一切事业出生度母众集胜义瑜伽女续王

出处与说明

原英译者:

本站中文译审:AI辅助中译;独立AI复核修订

版本说明:

德格《甘珠尔》Toh 448;Esukhia

AI辅助中译;独立AI逐源复核与修订。保留文献疑读,未经人工译师审定。

藏文据Esukhia德格《甘珠尔》电子转录,保留原字、音节点、句读与底本异文;未逐叶核对扫描影像。

汉语音译为本次现代汉字近似拟音,词间空格;长短音、送气及尾音以所列原文为准。

藏文直译;未取得独立英译或梵文原本。咒语拉丁转写据藏文音写暂读还原,不作为梵文原典。

咒语68种未决单元保留候选读法;两处完整咒块无法可靠还原,IAST及汉音暂缺,保留藏文。

448-004-m06-r1整咒IAST/汉音暂缓,只呈完整藏文;两部合计68未决音写单元、62暂拟词组;无独立英梵本/影像校核

藏中以原译审意义块顺序上下对照;完整诗节及长咒保持连续,不按源页行拆目录。

度母经续专题 · 本书目录

题名与开篇

༄༅། །རྒྱ་གར་སྐད་དུ། ས་མཱ་ཛ་པ་ར་མཱ་རྠ་སརྦ་ཀ་རྨོད་ཡ་ནཱ་མ་ཏཱ་རཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ། བོད་སྐད་དུ། ཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མང་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ། སྒྲོལ་མ་ལ་ཕྱག་འཚལ་ལོ། །དེ་ནས་དངོས་གྲུབ་ ཐམས་ཅད་ནི། །རབ་ཏུ་སྒྲུབ་བྱེད་བཤད་པར་བྱ། །བུད་མེད་བྱེ་བ་ཕྲག་བརྒྱ་ཡང་། །བདག་ལ་དད་པས་འདུད་པར་བྱེད། །ལྷ་དང་ལྷ་མིན་རིག་འཛིན་དང་། །མི་ཡི་གཙོ་བོ་དབང་དུ་བྱེད། །ཉི་མ་ཟླ་བ་དང་མཚུངས་ཤིང་། །མཁའ་ལྡིང་རྒྱལ་པོས་རྣམ་པར་འདུད། །ཀླུ་རྣམས་སྡིགས་ པར་བྱེད་པ་དང་། །མིད་ང་མི་མིན་གང་གི་ཡང་། །བུ་མོ་ཐམས་ཅད་འཛག་བྱེད་པ། །སྐྱེས་པ་གཅིག་གིས་འདོད་ཆེན་གྱིས། །མི་ཡི་བུ་མོ་ཁྲི་ཕྲག་དང་། །ཉིན་རེ་ལྷ་དང་ལྷ་མིན་མོ། །བུད་མེད་འབུམ་ཕྲག་ཟིལ་གནོན་པ། །ཁུ་བར་རེངས་བའི་བྱེད་པ་ལས། །གཅིག་གིས་ ཐམས་ཅད་འདོད་སྤྱོད་པ། །རྡོ་རྗེར་བྱེད་པ་རབ་ཏུ་བཤད། །འཇིགས་པ་ཀུན་ལས་ཐར་པ་དང་། །བསྐལ་བ་ཆེན་པོར་ཚེ་ཡང་གནས། །མཁའ་ལ་འགྲོ་དང་མི་སྣང་དང་། །རི་ལུ་ལ་སོགས་རིག་འཛིན་དང་། །བཅུད་ཀྱི་ལེན་དང་གནོན་སྦྱིན་མོ། །རབ་ཏུ་སྒྲུབ་བྱེད་སྔགས་ཆེན་པོ། ། ཁག་ཁྲིག་བཅུ་གཉིས་མཁའ་འགྲོ་མ། །འབྱུང་པོ་བྱེ་བ་མཐུ་ཆེན་དང་། །གྲོང་འཁྱེར་གསུམ་འཛོམས་ཚངས་སོགས་ལྷ། །མངག་གཞུག་ཉིད་དུ་བྱེད་པར་འགྱུར། །འདས་པའི་དུས་ན་རྡོ་རྗེ་ཅན། །སངས་རྒྱས་དབུགས་དབྱུང་དཀྱིལ་འཁོར་སྤྲུལ། །བདེ་མཆོག་བདེ་མཆོག་ དགོས་རྡོ་རྗེ། །ཡིད་བདེ་ཐིགས་ལེ་ལ་སོགས་བསྟན། །འབུམ་ཕྲག་བརྒྱ་བ་སྒྲོལ་མ་ཡི། །སྔགས་ཀྱི་རྒྱལ་པོ་སྔོན་བཤད་པ། །རྫོགས་ལྡན་དུས་སུ་མི་རྣམས་སྤྱོད། །དེ་ནས་འབུམ་ཕྲག་དྲུག་པ་བཤད། །དེ་ཡང་ནུབ་ནས་ཁྲི་གཉིས་སྤྱོད། །ཕྱི་མའི་དུས་སུ་བཤད་པ་ ཡིན། །དེ་ཡི་སྙིང་པོ་རྩོད་དུས་འདིར། །གཡོན་པས་སྤྱོད་པས་རྣམས་སྤྱོད་པས། །ངེས་བརྗོད་འབུམ་གྱི་རྗེས་འབྲང་བ། །སླར་ཡང་རྒྱུད་འདི་སྣང་བ་འགྱུར། །ངེས་པ་འདོད་ཆགས་ཆགས་ཆེན་འདིས། །འདོད་ལྡན་རྣམས་ལ་བྱང་ཆུབ་སྟེར། །སངས་རྒྱས་ཕྲིན་ ལས་ཐམས་ཅད་འབྱུང་། །དམ་ཚིག་སྒྲོལ་མ་ཞེས་བྱའི་སྔགས། །མཁའ་འགྲོ་མ་ཀུན་འདུས་པ་ལས། །དམ་པའི་དོན་ཡང་འགྲུབ་པའོ།

梵语题名(藏文音写):ས་མཱ་ཛ་པ་ར་མཱ་རྠ་སརྦ་ཀ་རྨོད་ཡ་ནཱ་མ་ཏཱ་རཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ།

藏语题名译义:《一切事业出生度母众集胜义瑜伽女续王》。

敬礼度母!

此后当宣说,成办一切悉地之法。 百俱胝女人,亦以信心向我礼敬。 天、非天、持明者,以及人中尊主,皆得摄伏。 等同日月,金翅鸟王亦来礼敬。 威慑诸龙;紧那罗及非人所有女子,皆令流出。 一名男子以大欲,与万数人间女子, 每日摄伏十万之众的天女、非天女及女人。 由令精液坚住之作用,一人遍行欲乐; 当详说令金刚坚固之法。 脱离一切怖畏,寿命住于大劫; 飞行虚空、隐身、丸药等持明成就, 摄取精华及གནོན་སྦྱིན་མོ,皆以大咒成办。 十二ཁག་ཁྲིག数空行母、俱胝大力部多, 摧毁三城者、梵天等诸天,皆成为使役。 往昔持金刚,化现令诸佛苏息之坛城, 宣说胜乐、胜乐所需金刚、意乐明点等。 昔说度母千万之本咒王,圆满时代人们奉行; 此后说六十万之本,此亦隐没,遂行二万之本, 于后时宣说。 其心髓于此诤世,为行左道者所行, 随顺十万之本确说,此续将再度显现。 此决定贪欲大贪,赐予有欲者菩提, 出生诸佛一切事业。 名为三昧耶度母之咒, 由一切空行母会集,亦成就殊胜之义。

