ · 藏文 ཧཱུཾ · 中文 吽〕

随后,「以世俗持诵行持威仪」等,从「持化现」等直到广大密咒结束。随后由「放出」等令入光明。众生融为明点,受四灌,观为金刚萨埵,念〔梵文 oṃ kāya · 藏文 ཨོཾ་ཀཱ་ཡ · 中文 嗡 卡雅〕等,这就是文中所说的「施作后」。有的教授说,此仪节已经摄入行持,有时可以略去。

随后令入光明并平等安住,是〔梵文 oṃ · 藏文 ཨོཾ · 中文 嗡〕等。如何安住?如「大乐」等所说。上述是净治胎生的游戏母三摩地。

།སླར་ཡང་ནི་སྐུར་བཞེངས་ཏེ་ཞེས་པ་འགྲེས་པ་སྟེ་བྱང་ཆུབ་པའོ། །ཞེས་པའི་བར་དུ་སྟེ་ཟླ་བ་དང་ཟླ་བ་ལ་སོགས་པ་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པའོ། །གལ་ཏེ་ཐུན་མཚམས་སུ་མི་འཇུག་ན་སྤྱོད་པ་ལ་རྒྱུ་སྟེ་རྡོ་རྗེ་བཞི་བྱིན་གྱིས་རླབས་ནས་འཇུག་པ་འདི་ནི་སྒོང་སྐྱེས་སྦྱོང་བྱེད་དོ། །ཅི་སྟེ་ཐུན་མཚམས་སུ་ལྡང་བར་འདོད་ན། དེ་ནས་གོ་ཆ་སོགས་རྡོ་རྗེ་བཞི་ནི་མངོན་སུམ་དུ་བསམ་པར་བྱ་བ་ཡིན་ནོ། །གང་གི་མཚན་མོའི་སོགས་གཏོར་མའི་ཆོ་ག་སྟེ། ཧེ་རུ་ཀ་དཔལ་ནས་མཛོད་ཅིག་གི་བར་བསྟོད་ཅིང་གསོལ་བ་གདབ། ཚུལ་ཁྲིམས་སོགས་ཀྱིས་བཞུགས་སུ་གསོལ་ནས་སྤོས་དང་སོགས་ཀྱི་མཆོད་པ་དང༌། རྣམ་པར་རྟོག་པ་སོགས་ཀྱིས་བསྟོད་ཅིང་རྗེས་སུ་འཛིན་པར་གསོལ་བ་གཏབ། བཛྲ་ཨཱ་རལླི་སོགས་ཀྱི་འཇིག་རྟེན་པའི་གཏོར་མ་དང༌། ནཱ་ཐཱ་ཧོའི་བར་གྱིས་མེ་ཏོག་འབུལ་བ་དང༌། དེ་ནས་ནི་ཁམས་ལ་ཏེ་རང་བཞིན་གཞུག་པར་བྱ་སྟེ། དེ་ལྟར་ན་གཏོར་མའི་ཆོ་གའོ། །དེ་ནས་སོགས་ཀྱིས་སྤྱོད་ལམ་དང༌། ཟས་རྣམས་ཀྱི་སོགས་ཁ་ཟས་ཀྱི་རྣལ་འབྱོར་དང༌། གཉིད་ནི་རྨི་ལམ་སོགས་སད་རྨིའི་རྣལ་འབྱོར་བསྡུས་ཏེ་བསྟན་པ་དང༌། འོད་གསལ་གྱི་རྣལ་འབྱོར་གྱི་ཉལ་བ་དང༌། སྔགས་ཀྱི་སོགས་ལྡང་བ་སྟེ། དེ་ལ་དངོས་པོ་མེད་པའི་ཚུལ་ནི་ཐམས་ཅད་ལ་རྣམ་པར་མི་རྟོག་པར། སྟོང་པ་ཉིད་ནི་རྟག་པའོ། །ཅི་ལྟར་དབང་པོ་མི་འགག་ཞེ་ན། ཐབས་དང་སོགས་ཏེ་འདིས་ནི་ཨ་ནུ་ར་ག་ཡང་བརྟན་ལ། དེ་ནས་ལུང་དང་སྦྱར་བ་ནི་རྨི་ལམ་ལྟ་བུའི་ནས་རྣམ་པར་བཀྲལ་བས་སོ་ཞེས་པའི་བར་ཧེ། སྤུ་དང་སོགས་ནི་འོད་འཕྲོ་བ་དང༌། སྤྲུལ་པ་འགྱེད་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱི་ཚིམ་པ་དང༌། རྩ་རྣམས་རང་འདྲས་གང་བ་སྟེ་ཁྱད་པར་བཞི་ལྡན་དང༌། དག་པའི་རང་བཞིན་ནི་ལུས་དག་པས་དང༌། བདེ་བའི་རྒྱལ་པོ་ནི་རྗེས་ཆགས་དང༌། རྒྱུད་ཆུང་དེར་གཏོར་མ་བྱིན་རླབས་ཡང༌། རང་བཞིན་གྱིས་ཞེས་འབྱུང་བའི་འབྲུ་དྲུག་གིས་འབྱུང་བའི་རང་བཞིན་གསལ་གདབ་པ་ཙམ་སྟེ།

