།རྨི་ལམ་ནི་མགྲིན་པར་ཆུ་སྐྱེས་ཐིག་ལེ་དང་བཅས་པ་སྒོམ་མཐར་ཡལ་བ་རྟོག་མེད་འཇོག །དེ་ནས་རྟོག་པ་གང་ཤར་རྨི་ལམ་དུ་ཤེས་པར་བྱ། དེའི་ཚེ་རླུང་བུམ་པ་ཅན་ཐིག་ལེ་དཀར་པོ་སོགས་ཀྱི་གདམས་ངག་ཀྱང་སྒོམ། དེ་ནས་དབང་བརྟུལ་ཐོག་མར་རྨི་ལམ་སྦྱོངས་བ་དང༌། དབང་རྣོན་འོད་གསལ་ཉིད་ལ་འཇོག་པར་བྱའོ། །གཏུམ་མོའི་སྔོན་འགྲོ་ལ་ཐིག་ལེ་དང༌། རླུང་ལས་སུ་རུང་བར་བྱ་བ་ལས། དང་པོ་ལ་འཛིན་པ་ནི། རྡོ་རྗེ་སྒོམ་པ་ལ་སོགས་པ་དང༌། རྒྱས་པར་བྱེད་པ་སྤྱི་བོར་ཟླ་བ་སྒོམ་པ་ལ་སོགས་པ་སྟེ། བརྟན་པ་ཐོབ་ནས་མིག་ལ་བཀོད་ནས་གཟུགས་དང་བསྲེ་བ་སོགས་ཀྱང་ བྱའོ། །འཁོར་ལོ་བཞིའི་ལྟེ་བར་བཀོད་པས་ཞིང་སྣ་ཚོགས་མཐོང་བ་ལ་སོགས་པ་འབྱུང༌། གཉིས་ཀ་ལས་ཐུར་སེལ་ལ་ཆོས་འབྱུང་ལ་སོགས་པ་བསྒོམས་པ་དང༌། སྲོག་དབང་དུ་བྱེད་པ་ལ་རྡོ་རྗེའི་བཟླས་པ་སྟེ། དངོས་གཞི་ནི། སྙིང་ཁའི་མི་ཤིགས་པའི་ཐིག་ལེ་དཀར་པོ་འགོ་ཐུར་བསྟན་འོད་སྔོན་པོ་འཕྲོ་བ། རྩ་གསུམ་འཁོར་ལོ་གཉིས་ལྟེ་བར་ཨཾ་དང་བཅས་པ་སྒོམ་ནས་རླུང་བཟུང་ནས་འབར་འཛག་གི་དམིགས་པ་བྱ་སྟེ། དེས་སྟོང་པ་ཉིད་རྟོགས་པར་འགྱུར་ཏེ་སྔར་རྟོགས་པའི་སྒྱུ་མ་དེའོ། །དེ་ནས་འཁོར་ལོ་བཞི་གཏུམ་མོ་ཧཾ་དང་བཅས་པ་སྒོམ་ནས་འབར་འཛག་དམིགས་པར་བྱ་སྟེ་གཉིས་ཀ་ལ་ཡང་སྔོན་དུ་གཏུམ་མོའི་སྤྱི་བོ་ནས་ཐོན་སངས་རྒྱས་ཐམས་ཅད་ཀྱི་བྱང་སེམས་སྤྱན་དྲངས་ནས་བསྟིམ་པ་བྱ་དགོས་ སོ། །འོད་གསལ་འཇུག་པ་ནི་ཐོག་མར་ཧཾ་རྡོ་རྗེ་སེམས་དཔར་བསྒྱུར། དེ་ནས་ཨཾ་རྩེན་མར་བསྒྱུར། ཕྱི་ནས་དམ་ཚིག་ཕྱག་རྒྱའི་རིམ་པ་ཤེས་པར་བྱས་ནས་འོད་གསལ་ལ་འཇུག་གོ །དེ་ཡང་ཧཾ་ཡིག་ལྷར་བསྒྱུར་ནས་འབར་འཛག་གི་ཚེ་རང་ལས་ཐོབ་པའི་སྐད་ཅིག་མ་གཉིས་དང༌། ཅིག་ཤོས་ལས་གཞན་ལ་ཐོབ་པ་གཉིས་ཆ་འདྲ་བ་ཙམ་འཆར་རོ། །དམ་ཚིག་ཕྱག་རྒྱ་ལ་གོམས་ནས་དབང་པོ་འབྲིང་ཨེ་རྒྱལ་འཇུག དབང་པོ་རྣོན་པོ་ཕྱག་ཆེན་ལ་འཇུག་སྟེ། མདོར་ན་ལྷན་སྐྱེས་ཀྱི་འོད་གསལ་ལ་དང་པོར་ཡུན་རིང་དུ་གནས་དཀའ་བས་ཡང་ཡང་ལྡང་འཇུག་བྱ་ཞིང༌།
梦方面,在咽喉观莲花及明点。及至消融,安住无分别。随后,无论何种分别念生起,都应了知是梦。此时也修宝瓶气、白明点等口诀。其后,钝根者先修习梦,利根者则安住于光明本身。
拙火的前行,是使明点与气各自堪能。第一种,摄持是观金刚杵等,增广是在头顶观月轮等。得稳固后,也将明点置于眼,与色相融等。置于四轮之脐,即会见种种刹土等。风这一项,调理下行气时观法源等,调御命气时行金刚念诵。
正行是,观心间不坏白明点尖端向下,放蓝光,并观三脉、二轮及脐间的〔梵文 aṃ · 藏文 ཨཾ · 中文 阿姆〕。然后持气,观火焰上燃、明点下滴。由此证知空性,即先前所了知的幻相。随后观四轮、拙火及〔梵文 haṃ · 藏文 ཧཾ · 中文 杭〕,再观上燃与下滴。此二者都要先让拙火自头顶出,迎请一切佛的菩提心并使之融入。
入光明之法,先令〔梵文 haṃ · 藏文 ཧཾ · 中文 杭〕化为金刚萨埵,再令〔梵文 aṃ · 藏文 ཨཾ · 中文 阿姆〕化为游戏母。随后了知誓言印的次第,进入光明。又,令〔梵文 haṃ · 藏文 ཧཾ · 中文 杭〕字化成尊身后,于燃滴之际,由自己所得的二刹那和由另一方所得的二刹那,就会呈现大致相同的等分。习惯誓言印后,中根者入“诶王”,利根者入大手印。总之,起初难以久住俱生光明,因此应反复出入。