第一品

།དེ་ནས་བཅོམ་ལྡན་འདས་མ་དམ་ཚིག་སྒྲོན་མས་རིག་སྔགས་ཀྱི་རྒྱལ་མོ་འདི་གསུངས་སོ། །ཨོཾ་ཏཱ་རེ་ ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འདི་ནི་དངོས་གྲུབ་ཐམས་ཅད་བྱེད་པའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱཧཱ། ཀུ་རུ་ཀུ་ལླེའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ། སྙིང་པོའོ། །ཨོཾ་ཏཱ་རེ་སྭཱ་ཧཱ། གསུང་སྐུལ་བ་{མྱེད་,མེད་}པའོ། །ཨོཾ་ཨཱཿཏྃ་ཧཱུྃ། ཐུགས་སྤྲུལ་བ་བྱེད་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ ཨཱ་རླ་ཨཱ་བ་ལོ་ཀི་ཏེ་ཤྲ་རུ་ཡ། པོ་དྷི་སརྦཱ་ཡ། མ་ཧཱ་སྭཱ་ཏྭ་ཡ། མ་ཧཱ་ཀ་རུ་ཎཱི་ཀཱ་ཡ། ཏ་ངྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ། པྲ་དུཥྚཾ། མ་མ་ཀྲྀ་ཏེ། ཛམྦྷ་ཡ། སྟཾ་བྷ་ཡ། མོ་ཧཱ་ཡ། བནྡྷ་ཡ། ཧཱུྃ་ཧཱུྃ་ཧྱྃ། ཕཊ་ཕཊཕཊ། སརྦ་དུཥྚཾ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། འདི་ནི་ལས་ ཐམས་ཅད་བྱེད་པའོ། །མྃ་མྃ་པྃ་ཏྃ་ཧཱུྃ། ལྷ་མོ་ལྔའིའོ། །ཨོཾ་ཨཱ་ར་ལླྀ་བྷྱོ་བྷྱོ་ཧ་ཧ་ཧ་ཧ་སི་སི་སི་སི། ཞེས་པ་ནི་ཧེ་རུ་ཀའི་སྔགས་སོ། །ཨོཾ་ཨཱ་རལླྀར་གི་ཕེཾ་ཕེཾ་ཕེཾ་བྷྱོ་སྭཱ་ཧཱ། ཞེས་པ་ནི་སྔགས་གཉིས་པའོ། །ཨོཾ་བཛྲ་པཱ་རཱ་ཧཱི་ཨཱ་བེ་ཤ་ཡ་སརྦ་ཛྭ་ར་ཎ་ཧྲཱིཿསྭཱ་ཧཱ། རྡོ་རྗེ་ཕག་མོའོ། ། ཨོཾ་མ་རི་ཙྱེ་མ་སྭཱ་ཧཱ། འོད་ཟེར་ཅན་མའིའོ། །ཨོཾ་ཧྲིཾ་ཏྲཱིཾ་ཧཱུྃ་ཕཊ། རལ་པ་གཅིག་མའིའོ། །ཨོཾ་སྭཱ་ཧཱ། ཞི་བར་བྱེད་པའོ། །ཨོཾ་ཨོཾ། རྒྱས་པར་བྱེད་པའོ། །ཨོཾ་བཱ་ཥ་ཊ་ཧོ། དབང་དུ་བྱེད་པའོ། །ཨོཾ་ཕཊ། གསོད་པ་བྱེད་པའོ། །སྭཱ་ཧཱ། ལྃ། ལྃ། ལྃ། ཧྲཱིཿ ཛཿ ཕཊ། ཕཊ། ཅེས་པ་ནི་ལས་བརྒྱད་བྱེད་པའོ། ཛཿཧཱུྃ་(བཾ་,བྃ་)ཧོཿ། འགུགས་པ་བྱེད་པའོ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྲུང་བའིའོ། །སྤ་ར་ཎ་ཕཊ། སྤྲོ་བའིའོ།། ཨོཾ་ཨ་ཀྲོདྷཻ་ཀ་ཡ་མཱནྟཱ་ཀ་ཧཱུྃ། གཤིན་རྗེ་གཤིན་ཀྱིའོ། །ཨོཾ་ན་མོ་ཨ་ཙ་ལ་ཀཱ་ན་ཙེཊྚཱ་ཙེཊྚཱ་ཙེཊྚཱ་ཙེ་ཊྚཱ་ ཏུཊྚ་ཏུཊྚ་གྷ་གྷ་གྷཱ་ཏ་ཡ་ཧཱུྃ་ཕཊ། གཏམ་པོའིའོ།། ཨོཾ་པདྨཱནྡ་ཀྲྀཏ་བཛྲ་ཀྲོ་དྷ་བྷ་ཧ་ཡ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། རྟ་མགྲིན་གྱིའོ།། ན་མཿསམནྟ་བུདྡྷེ་བྷོ། ན་མོ་མཱ་ཧཱ་བཛྲ་ཀྲོདྷཱ་ཡ། མ་ཧཱ་བྷྲོ་ཏཱ་ཊ་བྷཻ་ར་དཱ་བཱ་ཡ། བཛྲ་སནྡོ་ཏད་ངྷ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ། བདུད་རྩི་འཁྱིལ་པའི་འོ།། ཨོཾ་ཧཱུྃ་ཤྲི་ཡ་དེ་བཱི་ཀཱ་ལཱི་ཀཱ་ལཱི་མཱ་ཧཱ་ཀཱ་ལཱི་ཧཱུྃ་བྷྱོ། ཨོཾ་མཱ་ཧཱ་ཀཱ་ལཱི་ཀ་ར་ལཱི་བིཀྲནྡ་ཀཱ་ལ་རཱ་ཏཱི་ཅནྜ་རུ་པིཎཱི་ཧཱུྃ་ཕཊ། ལྷ་མོ་ནག་མོའི་སྔགས་སོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷཱནཱ་མྟ་ཧཱུྃ་ཕཊ། ཕུར་བུས་གདབ་པའི་འོ། །སྔགས་ཀྱི་ལེའུ་སྟེ་ དང་པོའོ།། །།

随后,薄伽梵母三昧耶灯母宣说此明咒女王:

梵语转写

oṃ tāre tuttāre ture svāhā

藏文原文

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།

汉语音译

嗡 塔雷 图特塔雷 图雷 斯瓦哈

此成办一切悉地。

梵语转写

oṃ kurukulle hrīḥ svāhā

藏文原文

ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱཧཱ།

汉语音译

嗡 库鲁库勒雷 赫里哈 斯瓦哈

此为咕噜咕列。

梵语转写

oṃ tāre tuttāre ture hūṃ phaṭ

藏文原文

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ།

汉语音译

嗡 塔雷 图特塔雷 图雷 吽 帕特

此为心咒。

梵语转写

oṃ tāre svāhā

藏文原文

ཨོཾ་ཏཱ་རེ་སྭཱ་ཧཱ།

汉语音译

嗡 塔雷 斯瓦哈

此为语无须劝请者。

梵语转写

oṃ āḥ taṃ hūṃ

藏文原文

ཨོཾ་ཨཱཿཏྃ་ཧཱུྃ།

汉语音译

嗡 阿哈 塔姆 吽

此作意之化现。

梵语转写

namo ratnatrayāya namo ārla ābalokiteśraruya podhi sarvāya mahā svātvaya mahā karuṇīkāya taṅyathā oṃ tāre tuttāre ture sarvaduṣṭaṃ praduṣṭaṃ mama kṛte jambhaya staṃbhaya mohāya bandhaya hūṃ hūṃ hyaṃ phaṭ phaṭ phaṭ sarvaduṣṭaṃ staṃbhani tāre svāhā

藏文原文

ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱ་རླ་ཨཱ་བ་ལོ་ཀི་ཏེ་ཤྲ་རུ་ཡ། པོ་དྷི་སརྦཱ་ཡ། མ་ཧཱ་སྭཱ་ཏྭ་ཡ། མ་ཧཱ་ཀ་རུ་ཎཱི་ཀཱ་ཡ། ཏ་ངྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ། པྲ་དུཥྚཾ། མ་མ་ཀྲྀ་ཏེ། ཛམྦྷ་ཡ། སྟཾ་བྷ་ཡ། མོ་ཧཱ་ཡ། བནྡྷ་ཡ། ཧཱུྃ་ཧཱུྃ་ཧྱྃ། ཕཊ་ཕཊཕཊ། སརྦ་དུཥྚཾ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ།

汉语音译

那莫 拉特那特拉雅雅 那莫 阿尔拉 阿巴罗基特希拉鲁雅 波迪 萨尔瓦雅 马哈 斯瓦特瓦雅 马哈 卡鲁尼卡雅 塔恩雅塔 嗡 塔雷 图特塔雷 图雷 萨尔瓦杜什塔姆 普拉杜什塔姆 马马 克里特 加姆巴雅 斯塔姆巴雅 莫哈雅 巴恩达雅 吽 吽 赫雅姆 帕特 帕特 帕特 萨尔瓦杜什塔姆 斯塔姆巴尼 塔雷 斯瓦哈