「再度现起为身」是连承前句,直到「觉悟」。也就是以月轮和月轮等五种现觉生起。若此时无间歇,便继续行持。加持四金刚后进入瑜伽,这一段是净治卵生。若要从这一座起身,接着就应如实观想「护甲」等四金刚。

「某夜」等是朵玛仪轨。从「吉祥嘿鲁迦」到「请作」,是赞颂与祈请。以「戒」等请安住,以「香与」等供养,以「分别念」等赞颂并祈请摄受。以〔梵文 vajra āralli · 藏文 བཛྲ་ཨཱ་རལླི · 中文 瓦吉拉 阿拉利〕等献世间朵玛,至〔梵文 nāthā ho · 藏文 ནཱ་ཐཱ་ཧོ · 中文 纳塔 霍〕是献花。然后令〔所请尊众〕归入自性界。这就是朵玛仪轨。

「然后」等讲威仪,「饮食之」等讲饮食瑜伽。「睡眠即梦」等简要开示醒时与梦时的瑜伽,其后是光明瑜伽的睡卧法,「咒之」等讲起身。

其中,所谓无实有,是对一切不起分别。空性恒常。若问诸根如何能不停止作用,答以「方便与」等文。这也使随染坚固。随后与教证相配,是从「如梦」直到「详细阐释」。

「毛孔与」等,指放光、散布化身、由菩提心相续而满足、以与自身同类者充满诸脉,具有这四种殊胜。所谓「清净自性」,是因为身清净。「乐王」指随染。该小续也有朵玛加持,「以自性」等只用六个种子字显明诸元素的自性,

ཚེས་བཅུའི་མཆོད་པ་ནི་མ་གཏོགས་སོ། །གང་གིས་སོགས་བཟླས་པའི་གྲངས་ཏེ་རྣལ་འབྱོར་དངོས་རྫོགས་སོ། །གཞན་ཡང་ནས་ཤིན་ཏུ་གསང་བས་ཞེས་པའི་བར་གྱིས་བྲིས་སྐུའི་ཆོ་ག་སྟེ་རྡོ་རྗེ་རྣམ་བཞི་དང་ནི་དེའི་ས་བོན་མཁས་ནི་ཆོས་འབྱུང་ཉིས་བརྩེག་གོ །སྒོམ་ཞིང་སོགས་ནི། ལྷར་སྒོམ་པ་སྟེ་ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་བའོ། །ཅི་ལྟར་སྒོམ་ན་བརྟན་པའི་དངོས་པོ་ལ་དྲོད་གཤེར་སྐྱེས་ལྟར་སྔགས་ཙམ་གྱིས་ཏེ་འཁྱུད་པ་སྔོན་དུ་འགྲོ་བ་ལྷག་པར་བསྔགས་ལ། དེ་ནས་མཆོད་བསྟོད་བཟོད་པ་གསོལ་བ་བྱའོ། །ཞེས་པའོ། །རྩེ་གཅིག་ནི་རྡོ་རྗེ་དང༌། རྡོ་རྗེ་ནི་རྩེ་དགུ་པ་དང༌། ཕྱི་མ་ནི་རྩེ་ལྔའོ། །ཧཱུཾ་ཛྲི་ཨཾ་ཧཱུཾ་མཾ་ཁཾ་པཾ་བྲུཾ་གྱིས་མཚན་པ་དགའ་བ་འཁྱིལ་པ་ཅན་ནོ། །རྡོ་རྗེ་བཞིའི་སྔགས་ནི།

其中未列初十供养。「由何」等是持诵数,至此正行瑜伽结束。

从「复次」至「因极秘密」,讲画像仪轨。「四金刚」是它的种子字,「善巧者」是指重叠的两层法源。「观修」等是观为本尊,请入智慧尊并授灌顶。如何观修?对于牢固之物,如湿生一般,只依密咒成办。其中先行拥抱,是特意称扬的,之后应供养、赞颂并祈求容恕。

「一股」是金刚杵,「金刚杵」是九股杵,后一种是五股杵。以〔梵文 hūṃ jri aṃ hūṃ maṃ khaṃ paṃ bruṃ · 藏文 ཧཱུཾ་ཛྲི་ཨཾ་ཧཱུཾ་མཾ་ཁཾ་པཾ་བྲུཾ · 中文 吽 兹利 阿姆 吽 玛姆 康姆 帕姆 布鲁姆〕为记号,即具盘旋喜者。

四金刚诸咒,以如下咒语等作围绕,另有诸大触鬘。

藏文 ཨོཾ་ཨཱཿཧཱུཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་ཧཱུཾ་ཕཊ
梵文 oṃ āḥ hūṃ oṃ sarva buddha ḍākiniye hūṃ phaṭ
中文 嗡 阿 吽 嗡 萨尔瓦 布达 达吉尼耶 吽 帕特