ཕྱི་ནས་གནས་པ་ཇེ་རིང་ལ་འགྲོ་སྟེ་མཐར་གྱིས་འོད་གསལ་སད་རྨི་ཅེར་ཡང་ཅི་ཙམ་འདོད་པར་འཇོག་ནུས་ཤིང༌། སྐད་ཅིག་བཅུ་དྲུག་པོ་གང་ནས་ཀྱང་འཇུག་ནུས་པ་ན་འོད་གསལ་བརྟན་པ་ཞེས་བྱ་ཞིང༌། བདེ་བ་ཆེན་པོ་ལ་འཇུག་པ་ནི་འོད་གསལ་བརྟན་ནས་ཀྱང་ལྷན་སྐྱེས་ཀྱི་བདེ་བ་མཉམ་རྗེས་ཀུན་ཏུ་འདྲེན་པ་ལ་ཡང་ཡང་ནན་ཏན་དུ་བྱས་པས། སྐད་ཅིག་མ་བཅུ་དྲུག་ལྷན་སྐྱེས་ཉིད་དུ་དག་ནས། ནམ་ཞིག་སེམས་ཡུལ་རྗེས་སུ་འགྲོ་བ་ན། ལྷན་སྐྱེས་མངོན་སུམ་དུ་བྱེད་པ་དེའི་ཚེ་བདེ་བ་ཆེན་པོ་དངོས་ནི། མཉམ་བཞག་གི་ཚེ་འོད་གསལ་དུ་ཞུགས་ནས། སྐད་ཅིག་གི་རིམ་གྱིས་རང་དང་སྣང་བ་ཐམས་ཅད་ལྷར་སྒོམ་པར་བྱ་བ་དང་རྗེས་ཐོབ་སྤྱོད་ལམ་ཀུན་དུ་རྒྱུ་དབང་ཡུལ་ལྷར་ཤེས་ནས་ལྷན་ཅིག་སྐྱེས་པའི་བདེ་བ་ལ་སྤྱད་པར་བྱ་སྟེ། མི་རིང་བ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ལ། འདིར་སྐལ་ལྡན་རྣམ་པ་གཅིག་གིས་ཀྱང་ཞེས་བྱ་སྟེ། དེ་ནི་འདིར་ལྟར། དབང་རྣོན་དྲན་པ་གཅིག་གི་ཚེ་གཏུམ་མོ་འགྲུབ་པར་འགྱུར་བས་དེ་ནས་འོད་གསལ་ལ་འཇུག ། འགའ་ཞིག་ཐོག་མ་ནས་གཏུམ་མོ་སྒོམ་ནས་འོད་གསལ་ལ་དང༌། དབང་པོ་འབྲིང་སད་རྨིའི་སྒྱུ་ལུས་གང་རུང་ནས་འོད་གསལ་དུ་འཇུག་ཚུལ་རྣམས་ཀྱང་རིག་པར་བྱོས་ཤིག །དེ་ལྟར་མངོན་པར་རྟོགས་པ་བསྟན་ནས། ད་ནི་ཚིག་གི་དོན་ལ་འཇུག་པར་བྱ་སྟེ། དེ་ལ་མདོར་བསྟན་ནི་འོད་གསལ་འཆར་བ་སོགས་ཏེ་མཁའ་ནི་སྙིང་ག་མཐོ་རིས་རྣམ་སྣང་ནི་སྒྲ་གཅན་ཏེ། མི་ཤིགས་པའི་ཐིག་ལེ། དེའི་ཁྱད་པར་ཀུན་འགྲོ། ངོ་བོ་ཐིག་ལེ། བྱེད་ལས་རྟེན་བརྟེན་པའི་སྒྱུ་མ་སྣ་ཚོགས་སུ་སྣང་བས་བྱེད་པས་སོ། །སྒྱུ་མ་དེ་ཡང་ཇི་ལྟ་བུ་སྙམ་ན་མ་དག་པ་ཡུལ་དབང་རྣམ་ཤེས་འཁོར་བཅས་དང༌། དག་པ་ནི་སྨིག་རྒྱུར་སྣང་བ་ལ་སོགས་པ་སྟེ། ཅིའི་ཕྱིར་དག་པ་ཞེ་ན། གང་ཞིག་ཤར་བས་དུས་མཉམ་དབང་པོ་དང༌། །ཡུལ་རྣམས་དབུ་མར་འཇུག་པ་དེ་ལ་འདུད། །དེ་ཉིད་རླུང་གིས་བསྐུར་བས་གཏུམ་མོ་ཞེས་པ་རང་ཉམས་སུ་གྱུར་བས་གློག་གི་འོད་ལྟར་སྣང་བ་སྟེ།
后来安住越来越久,最终无论在醒时还是梦时,都能于光明中随意安住,并能从十六刹那中的任何一刹那进入。这叫光明稳固。
进入大乐方面,光明稳固之后,还须反复用功,使俱生乐贯穿等持和后得的一切时分。十六刹那净化为俱生本身,待到心随境而行之时,也能现证俱生,那就是真正的大乐。等持时,进入光明后,依一刹那的次第观自身及一切显相为尊。后得的一切威仪中,认知因、诸根与所缘为尊,受用俱生乐。不久即证金刚持的果位。此处说“有缘者中亦有一类”等,意思如下。利根者修一念时即能成就拙火,由此入光明。有的人从最初便修拙火,然后入光明。还应了知中根者分别从醒时或梦时的幻身入光明之法。
现观既已开示,现在进入文句之义。略示自“光明显现”等开始。“虚空”指心间,“高趣遍照”指罗睺,即不坏明点。其特点是遍行,体性是明点,作用是显现种种所依与能依的幻相。
这种幻相究竟怎样?不净一类,有境、根、识及其眷属。清净一类,则显如阳焰等。何以是清净?原文说,
“何者一旦显现,诸根与境同时
进入中脉,我向它敬礼。”
它由气承载,称为“拙火”,成为自己亲身的体验,显现如闪电之光。
འཇིག་རྟེན་འཇིག་རྟེན་ལས་འདས་འཇིགས་མ་གློག་འགྱུར་བ་ཞེས་པ་ནས། གཡོ་བའི་ལུས་ཀྱང་འགྱུར་མེད་མཛའ་མོ་མཛའ་མོར་འདུད། །ཅེས་པའི་བར་དུའོ། །ཅིས་གཡོ་བ་ཡིན་ཞེ་ན་རླུང་གིས་སྟེ། ཡུལ་དུ་བགྲོད་པའི་སེམས་སམ་བག་ཆགས་ཀྱྀས་ཐིག་ལེ་རྡུལ་དུ་བྱེད། དེ་ཡང་གཡོ་བའི་ཐིག་ལེ་རྣམས་གཡོ་བར་བྱེད་དེ་རླུང་གཅིག་པུས་ནི་མ་ཡིན་ ནོ། །དེ་ཡི་དབང་ལས་ཁྱབ་པ་སྟེ། དངོས་པོ་ཐམས་ཅད་ལ་ཁྱབ་པ་ས་དང་དེའི་རང་བཞིན་དག་པའི་སྒྱུ་མའི་རང་ཉམས་ཙཎྜ་ལཱི་དེ་འདོད་པ་རྒྱས་པའི་ཡས་བབས་ཀྱི་དགའ་བཞི་དང་དགའ་བ་རྒྱས་པས་འོད་གསལ་སོགས་བཞི་སྟེ། འདོད་དང་དགའ་བའི་ཡིད་ལ་སད་ཅིང་གང༌། །རྒྱལ་བའི་སྐུ་མཛེས་གང་དུ་མངོན་དགའ་ལའོ། །ཡིད་ལ་ཅིའི་ཕྱིར་སད་ཅི་གང་ཞེ་ན། རྒྱལ་བའི་སྐུ་མཛེས་ཞེས་སྨྲས་པ་སྟེ། འདོད་པའི་ཕྱོགས་ལས་ནི་ལྷན་སྐྱེས་རྣམ་པ་ཐམས་ཅད་པ་དང༌། དགའ་བའི་ཕྱོགས་ལས་དགའ་བ་དང་པོ་གསུམ་གྱི་མཐར་ལོངས་སྤྱོད་རྫོགས་སྐུ་གྲུབ་ པའོ། །དེ་ལྟར་རྣམ་པ་ཐམས་ཅད་པ་ལྷན་སྐྱེས་སུ་སྡོམ་པ་ན་མཁའ་འགྲོའི་དྲ་བ་སྡོམ་ལ་འདུད། ཅེས་སོ། །རྣལ་འབྱོར་དག་པ་པའི་ལམ་དེ་རྣམས་ཉིད་ཀྱི་འབྲས་བུ་ཅི་སྙམ་ན། སྔགས་དང་ཆོས་ཀྱི་སྐུ་སྟེ། གཉིས་ཀ་བདེན་གཉིས་ཀྱི་དབྱེ་བས་བཞི་སྟེ། དབྱིབས་དམིགས་བཅས་ཀྱི་ལྷ་སྒྱུ་མ་ལ་འཇུག་པ་དང༌། དེ་ཉིད་ལས་སྒྱུམའི་སྐུ་བདེ་སྟོང་ཡེ་ཤེས་དང༌། ལྷན་སྐྱེས་ཡེ་ཤེས་ཆོས་དང༌། བདེ་ཆེན་ཟུང་འཇུག་ཀྱང་སྟེ། དབྱིངས་དང་ཡེ་ཤེས་དཔལ་ལྡན་དབང་པོ་དྲ། །སྒྱུ་མའི་བྱེད་པོ་ཁོ་ན་གཟུགས་ཞེས་བྱ། །སྒྱུ་འཕྲུལ་དྲ་བ་ཀུན་འགྲོ་ཡེ་ཤེས་དྲན། །དེ་ནི་དམ་པའི་དོན་གྱི་སྔགས་སུ་བརྗོད། །བདེ་ཆེན་ཆོས་ཤེས་བྱ་བ་དང༌། །རྣམ་པའི་ཕ་མཐའ་མིག་འཕྲུལ་ཀྱང༌། ཁྱབ་བདག་སྐུ་ཞེས་བྱ་བ་སྟེ། །རྒྱུད་རྒྱལ་དཔལ་ལྡན་སྡོམ་ལས་སོ། །གཞན་ཡང་ཀུན་འགྲོ་མི་ཤིགས་པ་ཐིག་ལེ་རྟེན་བརྟེན་པའི་སྒྱུ་མའི་བྱེད་པོ། དེ་ཡུལ་གྱི་བག་ཆགས་ཀྱི་སྟོབས་རླུང་དུ་ཤར་བས་སྤྱོད་པའི་ཡུལ་སྣང༌།
原文自“世间、出世间,怖畏者变为闪电”起,至“动身也不变,敬礼爱侣之爱侣”为止。
什么使它动?由气。趋向境的心或习气,使明点散成微尘,也令能动的那些明点运行。因此,运作不只由气一者。依其势力而遍及一切事物,亦即遍行之地及其自性清净如幻的自证体验。那拙火令欲扩展,出现自上而降的四喜。欢喜扩展,则有光明等四种。原偈说,
“欲与喜的心中醒觉而充满,
至于胜者妙身之处,便是现喜。”
为什么在心中醒觉,又充满什么?原文说“胜者妙身”。就欲的一边说,是具一切行相的俱生。就喜的一边说,在前三喜的最后成就圆满报身。如此将一切行相收摄于俱生时,称“敬礼摄束空行之网”。
若问这些清净瑜伽道的果是什么,就是咒与法身。二者各依二谛之分,又有四类,即趋入有形相所缘的幻尊,由此出现的幻身乐空智慧,俱生智慧之法,以及大乐双运。原文说,
“法界、智慧及吉祥诸根之网,
唯是幻象的造作者,称为色。
忆念遍行的幻化网智慧,
称之为胜义谛的咒。
名为大乐之法,
以及行相尽处的幻视,
名为遍主身。”
以上出自《吉祥胜乐续王》。
此外,遍行的不坏明点,是所依与能依诸幻相的造作者。以境的习气之力,它显为气,因而显出所受用的境相。
དེའི་དབང་ལས་རྡུལ་གྱི་ཁམས་རྒྱས་པས་རྣམ་རྟོག་ཕྲ་རགས་འབྱུང༌། དེའི་དངོས་ལ་རང་བཞིན་མི་གནས་པར་གཡོ་ཞིང་འཕོ་སྟེ་ཐིག་ལེ་སོ་སོ་འཕོས་པའི་དབྱེ་བས་ལས་དང་ཉོན་མོངས་དང་ལུས་ལ་སོགས་པ་གྲུབ་པའོ། །ཞེས་པ་སྟེ། འཁོར་བར་འཁོར་བ་སྤངས་བྱའི་ངེས་པའོ། །དེ་ནས་རྒྱས་བཤད་ལ་སྲིད་དང་སོགས་ཀྱི་ལམ་བཟང་གི་སྣོད་དུ་མི་རུང་བ་རྣམས་རྒྱུ་མཚན་དང་བཅས་པ་བཤད་ནས། དེ་ལས་ཟློག་པ་ལ་བཤད་པར་བྱའོ། །ཞེས་ཏེ་གཞན་དུ་ན་ལམ་དང་གང་ཟག་ཆུད་འཛའ་བའི་ཕྱིར་རྣམ་པར་ལྟུང་བའོ། །ལམ་བཟང་འདི་ལྟ་བུ་དང་བྲལ་ནས་བསྐྱེད་རིམ་གྱི་མཆོག་མི་ཐོབ་པར་བསྟན་པ་ནི་གང་དུ་སོང༌། བསྐྱེད་རིམ་པའི་ལྷ་སྔགས་སོགས་ནི་སྒྱུ་མའི་སྐུའི་རྒྱུ་དང་དངོས་གྲུབ་ཀྱི་ཐབས་སུ་གསུངས་ན་དེ་བཀག་པས་ནོར་བུའི་ལམ་སྙམ་རྣལ་འབྱོར་སོགས། སྒྱུ་མའི་བདེ་བ་སྔགས་གཞོལ་མེད་ཀྱི་ནཱ་ད། བསམ་གཏན་ནི་སྒྱུ་མ་ཉིད་ལ་གོམ་པ་ལས་གྱུར་པའི་ལྷན་སྐྱེས་བྱེད་པོ་ནི་བདེ་ཆེན་གྱི་སྐུའོ། །ཞེས་སམ། ཡང་ན་སྤྲོས་པའི་བྱེད་ལས་ཐམས་ཅད་འགྲུབ་པ་དང་ཡིན་ཏེ་བསམ་གྱིས་མི་ཁྱབ་སོགས་སོ། །དེ་ནས་ལུང་དང་སྦྱར་བ་ནི། དེ་ལ་ནས་ཞེས་པས་སོ་སོའི་བར་འཇུག་སྒོ་དང༌། ཡོངས་སུ་རྫོགས་པར་མདོར་བསྟན་པ་ནི། རང་གི་སོགས། དེའི་རང་གི་སྐུ་ནི་མི་ཤིགས་པའི་ཐིག་ལེ་ཡིན་ཏེ། དེ་སྒྱུ་མར་མཉམ་པ་སྒྱུ་མར་སྒོམ་པ་ནི་གང་འདྲའི་སོགས། དེ་དང་འོག་མ་རྣམས་ཀྱང་འོད་གསལ་