此成办一切事业。

梵语转写

maṃ maṃ paṃ taṃ hūṃ

藏文原文

མྃ་མྃ་པྃ་ཏྃ་ཧཱུྃ།

汉语音译

马姆 马姆 帕姆 塔姆 吽

此为五天女之咒。

梵语转写

oṃ āralḷ bhyo bhyo ha ha ha ha si si si si

藏文原文

ཨོཾ་ཨཱ་ར་ལླྀ་བྷྱོ་བྷྱོ་ཧ་ཧ་ཧ་ཧ་སི་སི་སི་སི།

汉语音译

嗡 阿拉勒利 布哟 布哟 哈 哈 哈 哈 西 西 西 西

此为嘿噜迦之咒。

梵语转写

oṃ āralḷrgi pheṃ pheṃ pheṃ bhyo svāhā

藏文原文

ཨོཾ་ཨཱ་རལླྀར་གི་ཕེཾ་ཕེཾ་ཕེཾ་བྷྱོ་སྭཱ་ཧཱ།

汉语音译

嗡 阿拉勒利尔吉 佩姆 佩姆 佩姆 布哟 斯瓦哈

此为第二咒。

梵语转写

oṃ vajra pārāhī ābeśaya sarva jvaraṇa hrīḥ svāhā

藏文原文

ཨོཾ་བཛྲ་པཱ་རཱ་ཧཱི་ཨཱ་བེ་ཤ་ཡ་སརྦ་ཛྭ་ར་ཎ་ཧྲཱིཿསྭཱ་ཧཱ།

汉语音译

嗡 瓦吉拉 帕拉希 阿贝夏雅 萨尔瓦 吉瓦拉纳 赫里哈 斯瓦哈

此为金刚亥母。

梵语转写

oṃ maricye ma svāhā

藏文原文

ཨོཾ་མ་རི་ཙྱེ་མ་སྭཱ་ཧཱ།

汉语音译

嗡 马里吉耶 马 斯瓦哈

此为具光母之咒。

梵语转写

oṃ hriṃ trīṃ hūṃ phaṭ

藏文原文

ཨོཾ་ཧྲིཾ་ཏྲཱིཾ་ཧཱུྃ་ཕཊ།

汉语音译

嗡 赫里姆 特里姆 吽 帕特

此为一髻母之咒。

梵语转写

oṃ svāhā

藏文原文

ཨོཾ་སྭཱ་ཧཱ།

汉语音译

嗡 斯瓦哈

此作息灾。

梵语转写

oṃ oṃ

藏文原文

ཨོཾ་ཨོཾ།

汉语音译

嗡 嗡

此作增益。

梵语转写

oṃ bāṣaṭa ho

藏文原文

ཨོཾ་བཱ་ཥ་ཊ་ཧོ།

汉语音译

嗡 巴沙塔 霍

此作怀摄。

梵语转写

oṃ phaṭ

藏文原文

ཨོཾ་ཕཊ།

汉语音译

嗡 帕特

此作诛杀。

梵语转写

svāhā laṃ laṃ laṃ hrīḥ jaḥ phaṭ phaṭ

藏文原文

སྭཱ་ཧཱ། ལྃ། ལྃ། ལྃ། ཧྲཱིཿ ཛཿཕཊ། ཕཊ།

汉语音译

斯瓦哈 拉姆 拉姆 拉姆 赫里哈 加哈 帕特 帕特

此成办八种事业。

异文版本1,两版本择一,不连诵。藏文栏保留含括号异文的完整原咒,后列第二份梵语及汉语为编辑择读。

梵语转写

jaḥ hūṃ baṃ hoḥ

藏文原文

ཛཿཧཱུྃ་(བཾ་,བྃ་)ཧོཿ།

汉语音译

加哈 吽 巴姆 霍哈

异文版本2,两版本择一,不连诵。藏文栏保留含括号异文的完整原咒,后列第二份梵语及汉语为编辑择读。

梵语转写

jaḥ hūṃ baṃ hoḥ

汉语音译

加哈 吽 巴姆 霍哈

此作召摄。

梵语转写

oṃ vajra rakṣa rakṣa hūṃ hūṃ hūṃ phaṭ svāhā

藏文原文

ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ།

汉语音译

嗡 瓦吉拉 拉克沙 拉克沙 吽 吽 吽 帕特 斯瓦哈

此为守护之咒。

梵语转写

sparaṇa phaṭ

藏文原文

སྤ་ར་ཎ་ཕཊ།

汉语音译

斯帕拉纳 帕特

此为放出之咒。

梵语转写

oṃ akrodhaikayamāntāka hūṃ

藏文原文

ཨོཾ་ཨ་ཀྲོདྷཻ་ཀ་ཡ་མཱནྟཱ་ཀ་ཧཱུྃ།

汉语音译

嗡 阿克罗代卡雅马恩塔卡 吽

此为གཤིན་རྗེ་གཤིན之咒。

梵语转写

oṃ namo acala kā na ceṭṭā ceṭṭā ceṭṭā ceṭṭā tuṭṭa tuṭṭa gha gha ghātaya hūṃ phaṭ

藏文原文

ཨོཾ་ན་མོ་ཨ་ཙ་ལ་ཀཱ་ན་ཙེཊྚཱ་ཙེཊྚཱ་ཙེཊྚཱ་ཙེ་ཊྚཱ་ཏུཊྚ་ཏུཊྚ་གྷ་གྷ་གྷཱ་ཏ་ཡ་ཧཱུྃ་ཕཊ།

汉语音译

嗡 那莫 阿恰拉 卡 那 切特塔 切特塔 切特塔 切特塔 图特塔 图特塔 嘎 嘎 嘎塔雅 吽 帕特

此为གཏམ་པོ之咒。

梵语转写

oṃ padmānda kṛt vajra krodhabha hayagrība hūṃ hulu hulu hūṃ phaṭ

藏文原文

ཨོཾ་པདྨཱནྡ་ཀྲྀཏ་བཛྲ་ཀྲོ་དྷ་བྷ་ཧ་ཡ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ།

汉语音译

嗡 帕德马恩达 克里特 瓦吉拉 克罗达巴 哈雅格里巴 吽 呼卢 呼卢 吽 帕特

此为马头之咒。

梵语转写

namaḥ samanta buddhe bho namo māhā vajra krodhāya mahā bhrotāṭa bhairadābāya vajra sando tadṅhaya oṃ amṛta kuṇḍali hūṃ phaṭ

藏文原文

ན་མཿསམནྟ་བུདྡྷེ་བྷོ། ན་མོ་མཱ་ཧཱ་བཛྲ་ཀྲོདྷཱ་ཡ། མ་ཧཱ་བྷྲོ་ཏཱ་ཊ་བྷཻ་ར་དཱ་བཱ་ཡ། བཛྲ་སནྡོ་ཏད་ངྷ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ།

汉语音译

那马哈 萨马恩塔 布德德 波 那莫 马哈 瓦吉拉 克罗达雅 马哈 布罗塔塔 拜拉达巴雅 瓦吉拉 萨恩多 塔德恩哈雅 嗡 阿姆里塔 库恩达利 吽 帕特

此为甘露军荼利之咒。

梵语转写

oṃ hūṃ śriya debī kālī kālī māhā kālī hūṃ bhyo

藏文原文

ཨོཾ་ཧཱུྃ་ཤྲི་ཡ་དེ་བཱི་ཀཱ་ལཱི་ཀཱ་ལཱི་མཱ་ཧཱ་ཀཱ་ལཱི་ཧཱུྃ་བྷྱོ།

汉语音译

嗡 吽 希里雅 德比 卡利 卡利 马哈 卡利 吽 布哟

梵语转写

oṃ māhā kālī karalī bikranda kālarātī canḍa rupiṇī hūṃ phaṭ

藏文原文

ཨོཾ་མཱ་ཧཱ་ཀཱ་ལཱི་ཀ་ར་ལཱི་བིཀྲནྡ་ཀཱ་ལ་རཱ་ཏཱི་ཅནྜ་རུ་པིཎཱི་ཧཱུྃ་ཕཊ།

汉语音译

嗡 马哈 卡利 卡拉利 比克拉恩达 卡拉拉提 恰恩达 鲁皮尼 吽 帕特

此为黑天女之咒。

梵语转写

oṃ vajra kīli kīlāya sarva bighānā mta hūṃ phaṭ

藏文原文

ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷཱནཱ་མྟ་ཧཱུྃ་ཕཊ།

汉语音译

嗡 瓦吉拉 基利 基拉雅 萨尔瓦 比嘎那 姆塔 吽 帕特

此为以橛钉击之咒。

第一品:真言。

第二品

དེ་ནས་བཅོམ་ལྡན་འདས་མའི་ཐུགས་ཀ་ནས་ཞགས་པ་དང་ལྕགས་དཀྱུའི་ཚོགས་སྤྲོས་ཏེ། ན་མཿསནྟ་ཀཱ་ཡ་པཱ་ཀྩིཊྚ་བཛྲཱཎཱཾ་ཨོཾ་ཊཀྐི་ཧཱུྃ་ཛཿ ཞེས་པའི་སྔགས་འདི་ཕྱུང་ངོ་། །གདུག་པ་ཐམས་ཅད་བཀུག་ནས་ཀྱང་། །ནམ་མཁའི་དབྱིངས་ སུ་སྐྱེལ་ནས་ནི། །རྡོ་རྗེ་ཕུར་བའི་ཚོགས་སྤྲོས་ནས། །གནས་ལྔ་དག་ཏུ་ཕུར་བུས་བཏབ། །བདུད་རྩི་འཁྱིལ་བ་ཁྲོ་བོ་ཆེ། །རྡོ་རྗེ་ཕུར་བུ་སྐུལ་བར་མཛོད། །སྟོང་གསུམ་དག་གི་ཁོར་ཡུག་ལ། །བགེགས་རྣམས་ཐམས་ཅད་འཆིང་བར་མཛད། །ཨོཾ་ལཾ་སྟྭ་མྦྷ་ཡ་ལཾ། གྲོག་མཁར་ས་ལ་གཟིགས་བྱས་ནས། །རྐང་པ་གཡས་པས་མནན་བྱས་ལ། །མི་རུས་ལས་སྐྱེས་ཕུར་བུ་ཡིས། །བཏབ་ན་དེ་ཡི་མོད་ལ་འཆི། །སྦྲུལ་དང་སེངྒེ་གླང་པོ་དང་། །རྐུན་པོའི་ཡན་ལག་དག་ལ་གདབ། །འདི་ཡི་གདུག་ཅིང་སྡང་སེམས་ལྡན། །ལོག་ འདྲེན་དག་ལ་གདབ་པར་བྱ། །ཡེ་ཤེས་པདྨ་ཁ་ཕྱེ་ནས། །རྡོ་རྗེ་ཕུར་བུའི་ཁ་སྦྱོར་བས། །རང་རང་རིགས་ཀྱི་མགོ་བོ་བཅས། །རྡོ་རྗེ་སེམས་སོགས་སྔགས་ལ་གདབ། །འདི་ཡིས་རྡོ་རྗེ་འགྲུབ་པར་འགྱུར། །རྡོ་རྗེ་ཕུར་བུས་བཏབ་པ་ན། །ཕུང་པོ་རབ་ཏུ་འཇིག་པ་དང་། ། རྡོ་རྗེ་གནས་ཀྱང་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལ་འདི་ནི་རྣལ་འབྱོར་ཆེན་པོའི་དམ་ཚིག་གོ། །ཟླ་བ་ཉི་མའི་རླུང་གི་དབུས། །རང་སྔགས་ས་བོན་བསྒོམ་པར་བྱ། །ལྷ་ཡི་དེ་ཉིད་དམིགས་གྱུར་ན། །བཅུ་དྲུག་པ་ལ་དེ་འགྲུབ་འགྱུར། །སེམས་ནི་ནམ་ མཁའ་གྱུར་པ་ལ། །ཟླ་བ་ཉི་མ་ནུབ་པ་དང་། །མིན་པའི་ཡེ་ཤེས་ཐིམ་པ་ན། །རྡོ་རྗེ་ལྷ་ནི་འགྲུབ་པར་འགྱུར། །ཡང་ན་རྡོ་རྗེའི་རྟུལ་ཞུགས་ཀྱིས། །ལུས་ཀྱི་དྲི་མ་རབ་སྦྱངས་ནས། །ཡེ་ཤེས་ཆེན་པོ་རང་སྔགས་ལྷ། །ཟླ་བ་ཉ་ལ་འགྲུབ་པར་འགྱུར། །རང་ སྔགས་ས་བོན་འོད་ཟེར་གྱིས། །རྡོ་རྗེ་གུར་སོགས་བརྟག་པར་བྱ། །འཇིགས་པ་བརྒྱད་ལས་བསྲུང་པ་དང་། །ལུས་མེད་རྣམས་ཀྱིས་ཀྱང་མི་མཐོང་། །སྤུ་ལས་ནད་རྣམས་སྤྲེའུ་འམ། །ཁྱི་དང་འདྲ་བར་རབ་ཏུ་དབྱུང་། །ཡེ་ཤེས་སེམས་དཔའི་ དམ་ཚིག་འདིས། །རྡོ་རྗེས་མཚོན་ཆས་བསྣུན་པར་བྱ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །ཡེ་ཤེས་མེ་དཔུང་དཀར་པོ་བསམ། །སེམས་ཅན་ཁམས་ནི་མ་ལུས་པའི། །གནས་ལས་མེ་ནི་འབར་བ་བསྒྲུབས། །མཚམས་མེད་ལྔ་དག་བྱེད་པ་ཡང་། །གཙང་མའི་ གནས་སུ་འགྲོཔ་བར་བྱ། །སྡིག་པ་རྡོ་རྗེའི་ཡེ་ཤེས་འདིས། །སྐད་ཅིག་གིས་ནི་དཔལ་ལྡན་འགྱུར། །ལྟེ་བའི་དབུས་སུ་རེག་པ་སམ། །ཨ་ནི་མཆོག་ཏུ་ཕྲ་བ་སྟེ། །མི་འགྱུར་ཉམས་དགའ་བདེ་བའི་གནས། །མི་ཤིགས་ཚངས་པ་འགྲུབ་པའི་འགྱུར། །རང་སྔགས་ ཧཱུྃ་དང་ཡི་གེ་ཨོཾ། །རྡོ་རྗེ་ཨཱཿཡིག་བསམ་པར་བྱ། །རླུང་གི་དེ་ཉིད་རབ་གྲུབ་ནས། །མི་འགྲོ་དྲག་པོའི་ངག་ཏུ་འགྱུར། །འོད་ཟེར་རྣམ་ལྔ་སྙིང་གར་གནས། །པདྨས་རྡོ་རྗེར་བྱེད་པ་སྟེ། །ཡེ་ཤེས་ཁྱབ་འཇུག་རྒྱལ་པོར་འགྱུར། །