་སོགས་ཀྱིས་བསྐོར་བ་དང༌། རེག་པའི་ཕྲེང་བ་ཆེན་པོ་རྣམས་ཡིན་ལ། སྤྱན་དབྱེར་བཅས་སོགས་ནི། དང་པོ་ལེགས་པར་བཞུགས་སུ་གསོལ་བ། དེ་ལ་བགེགས་སྦྱངས་བ་དང་དྲི་མ་བཀྲུས་ནས་སྤྱན་དབྱེ་བྱས་ཏེ་དབང་བཞི་པོ་རྣམས་བསྐུར་ནས་བརྟན་བཞུགས་སོགས་བྱ་སྟེ། ཅིའི་ཚུལ་གྱིས་འབྲི་ཞེས་ན་འབྲི་བ་པོ་སོགས་སོ། །༈ ཟླ་བ་མར་སོགས་ཚེས་བཅུའི་ཆོ་ག་སྟེ། བནྟུ་སོགས་ནི་མཆོད་པ་སྣ་ཚོགས་སོ། །ལྕགས་ཀྱུ་ལྔ་སོགས་ཀྱི་ས་བོན་ནི་རིགས་ལྔ་དང་ཡུམ་བཞིའི་འོ། །རྡོ་རྗེ་ནི་ལྟེ་བར་ཉི་མ་དང་ཨོཾ་ཐུར་ལྟས་ཅན་དང༌། རྡོ་རྗེ་བཞིའི་བྱིན་རླབས་ནི།

「连同开眼」等是说,先善为祈请安住,净除障碍、洗去垢染,给画像开眼,授予四灌,随后作坚住等。若问以何方式绘像,从「画师」等可知。

「月轮下落」等,是初十仪轨。〔梵文 bantu · 藏文 བནྟུ · 中文 班图〕等是各种供养。「五钩」等种子字属于五部与四佛母。「金刚杵」在脐处,有日轮与朝下的嗡字。四金刚的加持是念下咒。〔梵文 oṃ · 藏文 ཨོཾ · 中文 嗡〕

藏文 ཨོཾ་ཀ་ཡ་ཝ་ཀ་ཙིཏྟ་ཛྙཱ་བཛྲ་སྭཱ་བྷ་བ་ཤུདྡྷ་སརྦ་དྷརྨ་ཀ་ཡ་ཝཀ་ཙིཏྟ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཤུདྡྷོ྅ཧཾ
藏文 oṃ kāya vāka citta jñā vajra svābhava śuddha sarva dharma kāya vāka citta jñāna vajra svābhāva śuddho ’haṃ
中文 嗡 卡雅 瓦卡 吉塔 嘉 瓦吉拉 斯瓦巴瓦 舒达 萨尔瓦 达尔玛 卡雅 瓦克 吉塔 嘉纳 瓦吉拉 斯瓦巴瓦 舒多汉

། ཞེས་པ་དང༌། ལག་མཆོད་ནི་ལག་བྱིན་རླབས་སོགས་དང༌། མཁའ་འགྲོ་དང་ཕྱོགས་སྐྱོང་ལ་བ་ལིཾ་བྱས་ཏེ་སྔར་བཤད་པའི་ཏིང་ངེ་འཛིན་གྱི་རིམ་པའི་མཐར་མདུན་བསྐྱེད་བཟླས་པ་དང་བཅས་པ་དང༌། ཕྱི་ནང་རྗེས་ཆགས་བསྟོད་པ་གཏོར་མ་སོགས་ཀྱི་མཆོད། དེ་བཞིན་སོགས་བུམ་པ་སྒྲུབ་པ་དང༌།