སོགས་ཀྱིས་བསྟན་ཏེ། དབང་པོ་སོགས་ཀྱིས་ལྷན་སྐྱེས་སམ་འོད་གསལ་དུ་འཇུག་པ་དང༌། རང་བཞིན་འོད་གསལ་ཉིད་དང༌། རྡོ་རྗེ་སོགས་ཀྱིས་ཕྱག་རྒྱ་དང་སྟོང་ཉིད་སོགས་ལྡང་བ། དོན་དམ་སོགས་ཀྱིས་བདེ་ཆེན་གྱི་སྐུའོ། །ཡང་ན་འོད་གསལ་སོགས་མདོར་བསྟན། དབང་པོ་ནས་སྤངས་པར་བྱ་བའི་བར་གྱི་གཏུམ་མོ་ནས་ཁྱད་དགའི་བར་འོད་གསལ་འཇུག་པ། དོན་དམ་སོགས་འོད་གསལ་དངོས་དང༌། རྟག་ཏུ་སོགས་ཟུང་འཇུག་བདེ་ཆེན་ནོ། །ཞེས་ཀྱང་བྱའོ། །སྤྱི་དོན་ནམ་ཐུན་མོང་བ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གཞུང་འདིར་བསྟན་པའི་སྒྱུ་མའམ་སྒྱུ་ལུས་ཞེས་པ་ནི།
由此,微尘界增长,粗细分别随之生起。其实体自性不住,流动迁变。明点各自迁移,依其差别,成就业、烦恼及身体等。以上确定了流转于轮回者为所应舍。
接着广说。自“有与……”等起,带着理由说明哪些人不堪成为善道的法器,然后说明与此相反的人。否则,既毁损此道又毁损修行者,便成堕落。
原文问“到了何处”,说明离开这一善道,将不能得到生起次第的最高成就。若说生起次第的尊、咒等,被宣说为幻身之因、成就之方便,那么,为破除相关疑问,说“宝珠之道”及“瑜伽”等。幻现之乐、无所耽著之咒的那达,以及禅定,其由熟习幻相本身而生的俱生作者,即是大乐身。也可如此理解,一切显现的事业都得成办,以“不可思议”等来表示。
接下来配合教证。以“于此”起,表示各段之间的入门。“自身”等总略开示圆满之义。其所说自身,就是不坏明点。它等同于幻,修为幻相,则见“如同什么”等。此及下文又以“光明”等开示。“诸根”等说明进入俱生或光明。“自性”指光明本身。“金刚”等说明从印与空性等起现。“胜义”等说明大乐身。
也可这样判读,“光明”等为略说。“诸根”至“所应舍”说明拙火,自拙火至胜喜为进入光明。“胜义”等为光明正行,“常时”等为双运大乐。
总义或共通的如幻三摩地中,此论说的“幻”或“幻身”,
བདག་བྱིན་རླབས་པའི་སྒྱུ་ལུས་དང་མི་གཅིག་ཅིང༌། འོན་ཀྱང་རྨི་ལམ་སྒྱུ་མ་ནི་ཕལ་ཆེར་འདྲའོ། །དེ་ཀུན་ལ་མཁའ་འགྲོ་མའི་དྲ་བ་སྡོམ་པ་ཞེས་བྱ་སྟེ། དེ་དག་ཀྱང་སོགས་སྟེ་སྒྱུ་མའི་དངོས་ཀྱང་བདེན་པ་ཁོ་ན་སྟེ་ཞེས་བྱའོ། །དེ་བཞིན་དུ་བཱ་ར་ཧཱི་ཡང་སྟེ། རྣམ་པ་ཀུན་ལྡན་རྒྱ་ཆད་མེད་འཆར་ཡང་ངོ་བོ་རྣམ་མེད། དེ་ལྟར་ན་རང་རིག་པའི་ཕྱིར་མི་བརྫུན་པ་བརྗོད་དུ་མེད་པས་ངག་གི་གཞིར་གྱུར་པ། །༈ སྒྱུ་མ་ལྟ་བུར་བཅད་བཟུང་དུ་མེད་པའི་རྣམ་རྟོག་བཅོམ་པའི་ཤེས་རབ་དང་རོ་གཅིག་པ་སྟེ། རྣམ་པ་ཀུན་བཅས་སྟོང་ཆེན་རྣམ་མེད་ལྡན། །རྡོ་རྗེ་ནམ་མཁའི་རང་བཞིན་རྟག་ཏུ་ཡོད། །སྐྱེ་དགུ་བྱེ་བ་བརྒྱ་ཡི་དག་སྦྱིན་མ། །དབང་པོ་དྲ་བ་རྣམ་རྟོག་སྲེག་ཕྱག་འཚལ། །༈ དེ་ལྟར་ན། བརྗོད་བྲལ་རྣམ་མེད། རང་རིག་གཞོམ་མེད་བདག་མེད་རྟོགས་པའི་ཤེས་རབ། རྣམ་པ་ཀུན་ལྡན་རྣམས། བཱ་ཨཱར་ཨཱ་ཧཱ་ཨཱི། རྣམས་ཀྱི་དོན་ནོ་ཞེས་སྟོན་པ། དེའི་ཕྱིར་སོགས། དེ་ལྟར་བཤད་པའི་དོན་དེ་རྣམས་དང་ལྡན་པའི་ལམ་དངོས་བཤད་པ་ལ། གང་ནས་གསལ་བར་གསུངས་ཀྱི་བར་ཀྱྀས་དྲན་པ་གཅིག་པ་དང་གལ་ཏེ་ནས་རྗེས་སུ་སྤྲོ་བའི་བར་གྱིས་རྒྱས་དང༌། དེ་མཐར་ནས་ཤེས་པར་འགྱུར་གྱི་བར་གྱིས་ཙཎྜ་ལི་འཁོར་བཅས་དེད་ནས་འདོད་པ་མེད་ཀྱི་བར་གྱིས་འོད་གསལ་དང༌། འོད་གསལ་གྱི་ཡན་ལག་གཏུམ་མོ་སོགས་རྣམས་གཞན་དུ་ནས། ངེས་པར་རྟོགས་ཀྱི་བར་གྱིས་བདེ་ཆེན་སྐུ་ཟུང་འཇུག་དང༌། རྟག་ཏུ་ཡང་དག་སོགས་ཀྱི་མཇུག་བསྡུའོ། །དེ་ལ་དྲན་པ་གཅིག་པ་ནི་གང་གི་སོགས་ཀྱི་དོན། སྐྱེས་བུ་སུས་ཀྱང་གང་རྟོགས་ན་བདེ་བ་ཆེན་པོ་རྟོགས་པ་ནི་མི་ཤིགས་པའི་ཐིག་ལེ་སྟེ། ཀུན་གཞི་རྣམ་ཤེས་འདིས་འཁྱམས་ཤིང་རང་བཞིན་གྱི་མེད་པར་ཡེ་ཤེས་རང་ངོ་ཤེས་པ་ན་སངས་རྒྱས་ཤིང་ཞེས་སོ། །དེའི་ཕྱིར་ན་དེ་དག་མ་རིག་དབང་ལས་གཟུགས་སོགས་རྣམ་པ་སོགས། ཀུན་གཞི་རྣམ་ཤེས་དེ་ཡང་ངོ་བོ་ཅི་སྙམ་ན། རྟེན་དང་སོགས་ཏེ་དེའི་བག་ཆགས་ཀྱི་རང་བཞིན་ནོ།