随后,从薄伽梵母心间放出众多羂索、铁钩,发出此咒:

梵语转写

namaḥ santa kāya pā kciṭṭa vajrāṇāṃ oṃ ṭakki hūṃ jaḥ

藏文原文

ན་མཿསནྟ་ཀཱ་ཡ་པཱ་ཀྩིཊྚ་བཛྲཱཎཱཾ་ཨོཾ་ཊཀྐི་ཧཱུྃ་ཛཿ

汉语音译

那马哈 萨恩塔 卡雅 帕 克吉特塔 瓦吉拉纳姆 嗡 塔克基 吽 加哈

召来一切恶者,送入虚空界;放出众多金刚橛,钉于五处。甘露军荼利大忿怒尊,请驱使金刚橛;于三千世界周围,缚住一切障碍者。

梵语转写

oṃ laṃ stvambhaya laṃ

藏文原文

ཨོཾ་ལཾ་སྟྭ་མྦྷ་ཡ་ལཾ།

汉语音译

嗡 拉姆 斯特瓦姆巴雅 拉姆

观蚁穴之土,以右足压住;以人骨制成的橛钉击,彼即当下死去。于蛇、狮、象与盗贼的肢体上钉击;以此钉击凶恶、怀嗔恨心的邪引者。

开启智慧莲花,与金刚橛相合,连同各自部族之首,于金刚萨埵等咒中安置。由此金刚得成就。以金刚橛钉击时,诸蕴彻底毁坏,亦得金刚之位。如此宣说。

此中,这是大瑜伽之三昧耶:

于月、日之风中央,观修自咒种子;缘于本尊真实,至第十六即成就。 心成为虚空,月与日隐没;当非有之智融入,金刚本尊即成就。 或以金刚禁行,将身垢彻底净除;大智慧自咒本尊,于满月成就。 以自咒种子的光,观金刚帐等;护免八种怖畏,亦不为无身者所见。 诸病从毛孔中,如猿猴或犬,尽皆排出;以此智慧萨埵三昧耶,用金刚兵器击打。 于虚空界中央,观白色智慧火聚;修令一切有情界的处所,无余燃起火焰。 即使造五无间业者,也令往生清净处;罪者以此金刚智慧,于一刹那具吉祥。 观脐中央之触,

梵语转写

a

藏文原文

ཨ

汉语音译

阿

字极为微细;为不变、悦意、安乐之处,成就不坏梵天。 观自咒

梵语转写

hūṃ

藏文原文

ཧཱུྃ

汉语音译

吽

、

梵语转写

oṃ

藏文原文

ཨོཾ

汉语音译

嗡

字及金刚

梵语转写

āḥ

藏文原文

ཨཱཿ

汉语音译

阿哈

字;风之真实彻底成就后,成为不行而猛烈之语。 五种光芒住于心,莲花令成金刚;成为智慧遍入之王。

དེ་ནས་ རྡོ་རྗེ་སྙིང་པོ་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་མ་འདི་ཅི་ཞིག་ལགས། ལྟེ་བ་ལས་ནི་རླུང་ཁམས་འབྱུང་། །ཅི་ཕྱིར་ལུས་ཀྱི་ཆོས་སུ་འགྱུར། །བདུད་ལས་འདས་པའི་ལམ་བསྒོམས་པས། །ཇི་ལྟར་ཚངས་པ་ལ་སོགས་འགྱུར། ། པདྨས་རྡོ་རྗེ་འབྱེད་བྱེད་ཅི། །འདི་དག་ཅི་ཕྱིར་འགལ་མི་འགྱུར། །དམ་ཚིག་དེ་ཉིད་མཁྱེན་པས་གསུངས། །ཉོན་ཅིག་རྡོ་རྗེ་ཇི་བཞིན་ཉོན། །ལུས་ནི་གཞན་དག་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གཡོ་བ། །དེ་ལས་འཁྲུལ་བའི་ལུས་པོ་འབྱུང་། །ལྟེ་བ་སྤུ་ཞེས་བཤད་པ་སྟེ། །དེ་དག་དེ་ལས་བྱུང་བ་ ཡིན། །བྲམ་ཟེ་མོ་ལ་འདོད་སྤྱོད་པ། །རྡོ་རྗེ་སྐུ་རུ་འགྱུར་བའོ། །རླུང་གིས་སྨྲ་བར་བྱེད་པའི་ཕྱིར། །རྡོ་རྗེ་ངག་སྟེ་དེ་ཉིད་བརྗོད། །དབྱངས་མཁན་བུ་མོས་དམ་ཚིག་གིས། །རྡོ་རྗེའི་གསུངས་དུ་འགྱུར་བ་ཡིན། །འཁྲུལ་པས་གཉིས་སུ་རྟོག་པའི་སེམས། །ཐིག་ལེ་འདི་ལས་འགྱུར་བའི་ཕྱིར། ། མིག་མཛེས་གཡུང་མོའི་དམ་ཚིག་གིས། །རྡོ་རྗེ་ཐུགས་སུ་འགྱུར་པའོ། །ང་ནི་འགྲོ་བས་མི་ཤེས་ཏེ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །འཕྲུལ་ལྡན་ལྷ་ཞེས་འཇིག་རྟེན་རྟོག །སྐུ་དང་གསུང་ཐུགས་རྡོ་རྗེ་སྟེ། །ཐམས་ཅད་ང་ཡི་རྣམ་པར་འཕྲུལ། །སྐུ་ ཡི་རྡོ་རྗེ་ཚངས་པར་འགྱུར། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །འཇུག་སེལ་ཐུགས་ཀྱི་རྡོ་རྗེའོ། །འདི་ནི་ཡང་དག་རྫོགས་སངས་རྒྱས། །སེམས་ཅན་ཁམས་ལ་དབྱེར་མེད་དེ། །དེ་དག་རྣམས་ཀྱི་ལུས་ངག་ཡིད། །མཉམ་གྱུར་ཚངས་ལ་སོགས་པར་སྣང་། །ལུས་ ནི་སྤྲུལ་བའི་འཁོར་ལོ་གནས། །མགྲིན་པ་དེ་བཞིན་རྨི་ལམ་མོ། །གཉིད་ཀྱི་རྣལ་འབྱོར་སྙིང་གར་དགོད། །བདེ་བར་སྤྱི་བོར་མངོན་པར་བརྗོད། །གཞན་ཡང་རྩ་ལྷུག་བརྗོད་པ་དང་། །རི་བོང་སྟག་སོགས་ཆུ་བོ་དང་། །ཉིན་མཚན་ལ་སོགས་དངོས་ཀུན་ཏུ། །སངས་ རྒྱས་གར་མཁན་ཟློས་དར་མཛད། །གཉིད་ལ་རྡོ་རྗེས་རྣམ་སྒོམ་པ། །ཚངས་པའི་དམ་ཚིག་གཏི་མུག་སྤོར། །གཞན་གྱིས་གཉིད་དག་སྤོང་བར་དཀའ། །བུད་མེད་བྲལ་ལ་སྡོམ་བརྩོན་མེད། །འདོད་ལྡན་ཚངས་སྤྱོད་ཆེན་པོ་ནི། །ཞི་བའི་དམ་ཚིག་འདོད་ཆགས་ སྤོང་། །ཞེ་སྡང་རྡོ་རྗེར་རྣམ་སྒོམ་ན། །རྨོངས་སེལ་ཁྱབ་འཇུག་དམ་ཚིག་གོ། །གཞན་ལ་བྱམས་པས་སྤོང་བར་དཀའ། །རྣམ་པ་འདི་གསུམ་གསང་ཆེན་པོ། །ལྷ་ཡི་བདེ་བ་སེར་སྣར་བཅས། །བརྩོན་འགྲུས་ཕྲག་དོག་དམ་ཚིག་སྟེ། །གཡོ་སྒྱུས་བདུད་རྣམས་ འདུལ་བྱེད་པ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །པདྨའི་སྙིང་པོ་བདེ་བ་ཅན། །ཇི་སྲིད་མ་རྙེད་འབྲས་བུ་མེད། །རྡོར་དབྱིངས་དབང་ཕྱུག་རྩ་འདི་ཡིས། །རྡོ་རྗེ་གཉིས་སྤང་འབྱེད་པར་བྱེད། །ཤེས་རབ་རྟོགས་པ་བྱེད་པ་ཐབས། །ཤེས་རབ་མེད་ལ་ཐབས་ མཁས་མེད། །རྡོ་རྗེས་པདྨ་རྒྱས་བྱེད་ཀྱི། །པདྨས་རྡོ་རྗེ་འབྱེད་པར་བྱེད། །སྤྲུལ་པ་བདེ་ཆེན་འཁོར་ལོས་ཀྱང་། །ཆོས་དང་ལོངས་སྤྱོད་རྣམ་པར་འབྱེད། །དེ་ལྟས་འདི་ནི་གསང་ཆེན་སྟེ། །རྒྱུད་གཞན་དུ་ནི་འབད་པས་སྦས། །དེ་ལ་འདི་ནི་སྐུ་གསུམ་རྡོ་རྗེའི་ གསང་བའོ། །སེམས་མེད་གནས་དང་འཁྲུལ་སྐྱེད་དང་། །སྔོན་གནས་རྣམ་པར་གསལ་བ་ཡི། །འཇིག་རྟེན་འདི་ལ་སྐུ་གསུམ་གནས། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པའོ། །རང་བྱུང་ངོ་བོ་བརྗོད་མེད་པ། །ཆོས་ཀུན་རང་བཞིན་ཞི་ བ་བརྙེས། །རྐྱེན་ནི་རྣམ་པར་བཀྲ་བ་མཁྱེན། །རྡོ་རྗེ་ཅན་གྱི་ཆོས་སྐུའོ། །མེ་ལོང་གཟུགས་བརྙན་ལྟར་སེམས་འདི། །ཕྲ་ཞིང་ལུས་ནི་རྔུལ་མེད་པ། །སྐད་ཀྱང་སྒྲ་བརྙན་ལྟ་བུ་སྟེ། །དག་པའི་དཀྱིལ་འཁོར་སྣང་བའོ། །སེམས་ཅན་བསམ་པ་ཇི་བཞིན་དུ། ། སྤྲུལ་པ་ཐ་དད་སྣ་ཚོགས་འཇུག །ལོངས་སྤྱོད་རྫོགས་དང་སྤྲུལ་པ་སྟེ། །གཅིག་གྱུར་འདྲེན་པ་བདེ་བ་ཆེ། །རྩ་ཡི་དྲ་བ་ལྷ་མོ་སྟེ། །དེ་བཞིན་ཁམས་དང་ཉེར་བཅས་པའི། །བུད་མེད་རྣལ་འབྱོར་མའི་དཀྱིལ་འཁོར། །སྤངས་ནས་རི་མོ་སུ་ཞིག་ལེན། །

随后,金刚藏等瑜伽自在者请问:“薄伽梵母,这是何义?风界从脐中生,为何成为身法?修越过魔的道,如何成为梵天等?莲花为何开启金刚?这些为何不相违?”