手供依手部加持等而作,并向空行母和护方神献食子。依先前所说三摩地次第,末尾作对生及持诵,行外供、内供、随染、赞颂、朵玛等供养。「同样」等说成办宝瓶,

གང་ཡང་སོགས་ཀྱི་ནི་གཞོན་ནུ་མའི་མཆོད་པ་བསྟན་ཏེ་དགོས་པ་ཅི་ཞེ་ན། སངས་རྒྱས་རྡོ་རྗེ་སློབ་དཔོན་སོགས་ཏེ། མདོར་ན་དེ་དག་གིས་མཐར་རང་རྒྱུད་དག་ལ་སོགས་ཏེ་བྱིན་རླབས་ཀྱི་ཏིང་ངེ་འཛིན་འོག་ནས་འབྱུང་བ་བཞིན་ནོ། །དངོས་གྲུབ་ཕྱིར་ནས་ཤེས་བྱའི་བར་གྱིས་སྦྱིན་སྲེག་སྟེ། དེ་ལ་འཁོར་ལོ་ལྷག་པར་མོས་པ་ནི་རྗེ་བཙུན་མ་སྒོམ་པ་སྟེ་དབང་བསྐུར་བའི་མཐར་ཐུག་པའོ། །འདི་ལ་སོགས་པ་གཞན་དུ་རྒྱས་པ་བཤད་དོ་ཞེའོ། །༈དེ་ནས་རྫོགས་རིམ་ནི་ཐིག་ལེའི་རྣལ་འབྱོར་དང༌། གཏུམ་མོ་དང༌། དྲོད་རྟགས་ཐོན་པའི་བྱ་བ་སྟེ་དེ་རྣམས་ཡིན་ལ་མི་ཤིགས་པའི་ཐིག་ལེ་ནི་ཧཱུཾ་སྔོན་པོ་དང༌། ཁམས་ནི་མདུན་གྱི་བར་སྣང་དང་བརྗོད་དུ་མེད་པ་ནི་ཐིག་ལེ་ལ་སོགས་ཛྱཽ་ཏི་དང༌། ཇི་ཙམ་དུ་བསྒོམ་ཞེ་ན་ཛྱཽ་ཏི་བརྟན་ཞིང་རྨི་ལམ་སོགས་ཏེ་ཙནྡྲ་ལ་ལ་འཇུག་གོ །ནམ་མཁའི་ལམ་ནི་སྟོང་པའི་གནས་མཚན་མ་འཛིན་མི་ནུས་པ་དང༌། སྨན་ལྗོངས་ནི་བྷ་ག་དང༌། ཆུ་སྐྱེས་ནི་ཉི་མ་དང་བཅས་པ་དང༌། དྲི་མེད་བདུད་རྩིའི་ཧཾ་ལས་བྱུང་བ་སྟེ། མཉེས་པ་སོགས་ནི་ཐིམ་ནས་དྲོད་རྟགས་ནི་མེ་དང་སོགས་ཏེ་དུར་ཁྲོད་སོགས་ནི་དེ་ནས་སྒོམ་པར་བྱ་ཞེས་པ་སྟེ། དེ་བརྟན་པ་རྨི་རྟགས་འོད་ཀྱི་སོགས་དང༌། ཉམས་རྟགས་ནི་རི་དྭགས་སོགས་ཏེ་རྟགས་ལྔའོ། ། ཁམས་གསུམ་སོགས་ནི་དེ་ལྟར་སྔར་བཤད་པའི་མཉམ་བཞག་ཐུན་མཚམས་བསྐྱེད་རྫོགས་རྣམས་ཀྱི་དོན་བསྡུས་པ་སྟེ་རང་གི་རྣལ་འབྱོར་རོ། །དེ་ནས་སློབ་མ་རྗེས་སུ་འཛིན་པར་འདོད་ན་དད་བརྩོནསོགས་ཀྱི་མཚན་ཉིད་ཅན་དེས་ཁྱོད་ནི་སོགས་གསོལ་བ་བཏབ་པས། རྫས་དག་སོགས་དྲེས་ན། དེ་ཚེ་གདུག་པའི་ཚོགས་བགེགས་སྦྱང་བ་སྟེ། སུམྦྷས་མ་མོ་སྤྲོས་ལ་དེ་ནས་ཕུར་བུས་སོགས་དང༌། སྔོན་དུ་དབང་མ་ཐོབ་ན་མཁའ་འགྲོ་རྒྱ་མཚོ་ལ་སོགས་པའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་བར་བྱའོ། །དེ་མཐར་རྒྱུ་བ་མེད་པ་སོགས་ཀྱི་གནས་སུ། ཚེས་བཅུའི་ཆོ་ག་བཞིན་བྱ་ལ།

「凡有」等说明少女供养。若问有何必要,即「佛、金刚阿阇黎」等。总之,这些最后「净治自相续」等,依下文的加持三摩地而作。

从「为悉地」直到「应知」是火供。其中「对轮作殊胜胜解」指观修尊母,直到灌顶为止。这些在别处有详细解释。

接着是圆满次第,包括明点瑜伽、拙火与出现暖相的作法。不可坏明点是蓝色种子字〔梵文 hūṃ · 藏文 ཧཱུཾ · 中文 吽〕。「界」指面前的虚空。「不可言说」指明点等与光焰。要观多久?待光焰坚固而有梦兆等,便入「月」法。

「虚空之道」指空性的处所,无法执取为相。「药乡」指薄伽。「水生」指与日轮俱的莲花。无垢甘露从种子字〔梵文 haṃ · 藏文 ཧཾ · 中文 杭〕生。「令欢喜」等融入后,暖相为火等。「尸林」等是说随后应观修。稳定后,有「光」等梦兆,觉受的征相有「野兽」等,共五相。

「三界」等是如前所说等持、座间、生起和圆满的义理总摄,也就是自身修持的瑜伽。

随后如欲摄受弟子,具有信、精进等条件者以「您是」等文祈请,调和各种供物。此时「暴恶之众」是净除障碍,以〔梵文 sumbha · 藏文 སུམྦྷ · 中文 苏姆巴〕咒放出诸母神,然后以普巴等办理。未曾受过灌顶者,应令进入空行海等坛城并授灌顶。其后于「不游行」等处,依初十仪轨而作。