与自加持的幻身有别,不过梦中的幻相大体类似。它们都叫“摄束空行母之网”。“彼等亦”等的意思是,幻相所显之事唯是真实。金刚亥母亦是如此。虽具一切行相而无边际地显现,体性则无相。如是由自觉知而不虚妄,又因超越言说而成为言语的所依。
它与破除分别的智慧同一味,犹如幻相,不可划界、不可执取。
“具一切相的大空,亦具无相。
金刚虚空的自性恒在。
清净赐予百俱胝有情之母,
焚尽诸根之网与分别,我敬礼。”
如是显示,离言、无相、自觉知不可破坏、证悟无我的般若、具一切相,正是〔梵文 vā ār ā hā ī · 藏文 བཱ་ཨཱར་ཨཱ་ཧཱ་ཨཱི · 中文 瓦 阿尔 阿 哈 伊〕各字之义,即“因此”等所说。
下面解说具足上述诸义的实际修道。从“何处”到“明确说出”,是专一忆念。从“若”到“随后放出”,是广说。从“最终”到“将知”,是拙火及其相随诸法。从“追寻后”到“无欲”,是光明。从“此外”到“确实证悟”,是大乐之身的双运,连同光明支分的拙火等。最后以“始终如实”等收束。
其中专一忆念是“谁的”等句之义。任何人若证知某法,即证知大乐,此法是不坏明点。由此阿赖耶识而漂泊,在辨认智慧的本面为无自性时,便是“觉悟”。因此说“诸色等诸相等由无明所致”。若问这阿赖耶识的体性是什么,见“所依与……”等,它以那些习气为自性。
།འོ་ན་དེའི་ཆོས་ཉིད་ཡེ་ཤེས་ལ་ཡང༌། མི་ཤིགས་ཐིག་ལེ་ཞེས་དྲན་ན་ཅི་འདྲ་ན་བརྗོད་པར་བྱ་བ་ནི་མ་ཡིན་ཞིང་ཚུལ་ཙམ་ནི་བཤད་ཟིན་ལ། དེ་རྟེན་བརྟེན་པའི་འབྲེལ་བ་ཡིན་ནམ་ཞེ་ན་མ་ཡིན་ནོ། །དེ་ལྟར་ནའང་བག་ཆགས་དེའི་རང་བཞིན་མིན་པའི་དབང་ལས་སྐུ་དང་དཀྱིལ་འཁོར་རབ་འབྱམས་སུ་སྣང་བ་ཡིན་ནོ། །ཡན་ལག་སོགས་ནི། ལྷ་ཞལ་ཕྱག་ཅན་སྒོམ་པ་ཡང་བག་ཆགས་འདི་སྦྱོང་བའི་ཕྱིར་སྒོམ་པ་ཡིན་མོད་ཀྱི། དེ་བས་མཆོག་ཏུ་གྱུར་པ་ཡན་ལག་སྟེ་ཞལ་ཕྱག་ལེན་པ་མི་ཤིགས་པའི་ཐིག་ལེ་ལ་གནད་དུ་བསྣུན་པ་འདིས་མི་ཤིགས་སོགས་ཞེས་སོ། །དེ་ཡང་འདིའི་སྒོམ་རྒྱུན་གྱིས་ཡིན་ལ། དྲན་པ་གཅིག་པ་ཙམ་གྱིས་ནི་མ་ཡིན་ཏེ། བག་ཆགས་ཏེ་སངས་རྒྱས་ཀྱི་ཡེ་ཤེས་མ་གཏོགས་པས་ཡོངས་སུ་སྤངས་པར་མི་ཤེས་པས་དང༌། དེ་སྤངས་པ་དང་ལྷན་ཅིག་ལོངས་སྤྱོད་སོགས་སྒོམ་ཚུལ་ལས་ཕྲ་བ་ནི་སངས་རྒྱས་སོགས་ཏེ། སངས་རྒྱས་རྗེས་དྲན་ནི་ལྷར་དྲན་པ་དང༌། ཆོས་རྗེས་དྲན་ཐིག་ལེ་ལ་དྲན་པ་གཅིག་པའོ། །ཤིན་ཏུ་ཕྲ་བ་ནི་དེ་ལྟར་སོགས། རྟག་ནི་དེའི་སོགས་ཏེ་དེ་རྣམས་བསྟན་པའོ། །འདི་ཧེ་རུ་ཀ་སྟེ་དཔལ་ལྡན་སོགས་དེ་ལྟར་དྲན་པ་གཅིག་པ་ཐོབ་ནས་སྒྱུ་ལུས་སྒོམ་པ་ལ་ཡང༌། མཉམ་བཞག་ནི་གལ་ཏེ། སོགས་ཏེ། དེའི་ཚེ་སྒྱུ་འཛིན་སྤངས་པ་ནི། ཤིང་ནི་སོགས་སྒོམ་ཚུལ་ནི་སྒྱུ་མའི་སོགས་རྗེས་ཐོབ་དེ་དག་ཉིད་ཀྱིས་བསྟན་ཏོ། །རྨི་ལམ་ནི་བརྒྱལ་དང་སོགས་བརྒྱལ་བ་ནི་ཤེས་པ་ངལ་བ་ནང་དུ་བསྡུས་པ་དང༌། ཡུལ་ལ་རིང་དུ་གནས་པ་དང༌། དགའ་བའི་ནང་དུ་ནུབ་པ་ལ་སོགས་པ་དང༌། ཡུལ་དུ་ནི་བགྲོད་སེམས་ནི་དེ་ལ་རྣམ་པར་གཡེང་བ་དང༌། ཇི་ལྟར་སོགས་དེ་གཉིས་བག་ཆགས་ཆ་མཚུངས་པས་དེ་ལྟར་སྒོམ་ཞེས་པའོ། ཁུ་རྡུལ་སོགས་ཡོན་ཏན་གསུམ་སུ་གཙོ་ཆེ་བ་དང་ལྡན་པའི་རྨི་ལམ་ན་ཡང་རྣམ་པ་གསུམ། དེའི་ཕྱིར་དེ་སྦྱངས་པའི་ཐབས་བྱའོ། །ཞེས་ པའོ། །སྒོམ་ཚུལ་ནི་ཆོས་ཀུན་སོགས། སྨྲ་བའི་སོགས་རྨི་ལམ་གྱི་རྒྱུ་གཉིས་དང༌།
如果连它的法性智慧也叫“不坏明点”,忆念这智慧时,它是什么样?这并非言语所能表达,至于方法,前面已说。再问,它和所依、能依之间是否有依存关系?没有。尽管如此,正因为那些习气并非它的自性,才显现无边的尊身与曼荼罗。
“肢分”等说,观修具面、手的本尊,固然是为净治此习气,但还有一种更殊胜的方法。取面、手等肢分,以此切中不坏明点的要害,所以说“不坏”等。这须凭持续观修,单做专一忆念还不够,因为除佛智之外,无法彻底断尽习气。断尽习气,随即有“受用”等所说。