了知三昧耶真实者说:

“谛听,金刚,如实谛听!身体并非另外存在,心之自性动摇,由此出生迷乱之身;所说脐与毛等,皆从彼生。 与婆罗门女行欲,成为金刚身;因风能令言说,故称其为金刚语。以歌女之三昧耶,成为金刚语。 由迷乱而分别为二的心,因从此明点转变,以美目低种姓女之三昧耶,成为金刚意。 众生不识我,世间分别为梵天、遍入天、大自在、具幻化之天;身、语、意金刚,一切皆是我的化现。 身金刚成为梵天,语金刚为大自在,འཇུག་སེལ为意金刚;此即真实圆满佛,于有情界无别。彼等身语意平等,显现为梵天等。 身住化轮,喉亦为梦;睡眠瑜伽安于心,乐则说在顶。 又于韵文、散文、兔、虎等、河流,以及昼夜等一切事物,佛如舞者,展演戏剧。 于睡眠中以金刚观修,梵天三昧耶增长痴;其余方法难以舍弃睡眠。离开女人,无勤于律仪;有欲者之大梵行,以寂静三昧耶舍欲。 若将嗔恨观为金刚,即除痴之遍入三昧耶;以对他者的慈爱难以舍弃。此三种形相为大秘密。 天乐伴随悭吝,精进、嫉妒为三昧耶;以诡诈调伏诸魔,三昧耶极难超越。 未获具乐的莲花心髓以前,便无果。以此金刚界自在之脉,舍离、分开二金刚。 令证智慧者为方便;无智慧即无善巧方便。金刚令莲花开展,莲花令金刚开启。 化轮、大乐轮,亦分别法与受用。因此这是大秘密,在其他续中刻意隐藏。”

此中,这是三身金刚之秘密:

无心之位、生起迷乱、前住显明,在此世间安住三身,即法身、圆满受用身、化身。 自生之体不可言说,得一切法自性寂静,知诸缘差别鲜明,即持金刚法身。 此心如镜中影,微细而身无汗;声如回响,是清净坛城之显现。 随有情意乐,入于种种不同化现;圆满受用与化身成为一体,是大乐导师。 脉网即天女,以及诸界所具的女人瑜伽女坛城;舍此而取画像者是谁?

དེ་ལ་ འདི་ནི་རྗེས་སུ་རྣལ་འབྱོར་གྱི་དམ་ཚིག་གོ། །དྲི་མས་སེམས་ནི་མངོན་བསྒོས་པས། །རྣམ་ཤེས་ཡེ་ཤེས་བདག་མི་འགྱུར། །ཐེག་པ་མཆོག་གི་བགྲོད་པའི་གནས། །ཡེ་ཤེས་དབང་མོ་ཉན་པར་མ་འཚལ། །ཉོན་ཅིག་ཇི་བཞིན་རྡོ་རྗེ་ཉོན། །དངོས་པོ་བདེན་རྫུན་རྣམ་ དཔྱད་ན། །རྫུན་པའི་རྡོ་རྗེ་ཡང་དག་མཐོང་། །རང་བཞིན་དག་པའི་དེ་ཁོ་ན། །ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་གཟུངས་ཀྱི་སྒོའོ། །ཧཱུྃ་ཞེས་བྱ་བ་ནི་ཡེ་ཤེས་དང་ལྡན་པའི་གཟུངས་ཀྱི་སྒོའོ། །ཕཊ་ཀྱི་བྱ་བ་ནི་གདགས་པར་བྱེད་པའི་གཟུངས་ཀྱི་སྒོའོ། །ཏྲྃ་ཞེས་བྱ་བ་ནི་ཉི་མའི་ གཟུངས་ཀྱི་སྒོའོ། །ཨཱཿཞེས་བྱ་བ་ནི་སྨྲ་བ་ཐམས་ཅད་ཀྱི་གཟུངས་ཀྱི་སྒོའོ། །ཧ་ཞེས་བྱ་བ་ནི་འཆི་བ་མེད་པའི་གཟུངས་ཀྱི་སྒོའོ། །ཧྲཱིུ་ཞེས་བྱ་བ་ནི་རྗེས་སུ་ཆགས་པའི་གཟུངས་ཀྱི་སྒོའོ། །ཨོཾ་ཞེས་བྱ་བ་ནི་འཇིགས་པར་བྱེད་པའི་གཟུངས་ཀྱི་སྒོའོ། །ཁཾ་ཞེས་བྱ་ བ་ནི་ནམ་མཁའ་ལྟ་བུའི་གཟུངས་ཀྱི་སྒོའོ། །ཨོཾ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་གཟུངས་ཀྱི་སྒོའོ། །ཀྵ་ཞེས་བྱ་བ་ནི་རབ་ཏུ་མི་གནས་པའི་གཟུངས་ཀྱི་སྒོའོ། །ཨཿཞེས་བྱ་བ་ནི་གཉིས་སུ་མེད་པའི་གཟུངས་ཀྱི་སྒོའོ། །ཡ་ཞེས་བྱ་བ་ནི་རྡི་རྗེ་རླུང་སྟེ་གཟུངས་ཀྱི་སྒོའོ། ། ར་ཞེས་བྱ་བ་ནི་རྡོ་རྗེ་མེ་སྟེ་གཟུངས་ཀྱི་སྒོའོ། །ཝ་ཞེས་བྱ་བ་ནི་རྡོ་རྗེ་ཆུ་སྟེ་གཟུངས་ཀྱི་སྒོའོ། །ལ་ཞེས་བྱ་བ་ནི་རྡོ་རྗེ་ས་སྟེ་གཟུངས་ཀྱི་སྒོའོ། །ཏཾ་ཞེས་བྱ་བ་ནི་རྡོ་རྗེ་སེམས་སྟེ་གཟུངས་ཀྱི་སྒོའོ། །ཨིཾ་ཞེས་བྱ་བ་ནི་རྡོ་རྗེ་དཔའ་བོ་རྣམས་ཏེ་གཟུངས་ཀྱི་སྒོའོ། །བི་ ཞེས་བྱ་བ་ནི་ནམ་མཁའི་ཁམས་སུ་བྱེད་པ་སྟེ་གཟུངས་ཀྱི་སྒོའོ། །ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་གཟུངས་ཀྱི་སྒོའོ། །རྣམ་ཤེས་ཡེ་ཤེས་རྣལ་འབྱོར་ཏེ། །དེ་དག་རྡོ་རྗེ་རབ་སྦྱོར་བས། །རྣལ་འབྱོར་ལ་ནི་རྣལ་འབྱོར་བསྒོམ། །རྗེས་ཀྱི་རྣལ་འབྱོར་ཞེས་བྱའོ། ། དེ་ལ་འདི་ནི་ཤིན་ཏུ་རྣལ་འབྱོར་གྱི་དམ་ཚིག་གོ། །སྤྲེའུ་དང་གློག་ལྟར་མི་གནས་པ། །རབ་ཏུ་གཟུངས་པར་དཀའ་བའི་སེམས། །འདོད་པའི་རྡོ་རྗེ་རྣམ་དཔྱད་པ། །ཡེ་ཤེས་དབང་མོ་མཉན་པར་འཚལ། །ཉོན་ཅིག་ཇི་བཞིན་རྡོ་རྗེ་ཉོན། །གསེར་ཁམས་རྡོ་ལ་སྣུམ་ གནས་པ། །མངོན་པར་ཞི་བ་ཡོད་མ་ཡིན། །སྲེག་དང་དབྱེ་བའི་ཐབས་ཀྱི་ནི། །ཉི་མ་བཞིན་དུ་རྣམ་པར་གསལ། །ལྕགས་བཞིན་མེ་ལ་རྣམ་བཟོད་ན། །གཞན་དག་ཅི་ཕྱིར་མི་བཟོད་བྱེད། །དེ་ཕྱིར་ཡེ་ཤེས་རྣམ་ཤེས་དག །ཆ་གཉིས་རྣམ་པར་རྟོག་ མི་བྱ། །ཆ་གཉིས་ལས་ནི་སྡིག་པ་འབྱུང་། །སྡིག་པས་བསོད་ནམས་ཟད་པར་འགྱུར། །སྡུག་བསྔལ་སྡིག་པ་ཞེས་བརྗོད་དེ། །བླ་མེད་བདེ་བ་བསོད་ནམས་སོ། །བདེ་དང་སྡུག་བསྔལ་མཉམ་གྱུར་བ། །བསོད་ནམས་སྡིག་མེད་རྣམ་པར་ཐར། །སྡུག་ བསྔལ་གྱིས་ནི་སེམས་གཡེངས་ཏེ། །དགེ་དང་སྡིག་པ་རྣམ་པར་འབྱེད། །བུ་མོའི་ལོངས་སྤྱོད་བདེ་བ་ཡིས། །རྣམ་པར་མི་རྟོག་གཉིས་མེད་འགྲུབ། །

此中,这是随瑜伽之三昧耶:

“由垢染着于心,识便不成智之体。最胜乘所行之境,智慧自在母,不欲听闻。”