བཅོམ་ལྡན་ཡེ་ཤེས་ཀྱིས་གསོལ་བ་བཏབ་ནས། དབང་གི་བུམ་པ་དང་སློབ་མ་ལ་བསང་བའི་ཆུ་དང་བྱིན་གྱིས་རླབས་པའི་ཆོ་ག་རྣམས་ཀྱང་བྱས་ཏེ། གཞོན་ནུ་མ་སོགས་ཀྱི་པདྨ་ཅན་ལ་སོགས་ཡང་ཞེས་ པའོ། །རྡོ་རྗེ་སློབ་དཔོན་གང་དག་མཉེས་པས་ལམ་དུ་ཡང་མ་གོས་དག་གིས་ནི་བྱིན་གྱིས་རླབས་པའི་ཏིང་ངེ་འཛིན་ལ་འཇུག་མི་དགོས་ལ། ཕྱི་རོལ་སོགས་ནི་འབྲུ་ལྔས་མིག་རས་ཀྱང་བཅིངས་ལ་སུམ་བྷས་བགེགས་བསྐྲད་འབྲུ་གསུམ་གྱིས་སྲུང་བྱང་ཆུབ་ཏུ་སེམས་བསྐྱེད། དམ་ལ་བཞག་ནང་དུ་གཞུག །བཟང་པོའི་ཡི་གེ་འཕྲེང་བ་ནི་སྔར་བཤད་པའི་རྡོ་རྗེ་བཞིའི་སྔགས་ཏེ་འདིར་ཆོས་འབྱུང་སོགས་ནི་མི་སྒོམ་ལ། ཐིག་ལེ་ནི་ཨོཾ་སོགས་ཐིག་ལེ་དབུས་སུ་གནས་པ་དཔག་ཏུ་མེད་པ། སྒྲིབ་པ་ཞེས་པ་དེས་སློབ་མའི་སྒྲིབ་པ་ཞེས་པའོ། །དེ་ནི་བྱིན་གྱིས་རླབས་ཀྱི་ཉེར་བསྡོགས་དང༌། ཧཱུཾ་ཡིག་སོགས་ཤེས་རབ་ཀྱི་དང༌། དགེ་སློང་སོགས་བདེ་ཆེན་གྱི་ཉེར་བསྡོགས་སོ། །དེ་ནས་རྣལ་འབྱོར་རོ་གཅིག་སོགས་དང་ཇི་ལྟར་སོགས་ཀྱིས་གསོལ་བ་བཏབ། དེ་ལ་སློབ་དཔོན་གྱི་ལུས་ངག་ཡིད་དང་གནས་ཁང་དག་པར་བསྟན། ཨོཾ་ཨཱཿཧཱུཾ་ཞེས་དང༌། ཨོཾ་སི་ཐོསྶི་ཐ་སོགས་གཞུག་དེ་དང་ནང་འཇུག་གི་སྔོན་འགྲོའོ། །དངོས་གཞི་ནི་ལྷག་པ་སོགས་ཏེ་སློབ་མའི་ལུས་ཐང་ཤ་བཅད། སློབ་མ་རང་ཉིད་རྩེན་མ་ག་ཆ་ཅན་རྩ་གསུམ་ལ་ཨ་བ་དྷཱུ་ཏཱི་ཡས་མས་དབུས་སུ་ཉི་ཟླ་ཐིག་ལེ། སངས་རྒྱས་རྣམས་སྤྱན་དྲངས་རླུང་གི་ཚུལ་གྱིས་དྷཱུ་ཏཱིར་འཁོར་བས་ལུས་དང་སོགས། ཕྱི་རོལ་དང་ལྷན་ཅིག་རླུང་ཐིག་ལེར་བསྡུའོ། །པྲ་ཏི་གྲྀཧྞ་སོགས་ཀྱང་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་བསྟན། ལྷ་མོ་ཞེས་པ་ནས་ཏརྻ་མའི། དབང་བཞི་ལ་སོགས་ཤེས་པར་བྱ་སྟེ། དངོས་པོའི་རང་བཞིན་སྒྲུབ་བཞིན་དང༌། དབང་གིས་སོགས་ཀྱིས་ཆུ་ཅོད་ཀྱི་དབང་བསྐུར་བ། སྐུའི་བྱིན་རླབས་དངོས་ནི་ལྟོས་ཤིག་སོགས། ང་རྒྱལ་བཟུང་བ་ནི། ཨོཾ་ཀཱ་ཡ་སོགས་བྱིན་གྱིས་རླབས་པ་སོགས་ནི་ཕན་ཡོན་དང༌།

以「世尊智慧」祈请之后,也作灌顶宝瓶、洒净弟子的水与加持仪轨,即「少女」等所说的「具莲」等。

以令金刚阿阇黎欢喜而入道、全未染污者,无须进入加持三摩地。「外」等是以五个字也系上眼巾,以〔梵文 sumbha · 藏文 སུམ་བྷ · 中文 苏姆巴〕逐障,以三个字守护,发菩提心,令安住于誓言中,再领入内。