观修法中的细瑜伽,见“佛”等。随念佛是忆念本尊,随念法是对明点作专一忆念。极细瑜伽见“如是”等。在“常是其”等处开示这些法。这就是赫鲁嘎,即“具吉祥”等。
如是获得专一忆念,也修幻身。“如果”等说的是等持。当时舍离实执于幻相,见“木是”等。修法见“幻的”等。后得就由这些文句开示。
梦的部分见“昏厥与……”等。“昏厥”指疲惫的知觉向内收摄、长时住于境、没入喜中等。“心趋入所缘”,是心在所缘上散动。“如何”等是说,两者的习气有相同之处,因而这样修。以精、尘等三种特质中何者为主,梦也有三种。因此应施行净治梦的方便。
修法见“一切法”等。“说话的”等说明梦的二种因,
དེ་ལས་ཇི་ལྟར་འབྱུང་བ་དང༌། སད་དུས་ཀྱང་དེ་ལྟ་བུ་ཞེས་བསྟན་ཏེ། སྨྲ་བ་ནི་ངག་སྟེ་དེའི་ཁུ་བ་སྟེ། ངག་གི་ཐིག་ལེ་ཞེས་དང༌། སད་དུས་ཀྱང་ལུས་ཀྱི་ཐིག་ལེ་གཡོས་པ་ཡིན་ལ། གཞན་དུ་མཚུངས་སོ་ཞེས་སོ། །དེ་དག་ཀྱང་རང་བཞིན་དང་ལམ་གྱིས་དག་པའོ། །ཞེས་པ་ནི་རང་བཞིན་སོགས། རྨི་ལམ་ལ་གོམས་པས་ནི། དེ་ནས་སོགས་དབང་པོ་རྣོ་རྟུལ་གྱི་དབྱེ་བས་ཡང་ན་ཞེས་སོགས་བཤད་པའོ། །དེ་ལྟར་སྒྱུ་ལུས་མཐར་ཕྱིན་ནས་གཏུམ་མོ་ལ། སྔོན་དུ་ཐིག་ལེ་ལས་སུ་རུང་བ་དང༌། རླུང་ལས་སུ་རུང་བ་གཉིས་སོ། །དང་པོ་ལ་འཛིན་པར་བྱེད་པ་དང༌། རྒྱས་པར་བྱེད་པ། ཕྱི་མ་ལ། ཐུར་སེལ་དང་སྲོག་དབང་དུ་བྱེད་པ་སྟེ། བཞིའི་དང་པོ་ནི། དེ་མཐར་སོགས་འཕྲོས་དོན་གང་དུ་སོགས། གཉིས་པ་ཕྲ་མོ་སོགས། བརྟན་པའང་མཐར་ཕྱིན་པའི་རྟགས་མཐོང་ན་མངོན་ཤེས་བསྒྲུབ་པ་ནི་དབང་སོགས་དགའ་བས་ཐིག་ལེ་འཆིང་བ་འཆིང་བ་བསྒྲུབ་པ་ནི། དེ་བཞིན་སོགས། དེ་དག་གི་འབྲས་བུ་ན་གང་གའི་སོགས་དང༌། ཇི་སྙེད་སོགས་གསུམ་པ་ནི་དེ་མཐར་སོགས། བཞི་པ་ནི་སྲོག་སོགས་ཏེ། རྫོགས་རིམ་པའི་རྣལ་འབྱོར་བཟླས་སྤྲོས་པ་དང་བཅས་པ་དང༌། གཞན་ཡང་དོན་དམ་རྡོར་བཟླས་ཀྱི་དབང་དུ་བྱས་པ་ལ་སྣང་བ་ནི་ཨོཾ་དང་ཡུལ་ལ་སེམས་པ་དང༌། གནས་པ་ནི་ཨཱཿདང་རྩེ་གཅིག་གསལ་བར་སེམས་པ་དང༌། འགོག་པ་ནི་ཧཱུཾ་དང་མི་བསམ་པའོ། །འཇུག་ནས་ལྡང་གསུམ་འབྲུ་གསུམ་གྱི་བདག་ཉིད་ཀྱི་ཕྱིར་ལམ་འདི་ལ་བརྫུན་པ་སྟེ། བསྐྱེད་རིམ་པའམ་སྤྲོས་པ་ཅན་གྱི་རྡོར་བཟླས་མེད་དོ། །རྡོར་བཟླས་ཀྱི་རླུང་དྷཱུ་ཏཱིར་ཐིམ་པས། གཏུམ་མོ་འབར་བར་བྱེད་པས། དེ་ནས་སྐད་ཅིག་སོགས་ཀྱི་ཙཎྜ་ལི་དངོས་བསྟན་ཏེ། འོད་གསལ་འཆར་བར་བྱེད་པ་ནི་མི་ཤིགས་པའི་ཐིག་ལེ་གདུང་པ་དང༌། ཧཾ་ཡིག་གསུང་པ་ནི་བདེ་ཆེན་སོགས་ཇི་ལྟར་གདུང་བ་བསྒོམ་ཞེ་ན། རྡོ་རྗེ་འཛིན་མཆོད་སོགས། ཞར་བྱུང་ལ་སྤྱིར་དམིགས་པ་བརྟན་པའི་ཆེད། དམིགས་པའི་སོགས། གཏུམ་མོ་བརྟན་པའི་རྟགས་འོད་གསལ་སོགས།
以及梦由此如何生起,醒时也复如此。“说话”就是语言。它的精华即“语之明点”。在醒时,身之明点也在运行,其他方面相同。这些又以自性及道而清净,见“自性”等。熟习梦,见“此后”等。由于有利根、钝根之别,所以又以“或者”等解说。
如是圆满幻身之后,进入拙火。先使明点与气各自堪能。前者分摄持和增长,后者分调御下行气和调御命气。四种中的第一见“最终”等,旁义见“在何处”等。第二见“细微”等。若见稳固已达圆满之相,则依“根”等修成神通。以喜系住明点、成就此系持,见“如是”等。诸法之果见“恒河的”等及“所有”等。第三见“最终”等。第四见“命气”等。
这里有圆满次第瑜伽士作有相念诵,另有就胜义金刚念诵而言,“显现”是〔梵文 oṃ · 藏文 ཨོཾ · 中文 嗡〕,即心缘于境。“安住”是〔梵文 āḥ · 藏文 ཨཱཿ · 中文 阿〕,即专一而明了地缘念。“止灭”是〔梵文 hūṃ · 藏文 ཧཱུཾ · 中文 吽〕,即无所思惟。入、住、起三者是三字的体性,因此在这道上称为“虚妄”,即此处没有生起次第者或有相的金刚念诵。
金刚念诵的气融入中脉,使拙火燃起。“接下来,刹那”等即开示实际的拙火。令光明显现,要温热不坏明点,并说〔梵文 haṃ · 藏文 ཧཾ · 中文 杭〕字,见“大乐”等。问如何观修温热?见“供养金刚持”等。附说为使所缘大体稳固,见“所缘的”等。拙火稳固之相,见“光明”等。