“谛听,如实金刚,谛听!若辨析事物之真妄,正见虚妄之金刚,即自性清净的真实。

梵语转写

a

藏文原文

ཨ

汉语音译

阿

,是无生陀罗尼门。

梵语转写

hūṃ

藏文原文

ཧཱུྃ

汉语音译

吽

,是具智慧陀罗尼门。

梵语转写

phaṭ

藏文原文

ཕཊ

汉语音译

帕特

之作用,是施设陀罗尼门。

梵语转写

traṃ

藏文原文

ཏྲྃ

汉语音译

特拉姆

,是日陀罗尼门。

梵语转写

āḥ

藏文原文

ཨཱཿ

汉语音译

阿哈

,是一切言说陀罗尼门。

梵语转写

ha

藏文原文

ཧ

汉语音译

哈

,是无死陀罗尼门。

本完整咒含无法可靠还原的藏文音节,故暂不提供整咒梵语转写及汉语音译,藏文完整保留;详见 mantra-reading.json。

藏文原文

ཧྲཱིུ

,是随贪陀罗尼门。

梵语转写

oṃ

藏文原文

ཨོཾ

汉语音译

嗡

,是令怖畏陀罗尼门。

梵语转写

khaṃ

藏文原文

ཁཾ

汉语音译

卡姆

,是如虚空陀罗尼门。

梵语转写

oṃ

藏文原文

ཨོཾ

汉语音译

嗡

,是大乐陀罗尼门。

梵语转写

kṣa

藏文原文

ཀྵ

汉语音译

克沙

,是极无住陀罗尼门。

梵语转写

aḥ

藏文原文

ཨཿ

汉语音译

阿哈

,是无二陀罗尼门。

梵语转写

ya

藏文原文

ཡ

汉语音译

雅

,是金刚风陀罗尼门。

梵语转写

ra

藏文原文

ར

汉语音译

拉

,是金刚火陀罗尼门。

梵语转写

va

藏文原文

ཝ

汉语音译

瓦

,是金刚水陀罗尼门。

梵语转写

la

藏文原文

ལ

汉语音译

拉

,是金刚地陀罗尼门。

梵语转写

taṃ

藏文原文

ཏཾ

汉语音译

塔姆

,是金刚心陀罗尼门。

梵语转写

iṃ

藏文原文

ཨིཾ

汉语音译

伊姆

,是诸金刚勇士陀罗尼门。

梵语转写

bi

藏文原文

བི

汉语音译

比

,是作虚空界陀罗尼门。

梵语转写

a

藏文原文

ཨ

汉语音译

阿

,是一切法陀罗尼门。

识与智为瑜伽,将彼等金刚善加结合,于瑜伽修瑜伽,称为随瑜伽。”

此中,这是极瑜伽之三昧耶:

“如猴与闪电般不停住、极难摄持的心,与欲之金刚的辨析,智慧自在母,愿为听闻。”

“谛听,如实金刚,谛听!金矿、石中之油,并非显然寂止;以烧炼、分离之方便,如太阳般显明。若能如铁耐火,为何不能忍受其他?因此,对智与识,勿分别为两分。 由两分而生罪,因罪而福德耗尽。痛苦称为罪,无上安乐为福德。乐与苦平等,无福无罪而解脱。 心因痛苦散乱,分出善与罪;以受用女子之乐,成就无分别、无二。”

རི་བོ་ཉམས་ནི་དགའ་བ་དང་། །ནགས་ཚལ་དབེན་པའི་ས་ཕྱོགས་སུ། །མིག་བཟང་བརྟན་པའོ་བློ་ལྡན་ བཟུང་། །དང་པོ་འདུས་པར་བྱས་ནས་ནི། །རྡོ་རྗེ་ཆོ་ག་རབ་ཏུ་བསྒྲུབ། །དེ་བཞིན་གཤེགས་པའི་བཙུན་མོའོ་མཆོག །དམ་ཚིག་ཆེན་པོ་བྱིན་གྱིས་བརླབ། །ཁྱོགས་དང་བརླ་ཞེས་བྱ་བ་དང་། །དེ་བཞིན་ཤིན་ཏུ་རྒྱོང་བ་དང་། །ཁབ་དང་གྲུ་མོའི་མཚན་ཉིད་བྱ། ། བུང་བ་ལྟ་བུར་ཨི་ཡི་སྒྲ། །ངེས་པར་བློ་དང་ལྡན་པས་བསྐུལ། །སྒེག་ཆོས་སྟབས་ཀྱིས་འཁྲུད་ནས་ནི། །མགོ་ཡི་སྐྲ་བཟུང་ལྐོག་མ་གཟིར། །མ་མཆུའི་སྦྲང་རྩི་གཞིབ་པར་བྱ། །རྡོ་རྗེ་འཁྱུད་པས་འཁྱུད་པ་དང་། །རྡོ་རྗེ་འོ་ ཡིས་འོ་གདབ་ཅིང་། །སོ་དང་སེན་མོས་བསྣུན་པར་བྱ། །རྡོ་རྗེ་པདྨར་རབ་འཇུག་ཅིང་། །སྭི་ཏ་ཀྱི་སྒྲ་རྣམས་བྱེད་པ་དང་། །ནུ་མ་འཚིར་དང་སྐྱེས་པའི་ཚུལ། །སྦྱོར་བ་ཐམས་ཅད་བྱ་བར་བྱ། །ནུ་མ་སོར་མོ་རྐེ་དང་མ་མཆུ་དང་། །རྣ་བ་མིག་དང་སྤྱི་བོ་བྷ་གར་ ཡང་། །འོ་བྱ་རྣ་བ་མཆན་ཁུང་རྐེ་དང་རྟགས། །སེན་མོས་གདབ་བྱུ་ནུ་མ་མཆན་ཁུང་དང་། །མཁུར་ཚོས་འགྲམ་དང་རྐང་ལག་མཐིལ་དག་ཏུ། །ཉེད་པར་བྱ་ཞིང་འཁྱུད་པའི་སྟབས་བརྒྱད་བྱ། །སོར་མོ་ལིང་ག་ལྕེ་དང་ལྕེས་བསྐྱོད་ནས། །པདྨ་བསྐུལ་ཞིང་རྩ་མཆོག་ སད་པར་བྱ། །ཟབ་ཆེ་བ་དང་། ཤིན་ཏུ་ཆུང་བ་དང་། ལྷོད་པ་དང་། རྩུབ་པ་དང་། རྟག་ཏུ་འཛག་པ་དང་། དྲོད་དང་གཤེར་དང་བྲལ་བའི་བྷ་ག་ནི་སྤང་ངོ་། །དཔངས་མཐོ་བ་དང་། འཇམ་པ་དང་། སྟེང་མཉམ་པ་དང་། བརྒྱས་ཤིང་དམ་པ་དང་། ཁྲག་ དང་ཁུ་བར་ལྡན་པ་དང་། སྤུ་ཉུང་བ་དང་། དུས་མ་ཡིན་པར་མི་འཛག་པ་དང་། རིང་ཞིང་སྙིང་པོ་ཟླུམ་པ་ནི་སྐལ་བ་བཟང་མོའོ། །དེ་ཡོངས་སུ་བསྐུལ་བས་ཇི་སྲིད་དུ་ཁོང་ནས་སཱིཏ་ཀྱི་སྒྲ་འབྱུང་བ་དེ་སྲིད་དུའོ། །ཧཿཞེས་བྱ་བས་མཆོག་ཏུ་དགའ་བའི་ཚེ་བཅིང་བར་བྱའོ། །ཡང་ ན། ཧཱུྃ་ཞེས་བྱ་བ་སྙིང་ག་ལ་གནས་པའི་སྒྲ་ཡིས་སོ། །ཡང་ན་ཧྲིཾ་ཧ་ཞེས་བྱ་བ་མགྲིན་པ་ལ་གནས་པའི་སྒྲ་ཡིས་སོ། །ཧཱུྃ་དང་ཕཊཿཀྱི་བྱ་བ་དང་། མདའ་བོ་ཆེའི་སྦྱོང་བ་བྱས་ལ་ཁུ་བ་བཅིང་བར་བྱའོ། །གཞན་ཡང་ཆ་བཞི་བའི་ཕྱེད་ཀྱི་མཚམས་སུ་ལྷན་ཅིག་སྐྱེས་པ་ བསྒོམས་པར་བྱ་སྟེ། གལ་ཏེ་བྷ་གའི་ཟེའུ་འབྲུ་ལ་གནས་པའི་ཐིག་ལེ་ཡང་རྡོ་རྗེའི་ཁས་བཏུང་བར་བྱའོ། །སྐོར་བ་ལ་སོགས་པའི་སྦྱར་བ་དང་། རླུང་གིས་སྦྱོར་བས་མཉམ་པར་བྱའོ། །འདི་ལ་དགང་བ་དང་། གཞིལ་བ་དང་། རེངས་པ་དང་། བུམ་པ་ཅན་གྱི་སྦྱོར་བས་དག པར་བྱས་ནས། མི་མོ་རྣམས་ཀྱི་སྦྱོར་བ་ལ་འཇུག་སྟེ།། ལུས་འདི་ཉིད་ཀྱི་དངོས་གྲུབ་ཐོབ་པར་བྱའོ། །དེ་ལས་དགའ་བ་བཞིའི་དབྱེ་བས་སྒྲུབ་པ་པོ་ལ་རེངས་པ་དང་། རྔུལ་བ་དང་། བ་སྤུ་ལྡང་བ་དང་། དབུགས་འགྱུར་བ་དང་། འདར་བ་དང་། ཁ་དོག་ལོག་པ་དང་། མཆི་མ་འབྱུང་བ་དང་། ཐིམ་པ་ཞེས་བྱ་བ་སྙིང་སྟོབས་བརྒྱད་འབྱུང་ངོ་། །བུ་མོས་ཡེ་ཤེས་ཐོབ་པ་ནི། །སྙིང་ནི་འགུལ་ཞིང་ཐོབ་པ་དང་། །འདར་དང་དྲན་པ་ཉམས་པ་དང་། །སྐྲ་གྲོལ་གཅེར་བུ་གཤེར་བས་ཁྱབ། །མདོག་དམར་རབ་ཏུ་ཕྲ་བའི་མིག །ཡེ་ཤེས་ ལྔ་ཡི་རྣམ་པར་འཕྲུལ། །བུད་མེད་ཤེས་བར་ཡེ་ཤེས་ཏེ། །དེ་ལས་ཡེ་ཤེས་ལྔ་ཐོབ་འགྱུར། །རྡོ་རྗེ་ཆུ་སྐྱེས་སྦྱོར་ལྡན་པ། །སྐུ་ཡི་རྡོ་རྗེ་སྙན་པར་བརྗོད། །རླུང་ནི་མཉམ་པར་གྱུར་བ་དང་། །སཱིཏ་ཀྱི་སྒྲ་དང་སྐད་འགྱུར་པ། །གསུང་ནི་ཉེ་བར་སྒྲུབ་པ་པོ། །སྐྱོབ་པ་ ལས་ནི་རབ་ཞུ་བ། །ནོར་བུ་བཅུ་དྲུག་ཆ་བབས་ཏེ། །ཡིད་ཀྱི་བདེ་བས་གཉིས་འགག་པས། །ཐུགས་ཀྱི་དེ་ཉིད་སྒྲུབ་པར་མཛོད། །གཞུ་ཡི་གཟུགས་ཅན་རབ་སྦྱོར་བས། །དུང་དང་ཀུནྡ་ལྟར་ཐིག་ལེ། །སྡོམ་བརྩོན་བདེ་བས་གཟུང་བར་བྱ། །རང་གི་རིག་པའི་ ཡེ་ཤེས་མཆོག །གྲུབ་པ་ཆེན་པོ་དེ་ཉིད་དེ། །རྣམ་ཤེས་ཡེ་ཤེས་དག་པར་བྱེད། །འདི་ཡིས་རྡོ་རྗེ་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བའི། །ཡེ་ཤེས་རྒྱ་མཚོ་འགྲུབ་པར་འགྱུར། །ཡེ་ཤེས་ཆེན་པོ་རབ་སྦྱོར་བས། །ཤིན་ཏུ་རྣལ་འབྱོར་མཁས་པས་ བསྟོད། །བུད་མེད་སྒྱུ་མའི་ཕྱག་རྒྱ་འདི། །དམ་ཚིག་རྣམས་ཀྱི་མཆོག་གི་མཆོག །ངན་ཟོས་ངན་སྤྱད་ཐམས་ཅད་ཀྱིས། །སྒྲིབ་པ་དག་ཏུ་ཡོངས་མི་འགྱུར། །དེ་སྐད་ཅེས་གསུངས་སོ། །