「善妙的字鬘」是前说四金刚咒。此处无需观法源等。「明点」是嗡字等安住在明点中央,无有量边。其中的「障」,指弟子的障碍。此为加持前行。「吽字」等是智慧前行,「比丘」等是大乐前行。〔梵文 oṃ / hūṃ · 藏文 ཨོཾ/ཧཱུཾ · 中文 嗡/吽〕

接着以「瑜伽一味」等及「如何」等祈请。这开示阿阇黎身语意与处所清净。念〔梵文 oṃ āḥ hūṃ · 藏文 ཨོཾ་ཨཱཿཧཱུཾ · 中文 嗡 阿 吽〕和〔藏文 ཨོཾ་སི་ཐོསྶི་ཐ · 中文 嗡 悉托 悉塔〕等,是请入及入内的前行。

正行以「殊胜」等开始,判定弟子身的〔范围,原语待校〕。观弟子自身为具护甲的游戏母,具三脉。从中脉上下汇至中央,是日月明点。迎请诸佛,以风的方式在中脉运行,因而将身等连同外相收摄入风明点。还应念〔梵文 pratigṛhṇa · 藏文 པྲ་ཏི་གྲྀཧྞ · 中文 普拉谛 格利哈纳〕等。

随后展示坛城。从「天女」到「达尔雅母」,应知四灌等,如其本体所成办。「以灌顶」等,是授水灌顶与冠灌顶。实际的身加持是「请观」等,持本尊慢是〔梵文 oṃ kāya · 藏文 ཨོཾ་ཀཱ་ཡ · 中文 嗡 卡雅〕等,加持等则说明利益及下文诸次第。

དེ་ནས་སོགས་ནི་ཡོན་འབུལ་བ་བཟའ་བཏུང་སོགས་ཀྱི་ཚོགས་ཀྱི་འཁོར་ལོ་བྱ་ཞེས་ཏེ་ཚུལ་འདིའི་ཆོ་ག་ནི་བདག་གིས་གཞན་དུ་བཤད་ཞེས་ཏེ། སྐུའི་བྱིན་རླབས་བུམ་པའི་དབང་ངོ༌། །པདྨ་ན་གོང་སོགས་ནི་གསང་དབང་སྟེ། གསོལ་གདབ་ཕྱག་འཚལ་ངག་འབུལ་སྟེ། ཆུ་ཅོད་ཀྱི་དབང་བསྐུར་ནས་སློབ་དཔོན་སོགས། བདེ་བར་གཤེགས་རྣམས་ཞུ་བའི་ཁུ་བ་སོགས། ཕྱག་རྒྱའི་བྷ་གར་མེ་ཏོག་འབུལ་བ་ནི། སླར་ཡང་སོགས། དངོས་གཞི་ནི་ལྟ་ཞིང་སྒོམ་ཞེས་དང༌། དེ་ནས་ང་རྒྱལ་བཟུང་ནས་བཟླས་ལུང་སྦྱིན་པ་སློབ་དཔོན་གྱི་སྙིང་ཁའི་ཧཱུཾ་གི་ནཱ་དའི་སོགས་སོ། །དེ་ནས་མཎྜལ་ལ་གསོལ་གདབ་ཕྱག་འཚལ། ཡོན་ཕུལ་ན་ཆུ་ཅོད་ཀྱི་དབང་བསྐུར། དངོས་གཞི་ནི་དེ་ལ་ནི་སོགས་རྣལ་འབྱོར་ཅན། སློབ་མ་རང་དེར་བསྒོམ་པ་སྟེ། དེ་ནས་མཁའ་གསང་སོགས། ནཱ་ཊི་ནི་བཛྲ་དྷ་ཏི་ཤྭ་རི་ཞེས། ཡི་གེ་རྡོ་རྗེ་བཞི་དང་གོ་ཆའོ། །འོལ་བྱི་སོགས་བརྡའ་སྤྲད་ནས་ཕྱི་རོལ་དུ་འབྱུང་བར་བྱ་ཞེས་པའོ། །དེ་ནས་ང་རྒྱལ་བཟུང་ནས། བཞི་པའི་དོན་དུ་མཎྜལ་དང་གསོལ་གདབ་ཕྱག་འཚལ་ཏེ་ལ་ཀ་ཕུལ་ཏེ་ཆུ་ཅོད་ཀྱི་དབང་བསྐུར་སླར་ཡང་གསོལ་བ་གདབ། བུམ་དབང་སོགས་དངོས་གཞི་ནི་གཤེགས་དང་སོགས་འདིར་དབང་པོའི་ཚོགས་རྣམས་སོགས་ཀྱང་བརྗོད་པར་བྱ་ཞིང༌། གསུང་ཐུགས་སོགས་ནི་སྔར་བཤད་པ་ཀ་ཡའི་གནས་སུ་ཝཱཀ་ཙིཏྟ་ཛྙཱ་ན་རྣམས་གཞུག་པ་སྟེ་ཡང་ན་བ་དང༌། རེ་རེའི་མཐར་ཐིག་ལེ་སོགས་ཏེ་དཀྱིལ་འཁོར་ནི་སིནྡྷུ་ར་ཙནྚ་ལིའི་བདག་ཉིད་ཀྱི་ཐིག་ལེ་བྱས་ནས་ཆེད་དུ་བརྗོད་པ་དང༌། དམ་རྫས་རྣམས་བརྗོད་ནས་