འབྱུང་བའི་རླུང་བརྟན་པའི་རྟགས། དཔུང་རྒྱས་སོགས་ཡེ་ཤེས་ཀྱི་རླུང་འགག་པ་ལ། ཉེ་བའི་ལྟས་དངོས་མེད་སོགས། དེ་ལྟར་གཏུམ་མོ་ལ་སོགས་ལ་གོམས་པའི་འོད་གསལ་དུ་འཇུག་སྟེ། དབང་པོ་དམན་པའི་རིམ་གྱིས་ཚུལ་བྱས་ཏེ། འཇུག་ཚུལ་དངོས་ནི་དེ་ནས་སོགས། སྣང་བ་ཉེར་བསྡུས་ནི་ཡུལ་སྣང་རགས་པའི་སྣང་བ་བསྡུ་ན། གསལ་བ་ཉེར་བསྡུ་ཡུལ་ཅན་ཏེ། ཁྱད་དགའ་ནི་སེམས་བྱུང་ཕྲ་མོ་རྣམས་གཡོ་བ་ཅན་གྱི་ཕྱིར་ན་ཡུལ་ཅིང་དེ་ཚེ་གཡོ་བར་སྣང་ལ། དེའི་མཐར་སྟོང་པ་སྟེ་དབང་པོ་རྣམས་ནུབ་པར་སྐྱལ་བའོ། །ལྷན་ཅིག་སྐྱེས་དགའ་ནི་དོན་དམ་པ་སྟེ། དཔེའི་འོད་གསལ་གྱི་བདག་ཉིད་དོ། །གཏུམ་མོ་ལ་བརྟེན་ནས་འོད་གསལ་སྐྱེས་པ་ལུང་གིས་བསྟན་པ་ནི། རླུང་ནི་སོགས་རྒྱུ་མཚན་བསྟན་པའི་རྒྱུད་དང༌། སོགས་ཏེ། རྒྱུ་འབྲས་ཀྱི་གཏུམ་མོ་གཉིས་ལ། རང་བཞིན་རྣལ་འབྱོར་ལས་གསུམ་གྱི་དབྱེ་བའི། རྒྱུ་ཡི་རྣམས་ཀྱི་ནི་འཇུག་སྒཽ་ཙམ་དང༌། གཞན་ནི་དངོས་པོ་ཏེ། དེས་སྒྲུབ་པའི་འོད་གསལ་ནི་གསལ་སོགས། རྟགས་ནི་ནམ་མཁའི་སོགས། འོད་གསལ་ཉིད་ཀྱི་བདེ་བའི་རང་བཞིན་ལ་ས་ཧ་ཛཱ་ཞེས་བྱ་སྟེ་དེ་བཤད་པ་ནི། ལྷན་ཅིག་སྐྱེས་པ་སོགས་ལུང་གིས་བསྟན་ལ་མཐར་ཕྱིན་པའི་རྟགས་ནི། གང་ནས་སོགས། དེ་ཡང་དམ་རྒྱ་ལས་འདོད་པ་གང་བ། འབར་བ་ཨཊྚོ་བཞི། ཡེ་རྒྱ་ལས་དགའ་བ། མཆོག་དགའ་དགའ་བྲལ་ལྷན་སྐྱེས་ལས་རྒྱ་ལས་གཡོ་བ་འཆར་བ་རྒྱལ་བ་གཉིད་ཡུལ། ཕྱག་ཆེན་ལས། འདར་དང་ནུབ་དང་ཐིག་ལེ་ནཱ་ད་སྟེ་བཞི་བཞི་གཙོ་བོ་དང་བཅུ་གཉིས་ཀྱི་འཁོར་དུ་འཆར་བ་དེ་དག་ཅི་འདོད་པ་ནས་ཀྱང་ངང་གི་འོད་གསལ་དུ་འཇུག་ནུས་པ་ནི། འདོད་དགུའི་དོན་ཡིན་ལ། སྐད་ཅིག་རྣམས་འཆར་ཚུལ་ཕྱག་རྒྱ་གང་ལ་གང་གཙོ་ཆེ་བ། ཞི་བདེ་དག་མས་བརྟན་སོགས། རྣམ་གཞག་མི་མཚུངས་པ་འགའ་ཡང་ཡོད་མོད། གཞན་དུ་རིགས་པར་གྱིས་ཤིག་བུ། ཡས་ལྷན་སྐྱེས་ཕ་མཐར་སོན་པའི་རྟགས། རྟགས་དུ་སོགས་ལམ་འདི་ལ་གནས་སྐབས་སུ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བསྟེན་པ་གཙོ་བོ་སྟེ།
元素之气稳固的征相,见“臂增广”等。接近智慧气止息的征兆,见“无实体”等。
如是熟习拙火等,便入光明。这里按根器较低者的次第作说明,实际的进入方法见“此后”等。摄收显现,即摄收粗显的境相,明相也摄收而有所缘。“胜喜”时,微细心所仍在运行,所以境在此时显得动摇。其后为空,诸根由此趋于沉没。“俱生喜”属胜义,具有喻光明之体性。
依拙火而生光明,有教证“气是”等,也有说明其理由的续文等。拙火分因、果两种,也按自性、瑜伽与事业分为三类。因的各类只是趣入之门,其他则是正行。由此所成的光明,见“明了”等,其征相见“虚空的”等。光明自身的安乐体性,名为“萨诃阇”(俱生)。它的解说见“俱生”等教证。达到究竟的相,见“从何处”等。
又从誓言印有欲的充满、燃烧、四种阿吒。从智慧印,出现喜、胜喜、离喜、俱生。从事业印,出现动摇、显现、胜者、睡境。从大手印,则有颤动、沉没、明点及那达。各以四项为主,还有十二眷属随之呈现。从这些任一处,都能随意进入自性光明,这就是“随欲”的含义。各刹那如何出现,哪一种印中哪一项为主,见“寂、乐、清净而稳固”等。尽管也有若干不同的安立,应当知道另有解释,弟子。
从上而降的俱生达到究竟的征相,见“以征相”等。这个道在现阶段以依止智慧印为主,