于悦意山中、寂静林地,智者摄取美目而坚定者;先令会合,善修金刚仪轨,为最胜如来妃加持大三昧耶。 作所谓抬举、股式,以及极伸展、针式、肘式之相。智者应确实发出如蜂之

梵语转写

i

藏文原文

ཨི

汉语音译

伊

声劝动;以娇媚姿态沐浴,握住头发、压喉,吸取下唇之蜜。 以金刚拥抱相抱,以金刚吻亲吻,用牙与指甲触击;金刚深入莲花,发

梵语转写

svi ta

藏文原文

སྭི་ཏ

汉语音译

斯维 塔

之声,揉乳,并以男子之式作一切交合。 于乳、指、颈、下唇、耳、眼、顶及女阴亲吻;于耳、腋、颈与性器用指甲划触;按摩乳房、腋窝、面颊、腮及手足掌,作八种拥抱姿式。以指、男根、舌,以及以舌搅动,激发莲花,唤醒最胜脉。

应舍过深、过小、松弛、粗涩、恒常流出、缺乏温暖与湿润的女阴。高起、柔软、上部平整、宽而紧、有血与精液、少毛、不在非时流出、长且心髓圆者,为具善缘女。应充分激发,直至其内发出

梵语转写

sīt

藏文原文

སཱིཏ

汉语音译

西特

声。在极欢喜时,以

梵语转写

haḥ

藏文原文

ཧཿ

汉语音译

哈哈

令束住;或用住于心的

梵语转写

hūṃ

藏文原文

ཧཱུྃ

汉语音译

吽

声,或用住于喉的

梵语转写

hriṃ ha

藏文原文

ཧྲིཾ་ཧ

汉语音译

赫里姆 哈

声。作

梵语转写

hūṃ

藏文原文

ཧཱུྃ

汉语音译

吽

与

梵语转写

phaṭḥ

藏文原文

ཕཊཿ

汉语音译

帕特哈

之作用,修大箭之净治,令精液束住。

又于第四分之半际,应修俱生。若有住于女阴花蕊的明点,也用金刚口吸取;由旋转等结合以及风的结合令其平等。于此以充满、压伏、坚住及宝瓶之瑜伽清净后,入于与女人的结合,即由此身获得悉地。

由四喜的分别,修行者生起八种心力,名为僵住、出汗、汗毛竖起、呼吸改变、颤动、变色、流泪、融入。

女子得智时,心动而获得,颤抖、失念,头发散乱、裸体遍湿,色红、眼极细小,这是五智之化现。 应知女人为智慧,由彼获得五智。金刚与水生莲相合,称为身金刚。风成为平等,

梵语转写

sīt

藏文原文

སཱིཏ

汉语音译

西特

声与声音变转,是语的近修者。 从救护者彻底融化,宝珠十六分降落;由意之乐令二止息,当成就意之真实。 以弓形善相合,勤守律仪者当以乐摄持如螺与君陀花之明点。自明之最胜智,即是大成就;净化识与智,以此成就金刚大自性、从三身不可分出生的智慧海。 以大智慧善加结合,智者赞为极瑜伽。此女人幻化印,是三昧耶中最上最胜;一切恶食恶行,皆不成为障碍。”如此宣说。

དེ་ལ་འདི་ནི་རྣལ་འབྱོར་དང་པོའི་དམ་ཚིག་གོ། ཨུ་ཏྤལ་མི་འཇིགས་ ཕྱག་རྒྱ་ཅན། །ཕྱག་གཉིས་རྣལ་འབྱོར་བསྒོམས་བྱས་ལ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །དཀྱིལ་འཁོར་གྲུ་བཞི་སྒོ་བཞི་བ། །དབུས་སུ་ཀུན་ནས་ཟླུམ་པོ་སྟེ། །ལས་ཀྱི་སྣམ་བུ་ལྔ་དང་ལྡན། །ཨུཏྤལ་དམར་པོ་སིལ་མར་དགྲམ། །ཟླ་བ་ཉི་མའི་སྦྱོར་ བ་ལས། །དམ་ཚིག་སྒྲོལ་མ་བསམ་པར་བྱ། །ལྗང་སྔོན་འོད་ཟེར་དམར་པོ་འཁྱིལ། །མཆེ་བ་གཙིགས་པ་མེ་སྟག་འབར། །མཆོད་སྦྱིན་གྲི་གུག་ཌ་མ་རུ། །མདའ་དང་ཨུཏྤལ་སྡོང་པོ་དང་། །ཐོད་པ་ཁྲག་ཅན་རྩ་གསུམ་དང་། །བཞི་བ་མེ་ ཏོག་གཞུ་འཛིན་པའོ། །དུར་ཁྲོད་རྒྱན་དང་ཨུཏྤལ་རྒྱན། །གཡས་བརྐྱང་རོལ་བའི་སྐྱིལ་ཀྲུང་ཅན། །རང་རང་སྔགས་ལས་ལྷ་མོའོ་ཚོགས། །སྙིང་གའི་དབུས་ནས་སྤྲོ་བར་བྱ། །ཨོཾ་ཏཱ་རེ་སྭཱ་ཧཱ། མིག་ལའོ། །ཨོཾ་ཏུཏྟཱ་རེ་སྭཱ་ཧཱ། རྣ་བ་ལའོ། །ཨོཾ་ཏུ་སྭཱ་ཧཱ། ལྕེ་ལའོ། །ཨོཾ་རེ་སྭཱ་ཧཱ། སྙིང་ག་ལའོ། །ཨོཾ་ཏཱ་རེ་ཎི་སྭཱ་ཧཱ། སྤྱི་བོ་ལའོ།།སྔགས་ཀྱི་བདག་པོས་བྱིན་རླབས་དང་། །ཡེ་ཤེས་དམ་ཚིག་མཉམ་པར་བྱ། །དབང་གི་དོན་ནི་བསྒོམས་བྱས་ལ། །རང་ལྷར་སེམས་ནི་བརྟན་བྱའོ། །རྣལ་འབྱོར་ཆེན་པོའི་ལེའུ་སྟེ་ གཉིས་པའོ།། །།

此中,这是初瑜伽之三昧耶:

修二臂、持青莲与无畏印之瑜伽。于虚空界中央,有四方四门的坛城,中心周圆,具有五事业带;散布红色优钵罗花。 从月与日相合中,观三昧耶度母,青绿色,红光旋绕,露齿而火星燃烧。持施供、钺刀、小鼓、箭与优钵罗茎,以及盛血颅器、三叉,第四持花弓。 以尸林饰及青莲装饰,右腿伸展,作游戏跏趺。由各自真言,从心中央放出天女众。