「然后」等说应献供礼,作有饮食等的会供轮。这一仪轨的作法,我已在别处讲过。上述身加持是宝瓶灌顶。

「莲花中先前」等是秘密灌顶。祈请、礼拜而献言语供,授水灌顶和冠灌顶以后,有「阿阇黎」等、「诸善逝消融之白滴」等。向手印的莲处献花,是「再次」等。正行是「观看并观想」等。之后持本尊慢,授予持诵的口传,即「阿阇黎心中吽字的细音」等。〔梵文 hūṃ · 藏文 ཧཱུཾ · 中文 吽〕

之后供坛城、祈请、礼拜。献供礼后授水灌顶和冠灌顶。正行是「于此」等,谓瑜伽行者,弟子自观即是此尊。然后是「虚空秘密」等。「脉」是〔梵文 vajra dhātiśvari · 藏文 བཛྲ་དྷ་ཏི་ཤྭ་རི · 中文 瓦吉拉 达谛 湿瓦利〕,说到种子字、四金刚与护甲。以「欧吉」等授予暗语,随后应出外。

接着持本尊慢,为求第四灌顶献坛城、祈请、礼拜,献染料,授水灌顶和冠灌顶,再度祈请。宝瓶灌顶等的正行见「请临」等。此时也应念「诸根之聚」等。「语意」等,是在前述「卡雅」的位置分别代入「瓦克」「吉塔」「嘉那」。也可用「巴与」等。各句末有「明点」等。所谓坛城,是以朱砂作拙火自性的明点,再说特意宣说的偈语。〔梵文 kāya / vāk / citta / jñāna · 藏文 ཀ་ཡ/ཝཱཀ/ཙིཏྟ/ཛྙཱ་ན · 中文 卡雅/瓦克/吉塔/嘉纳〕

说了诸三昧耶物之后,念下咒,即「光明」等。所作标志,其自性是无实有。随后持本尊慢,即实际的加持。

藏文 ཨོཾ་ཨཱ་ཤུ་ནྱ་ཏ་ཧཱུཾ་ཛྙཱ་ན་བཛྲ
梵文 oṃ ā śunyata hūṃ jñāna vajra
中文 嗡 阿 舒尼雅达 吽 嘉纳 瓦吉拉

་ཏེ་འོད་གསལ་སོགས། རྟགས་པ་ནི་དངོས་མེད་ཀྱི་རང་བཞིན་ནོ། །དེ་ནས་ང་རྒྱལ་བཟུང་བ་སྟེ་བྱིན་རླབས་དངོས་སོ། །སིནྡྷུ་རའི་དཀྱིལ་འཁོར་ཐིག་ལེ་གསང་དབང་གི་མཐར་དཔྲལ་མགྲིན་དང༌། བཞི་པའི་མཐར་སྙིང་ལྟེ་བར་ཆབ་གཅིག་ཏུ་བྱེད་པ་སོགས་འགའ་ཞིག་གི་ལག་ལེན་དུ་ངེས་པ་ཅུང་ཟད་རེ་ཡང་སྣང་ངོ༌།