དེ་ལ་གོམས་པའི་མཐར་ཕྱག་རྒྱ་ཆེན་པོ་ཉིད་ལ་ནན་ཏན་དུ་བྱས་ལ། ཙཎྜ་ལཱི་གེ་ཡ་སོགས་ནི་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་ཏེ། རྡོ་རྗེའི་རིགས་ཀྱི་གཏུམ་མོ་གླུ་གར་མཁན་གྱི་ནི་པདྨའི་འོད། པདྨ་ཅན་ནི་མཆོག་གོ །ཨཾ་གུ་ལི་ནི་སོར་མོའམ་ཤིང་ལས་གྱུར་པའམ་བོ་ལ་རྣམས་ཏེ་རྩ་སྲ་བ་དང༌། སྙི་བའི་ཁྱད་པར་ རོ། །སྦྱོར་བཅས་ནས་སོ་སོའི་ཀ་ར་ཎ་འཁྱོགས་དང༌། སྤྱང་ཐག་ལ་སོགས་ པའོ། །འདོད་ཡོན་ནི་རིག་མའི་ཁ་སྦྱོར་གྱི་སོ། །དེ་ལ་ཁ་ཅིག་དང་པོར་བ་མ་ཚིག་ལ་གོམས་ནས། ཛྙཱ་ན་མི་ཏྲ་དང༌། ལས་རྒྱ་ལ་འཇུག་པའི་རིམ་པ་ཤེས་པར་བྱོས་ཤིག །འདི་དག་གིས་དཔེའི་འོད་གསལ་མཐར་ཐུག་པའི་མིང་ཅན་དུ་གྲུབ་པ་ཡིན་ཏོ། །དེ་ནས་བདེ་བ་ཆེན་པོ་ལ་འཇུག་པར་འདོད་པས་དུས་ཅི་ཙམ་ན་ཞེ་ན། །རྣམ་པ་སོགས་ཇི་ལྟར་ཡེ་ཤེས་འོད་གསལ་གྱི་སྐུ་ལ་ཞེ་ན་འོད་གསལ་སོགས་སོ། ། ཚུལ་ཅི་ལྟ་བུར་སྒོམ་ཞེ་ན་ཇི་ལྟར་སོགས་ཏེ་ཅིའི་ཕྱིར་དུ་སྒོམ་ཞེ་ན་མས་བརྟན་གྱི་མཐར་བདེ་བ་ཆེན་པོ་ཐོབ་པས་སོ། དེ་ལྟ་མོད་ཀྱི་འོད་གསལ་ལ་རང་དུ་གོམས་པའི་ཕྱིར་ན་འདིའི་དགའ་བའི་རིམ་པ་དང་པོ་གསུམ་ཤིན་ཏུ་མྱུར་བ་དང༌། བཞི་པ་ལ་བདེ་བའི་སྐད་ཅིག་དེ་ཟབ་ཅིང་ཕྲ་བས་དེའི་ཚེ་མ་རྟོགས་རེ་ཞིག་རྟོགས་དཀའ་བ་ཉིད་དུ་རིག་པར་བྱའོ། །དེ་ལ་གོམས་པ་མཐར་ཕྱིན་པས། དོན་གྱི་འོད་གསལ་མངོན་དུ་བྱེད་དོ། །དེ་ནས་ཟུང་འཇུག་ཏུ་འགྱུར་རོ། །དེ་དག་མངོན་དུ་གྱུར་པའི་རྟགས་ནི་སངས་རྒྱས་སོགས་རྣལ་འབྱོར་བརྟན་པའི་ཐབས་ནི་བདེ་བ་ཆེན་པོའི་སོགས། མཉམ་རྗེས་གཉིས་ཀར་སྤྱོད་པའི་ཏིང་ངེ་འཛིན་ནམ་མཁའ་ཞེས་པ་ནས། ངེས་པར་རྟགས་ཀྱི་བར་ཏེ། འདིས་ནི་འབྲས་བུ་ཡང་བསྟན་པ་ཡིན་ལ། ཅི་ལྟར་ན་ནམ་མཁའ་སོགས་ཀྱི་འོད་གསལ་ཆོས་ཀྱི་སྐུ། དཔལ་ལྡན་བདེ་ཆེན་སོགས། དཔལ་ལྡན་སོགས་ཀྱི་བདེ་ཆེན་གཟུགས་ཀྱི་སྐུ་བསྟན་པ་ཡིན་ནོ། །དེ་ལྟར་ལམ་དེ་དག་ཀུན་དུ་ཡང་རྟག་ཏུ་ཡང་དག་སོགས། ལམ་གྱི་རིམ་པ་བསྡུ་བ་ནི།
对此熟习至圆满,便专力于大手印本身。“拙火所歌”等说的是事业印瑜伽。金刚部的是拙火,歌舞者的是莲华之光。具莲华者为最胜。“安古利”指手指、木制者,或“波拉”诸物,按脉的软硬而有差别。从“带有结合”起,讲各自的动作(karaṇa)、屈曲及“豺绳”等。欲妙属于持明女与之交合的一方面。其中,有人最初熟习“婆玛齐”,随后应了知进入智友及事业印的次第。依这些,便成就所谓“究竟喻光明”。
其后若欲趣入大乐,问需要多久,见“行相”等。问如何与光明智慧之身相应,见“光明”等。问如何观修,见“如何”等。为何观修?因为由下趋于稳固,达到究竟就能获得大乐。虽是如此,由于自身已熟习光明,此处前三喜的次第极快。第四喜安乐的刹那深而细,若当时未识知,要知道暂且很难辨认。熟习至圆满,就现证义光明,继而成为双运。
现证这些的征相,见“佛”等。稳固瑜伽的方法,见“大乐的”等。等持与后得二时皆行持的三摩地,自“虚空”至“确定的征相”,也说明果。如何说明?以“虚空”等说光明法身,以“具吉祥大乐”等及“具吉祥”等说大乐色身。
如是于一切道中,也有“恒常如实”等。道的次第概括如下。
དེ་ལྟར་རྡོ་རྗེ་སོགས། དབང་པོ་མཆོག་དམན་གྱི་དཀྲི་ཚུལ། སྐལ་ལྡན་སོགས་རྫོགས་པའི་མཆོག་རིམ་སོགས་མཇུག་སྡུད་པ་སྟེ། འཚོ་བ་འཕྲོག་བྱེད་ནི་ཡེ་ཤེས་ཀྱི་རླུང་ངོ༌། །ཡེ་ཤེས་མཐོང་ནས་སོགས་ནི། ངག་གི་ཕྲེང་རྒྱུད་དམ་གླེགས་བམ་བཀླགས་པ་ཙམ་གྱིས་ནི་མ་ཡིན་ནོ། །བདག་གི་དགེ་འདིས་ཐར་པ་ཆེ་རང་དགའ། །མཁའ་འགྲོ་མིག་སྨན་གནོད་སྦྱིན་མོ་སོགས་ཀྱི། །རི་དབང་སྟེང་ན་ཡེ་ཤེས་སྤྱོད་པའི་གཞི། །དོན་དམ་རིག་པ་འཛིན་པ་རྣལ་རྩེན་ཤོག །ཅེས་པ་ནི། དགེ་བ་བསྔོ་བ་སྟེ་གོ་སླའོ། །འདི་ཡང་རྡོ་རྗེ་ཐེག་པའི་ལམ་བཟང་ཟབ་མོ་ཟབ་པར་སྣང་བ་མ་སླད་པ་ཁོ་ན་སྟེ་ཐར་འདོད་རྣམས་ཀྱི་སྒོམ་པའི་རིགས་སོ། །ཞེས་འདོམས་པར་ བྱའོ།། །།
“如是金刚”等。引导利根与钝根的方式,见“有缘者”等。“圆满的殊胜次第”等收束全文。“夺取生命的”是智慧气。“见智慧之后”等,是说单凭口耳相传或读过书卷并不能做到。
“以我此善,愿获大解脱而自欢喜,
于空行、眼药、夜叉女等的
山王之上,智慧行之所依,
愿胜义持明者游舞。”
以上是回向善行,易于理解。此法是金刚乘的深广妙道,显得深邃,唯有纯正无杂,适合求解脱者修习。应如是教授。