一些实修中还有个别细节。秘密灌顶末,将朱砂坛城的明点与额、喉相合。第四灌顶末,将其与心、脐相合。

།དེ་ནས་བུས་ཆེད་དུ་བརྗོད་པ་ནི། བདག་ནི་སོགས། དེང་ནས་སོགས་ཡོན་དབུལ་བའི་གཙོ་བོ་སྨོས་པ་སྟེ། དེས་གཞན་ཤུགས་ལ་བསྟན་པ་སྟེ། འདི་སློབ་མའི་དབང་པོ་དང་འཚམ་པར་ཉེར་བསྡོགས་དངོས་པོ་བཞིའི་ཚུལ་དུ་སྦྱིན་པ་དང༌། དངོས་གཞི། དང་པོ་ཅི་སྦྱིན་པ་དང༌། དེས་ངེས་པས་རྫོགས་སོགས་དེ་བཞིན་དང་ཚངས་པར་སྤྱོད་པའི་ཚངས་པར་སྤྱོད་པ་ལ། གཉིས་པ་དང་གསུམ་པ་ཡང་ཚིག་གི་སྦྱིན་པ་ནི། ཕྱག་བཞེས་ཀྱི་ངེས་པ་དམ་པར་ཤེས་པར་གྱིས་ཤིག །དེ་ནས་སོགས་ཀྱི་དོན་དཀྱིལ་འཁོར་ཉེ་བར་བསྡུ་བ་ནི། ཆོ་ག་གཞན་རྣམས་དང་ཕལ་ཆེར་མཐུན་པར་སྣང་བས། འདིར་མ་བྲིས་ལ། ཅུང་ཟད་ཙམ་གྱི་ཁྱད་པར་ནི་ཤེས་པར་བྱ་དགོས་ཏེ། བླ་མའི་ཞལ་སྔ་ནས་དྲིས་ནས་སོ་སྡོམ་པའི་རྒྱུད་སོགས་དགེ་བ་བསྔོ་བ་དང༌། ཀོངྐུན་སོགས་མཇུག་བསྡུའོ། །ཞེས་བྱ་བ་འདི་ཡང༌། རིས་མེད་དམ་པ་བདེ་ཆེན་གྱི་ལམ་བཟང༌། འཕགས་པའི་ཡུལ་ལས་བྱུང་བ་རྨ་མེད་པའོ།། །།མངྒ་ལཾ་བྷ་ཝནྟུ།།༄༅། །དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ནས། སེམས་ཅན་ཐམས་ཅད་དེ་ཁོ་ན་ཉིད་མཐར་ཐུག་བདེ་ཆེན་གྱི་ས་ལ་གནས་པར་གྱུར་ཅིག །ཅེས་སྨོན་པ་སྔོན་དུ་འགྲོ་བས་རིག་པ་འཛིན་མ་རྩེན་མའི་རྣལ་འབྱོར་དང་འབྲེལ་བའི་རྫོགས་པའི་རིམ་པ་འདིས་དོན་ཅུང་ཟད་ཙམ་གྲོལ་བར་བྱ་སྟེ། ཐུན་མོང་མ་ཡིན་པའི་མན་ངག་འདི་ལ་ནི་དྲན་པ་གཅིག་པ། སྒྱུ་མ། གཏུམ་མོ། འོད་གསལ། བདེ་ཆེན་རྣམས་ལས། དང་པོ་ལ་ཕྲ་བའི་དང༌། ཤིན་ཏུ་ཕྲ་བའི་རྣལ་འབྱོར་གཉིས། དང་པོ་ལ་ཉི་ཟླ་ཡི་གེ་ལ་སེམས་བཟུང༌། གཉིས་པ་ལ་སྟོང་པ་ལ་དམིགས་པ་མེད་དེ། གཉིས་ཀའང་ཆོས་ཀྱི་འཁོར་ལོའི་དབུས་སུ་ཨ་ཝ་དྷཱུ་ཏཱིའི་ནང་དུ་བསྒོམ། སྒྱུ་མ་གསུམ་ལས་མཉམ་པར་བཞག་པ་རྟོག་མེད་དུ་འཇོག །སྐབས་འགར་ལྷ་བླ་མ་སྒྱུ་མ་རྣམས་སྒོམ། ཡང་ཡང་རྟོག་མེད་དུ་འཇོག །མིག་ཆེར་གྱིས་ཐད་ཀར་ལྟའོ། །རྗེས་ཐོབ་ཐུག་འཕྲད་དུ་དྲན་པས་སྐྱོང་བ་སྟེ། རེ་ཞིག་སྒྱུ་མའི་འདུན་པ་གཙོ་ཆེའོ།

然后弟子特意宣说,即「我」等。「从今日起」等举献供礼的主要部分,由此其余也已含示。应依弟子的根器,授以四事作为预备,并作正行。最初授予什么、由此得到定解及「圆满」等,如其所说。对于守梵行者,守其梵行,第二与第三灌顶则以言语授予。务须认清真实的传承作法。

「然后」等的含义,关于收摄坛城,大致与其他仪轨相同,故此处未写。少许差别仍应了解,须向上师请问。「别解脱戒相续」等讲回向善根,「空衮」等讲收尾。

此乃无有方域局限的殊胜大乐善道,从圣地传来,毫无瑕疵。愿诸事吉祥。〔梵文 maṅgalaṃ bhavantu · 藏文 མངྒ་ལཾ་བྷ་ཝནྟུ · 中文 芒嘎朗 巴万图〕

敬礼吉祥正士诸上师的莲足。先发愿一切众生住于究竟真如的大乐地,继而略释与持明游戏母瑜伽相关的圆满次第之义。

这项不共口诀有一念、如幻、拙火、光明和大乐。第一项有微细瑜伽、极微细瑜伽两种。第一种将心系于日月与种子字,第二种于空性无所缘。两者都在法轮中央的中脉内观修。

三种如幻中,等持时安住无分别,间或观本尊、上师等皆如幻,再三安住于无分别。双眼睁大、平直而视。后得时在接触外境的当下,以正念维系。此阶段以如幻意乐为主。

接读《持明游戏母圆满次第》后段。

参校书影与电子本
上一篇
梅哲空行母文献考证与传承线索
下一篇
多罗那他《持明游戏母圆满次第》后段