梵语转写

oṃ tāre svāhā

藏文原文

ཨོཾ་ཏཱ་རེ་སྭཱ་ཧཱ།

汉语音译

嗡 塔雷 斯瓦哈

——于眼。

梵语转写

oṃ tuttāre svāhā

藏文原文

ཨོཾ་ཏུཏྟཱ་རེ་སྭཱ་ཧཱ།

汉语音译

嗡 图特塔雷 斯瓦哈

——于耳。

梵语转写

oṃ tu svāhā

藏文原文

ཨོཾ་ཏུ་སྭཱ་ཧཱ།

汉语音译

嗡 图 斯瓦哈

——于舌。

梵语转写

oṃ re svāhā

藏文原文

ཨོཾ་རེ་སྭཱ་ཧཱ།

汉语音译

嗡 雷 斯瓦哈

——于心。

梵语转写

oṃ tāreṇi svāhā

藏文原文

ཨོཾ་ཏཱ་རེ་ཎི་སྭཱ་ཧཱ།

汉语音译

嗡 塔雷尼 斯瓦哈

——于顶。

由真言之主加持,令智慧与三昧耶平等;观修灌顶之义,使心坚住于自本尊。

第二品:大瑜伽。

第三品

དེ་ནས་སྒྲོལ་མས་བཀའ་སྩལ་པ། །ཨོཾ་ལཱྃ་མཱྃ་པཱྃ་ཏཱྃ། ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་ཧུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་ཧཱུྃ་ཏཱྃ་ཧཱུྃ་བཛྲ་ཨ་ངྷི་བ་ཏི་སྟཱཾ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་ཛཿཧཱུྃ་བོ་ཧོཿ བཛྲ་ས་ཏྭ་སྟཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ། དབང་བསྐུར་བའི་སྔགས་སོ། །རྡོ་རྗེའི་དཀྱིལ་འཁོར་བྲི་བར་བྱ། །ཀ་བ་བརྒྱད་ཀྱི་ཉེ་བར་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །ཕྱི་རོལ་རྭ་བ་མེ་རིར་བཅས། །དུར་ཁྲོད་དག་ཀྱང་བྲི་བར་བྱ། །དབུས་སུ་ཨུ་ཏྤལ་ མཐིང་ག་དགོད། །ཤར་ཏུ་ཞི་བའི་ཨུ་ཏྤལ་དང་། །བྱང་དུ་བུམ་པ་བྲི་བར་བྱ། །ནུབ་ཏུ་ལྕགས་ཀྱུ་འབར་བ་སྟེ། །རལ་གྲི་ལྷོ་རུ་དགོད་པར་བྱ། ཞི་དང་རྒྱས་དང་དབང་དང་ནི། །གསོད་བྱེད་རྣམས་ཀྱི་མཚན་མའོ། །གྲྭ་བཞིར་རིགས་ཀྱི་ལྷ་མོ་སྟེ། །ཨུཏྤལ་ མཛེས་པ་རེ་རེ་བྲི། །ལྕགས་ཀྱུ་ལ་སོགས་སྒོ་རུ་དགོད། །སྟོབས་ཆེན་ཕ་རོལ་གནོད་པ་ཡི། ཁྲོ་བོ་རྣམས་ཀྱང་གྲྭར་དགོད་དོ། །ལས་རྣམས་བྱེད་པའི་ལྷ་མོའི་ཚོགས། །ཕྱི་རོལ་དག་ཏུ་བྲི་བར་བྱ། །དབུས་སུ་བདག་ཉིད་གནས་བྱས་ནས། །རྡོ་རྗེ་མཚན་མའི་ ཚོགས་སྤྲོས་པས། །སེམས་ཅན་ཁམས་རྣམས་སྦྱང་བར་བྱ། །མཆོད་པའི་སྤྲིན་གྱིས་ནམ་མཁའི་ཁམས། །མཆོག་ཏུ་གང་བ་སྤྲོ་བར་བྱ། །མེ་ཏོག་གང་དུ་མ་ཉམས་པ། །བྷ་ག་མཆོག་ལས་ཡང་དག་བླངས། །རྣལ་འབྱོར་མ་ཡི་འཁོར་ལོ་མཆོད། ། ཡང་གསུངས་པ། སྒོ་དགུ་ངེས་པ་བཀག་བྱས་ནས། །རྒྱས་པར་ལྔ་ཡི་མཆོད་རྟེན་ལས། །སྲོག་གི་རྩེ་མོར་རང་གི་སེམས། །མདའ་གཞིའི་སྦྱོར་བས་འཕོ་བར་བྱ། །མཚམས་མེད་ལྔ་པོ་བྱེད་པ་ཡང་། །འདི་ཡིས་གྲོལ་འགྱུར་ཐེ་ཚོམ་མེད། །རིག་པའི་ བརྟུལ་ཞུགས་སྤྱད་བྱ་སྟེ། །མི་ལྤགས་རས་རྙིང་བགོ་བའམ། །གཅེར་བུའི་བརྟུལ་ཞུགས་བྱས་ནས་ནི། །དོགས་པའི་སེམས་ནི་ཀུན་སྤངས་ནས། །ཇི་ལྟ་བུར་ན་སྣང་བ་འདི། །འདོད་སྤྱོད་བདེ་བ་ལ་བསྡུས་ནས། །ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱིས། །བླ་ མེད་བྱང་ཆུབ་བསྒྲུབ་པར་བྱ། །དེ་ལ་འདི་ནི་དམ་ཚིག་རྡོ་རྗེའོ། །གང་ལས་སློབ་དཔོན་དབང་བསྐུར་བ། །སློབ་དཔོན་གཅིག་ཏུ་གྱུར་བ་ཡི། །སྲིང་མོ་སྒྲོལ་མ་དང་མཉམ་བརྟག །རྡོ་རྗེ་སློབ་དཔོན་དེ་བཞིན་དུ། །རིག་མའམ་བདག་གི་རིག་མ་ཡང་། །སློབ་དཔོན་ མཆོག་ཏུ་ཡོངས་སུ་བརྗོད། །བླ་མ་སངས་རྒྱས་ཀུན་མཉམ་པས། །དེ་ཡི་གྲིབ་མའང་འགོང་མི་བྱ། །འོན་ཀྱང་དགའ་མ་དགེས་དབང་མོ། །གཉིས་ཀྱི་སྒོ་དགུ་ལས་བྱུང་བ། །མི་རྟོག་སྣོད་གཅིག་བཟའ་བ་དང་། །གཙང་སྦྲའི་སེམས་ཀྱིས་ཙུམྷ་དབུལ། །ལྷན་ཅིག་ མལ་བསྟན་ལོངས་བསྟན་ནས། །ལག་གིས་རྡོ་རྗེ་བཟུང་གསོར་ཏེ། །ཡོ་ནིར་སོར་བྱ་དམ་འཁྱུད་ནས། །ཚིག་དང་ཡི་གེས་དགེས་བསྐུལ་བས། །སོ་དང་སེན་རིས་འདྲུད་པ་དང་། །འཇིབ་དང་སྒོ་ཡིས་ཟས་འབུལ་བ། །གུས་དང་ཆགས་བཅས་བག་རྐྱོང་བས། །འགོང་ བ་འདི་ལ་ཉེས་མེད་དེ། །སློབ་དཔོན་དགེས་ལས་དངོས་གྲུབ་ཀུན། །བཟང་མོ་དེ་ཡི་རྟག་ཏུ་ཐོབ། །ཡུ་ཛ་གུས་པས་གཞིབ་པ་དང་། །ཕྱག་རྒྱ་གལ་ཏེ་སེམས་ལྷུངས་གྱུར། །འདབ་ལྡན་ལས་ཕྱུང་བཟའ་བར་བྱ། །ཡོ་ནིས་ཙཱ་རུ་དབུལ་བ་དང་། འཁྲིག་ཐབས་འཕྲུལ་ འཁོར་ཉེས་མེད་དེ། །གང་དེས་དེ་ཉིད་མཉེས་བྱེད་པའོ། །

随后,度母宣说:

梵语转写

oṃ lāṃ māṃ pāṃ tāṃ

藏文原文

ཨོཾ་ལཱྃ་མཱྃ་པཱྃ་ཏཱྃ།

汉语音译

嗡 拉姆 马姆 帕姆 塔姆

梵语转写

hūṃ vajra abhiṣiñca hūṃ

藏文原文

ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ།

汉语音译

吽 瓦吉拉 阿比希尼恰 吽

梵语转写

ratna mukuṭa abhiṣiñca hūṃ

藏文原文

རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ།

汉语音译

拉特那 木库塔 阿比希尼恰 吽

梵语转写

oṃ huṃ vajra abhiṣiñca hūṃ

藏文原文

ཨོཾ་ཧུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ།

汉语音译

嗡 吽 瓦吉拉 阿比希尼恰 吽

梵语转写

oṃ hūṃ tāṃ hūṃ vajra aṅhibati stāṃ abhiṣiñca hūṃ

藏文原文

ཨོཾ་ཧཱུྃ་ཏཱྃ་ཧཱུྃ་བཛྲ་ཨ་ངྷི་བ་ཏི་སྟཱཾ་ཨ་བྷི་ཥིཉྩ་ཧཱུྃ།

汉语音译

嗡 吽 塔姆 吽 瓦吉拉 阿恩希巴提 斯塔姆 阿比希尼恰 吽

梵语转写

oṃ jaḥ hūṃ bo hoḥ vajra satva staṃ vajra nāma abhiṣiñca hūṃ

藏文原文

ཨོཾ་ཛཿཧཱུྃ་བོ་ཧོཿབཛྲ་ས་ཏྭ་སྟཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ།

汉语音译

嗡 加哈 吽 波 霍哈 瓦吉拉 萨特瓦 斯塔姆 瓦吉拉 那马 阿比希尼恰 吽

这是灌顶真言。

应画金刚坛城,以八柱庄严,具足四线,外有围墙与火山,并画诸尸林。中心安置青蓝色青莲;东方为寂静青莲,北方画瓶,西方为炽燃铁钩,南方安剑,分别为息灾、增益、怀摄、诛杀之标相。 四隅为部族天女,各画美妙青莲;门处安铁钩等。大力、损害他者的忿怒尊亦安于隅。外部画作诸事业的天女众。 自身住于中央,放出众多金刚标相,净化有情界;放出供养云,令虚空界极其充满。从最胜女阴取来毫无损坏之花,供养瑜伽女轮。

又说:

确实关闭九门后,从开展之五塔,以箭基之瑜伽,将自心迁移于命之顶端;即使造五无间业者,也由此解脱,无有疑惑。 应行明之禁行,穿人皮或旧布,或行裸体禁行;尽舍一切疑虑之心,将现前一切显现摄入欲行之乐,以一切恶食恶行成就无上菩提。

此中,这是三昧耶金刚:

从某阿阇梨受灌顶,同受一位阿阇梨灌顶的姊妹,应观与度母平等。金刚阿阇梨亦然;明妃或自己的明妃,亦称为最胜阿阇梨。上师等同一切佛,连他的影子也不可跨越。 然而,欢喜母与欢喜自在母二者九门所出者,应无分别同器食用,以洁净之心献上ཙུམྷ;共陈卧具与受用,以手握持、摩挲金刚,于女阴作指式而紧抱,以言词、字音令其欢喜,牙与甲痕磨触,吸吮并以门奉食,恭敬而具贪爱、舒展安适,此中跨越无过。 由阿阇梨欢喜,善女恒得一切悉地。以恭敬吸吮ཡུ་ཛ;若印之心降落,便从具瓣者取出而食。以女阴奉献ཙཱ་རུ,以及交合机关,皆无罪过;凡能令彼欢喜者,即是如此。

དེ་ནས་ལས་སྣ་ཚོགས་པ་རྣམ་པ་གསུངས་པ། ཕྱོགས་བཞི་དང་གྲྭ་བཞིར་ཨུཏྤལའི་གཟུགས་བྱ། རེ་རེ་ཡང་ཏཱྃ་གསུམ་གྱི་མཚན་པ། ལྟེ་བ་ཀུན་ནས་ཟླུམ་པོ་ལ། ཨོཾ་པྲ་ སནྣ་ཏཱ་རེ་ཨམྲྀཏ་མུ་ཁཱི་ཏ་ལོ་ཙ་ནཱེ་སརྦ་ཨརྠ་སྭངྷ་ནི་སརྦ་ཨརྠསཱ་ངྷ་ནི་སརྦ་ས་ཏྭ་བཱ་ཤཾ་ཀ་རི། སཱི་བཱ་པུ་རུ་ཥོ་སཱ་རྭ་ནི་བཱ་བ་ཤྱི་ཀུ་རུ་ཏཱྃ་སྭཱ་ཧྭ། ཞེས་པ་ལྟེ་བར་བཀོད་ལ། འཁོར་ལོ་རྩིབས་བཅུ་བར་པདྨ་ལ་ཡི་གེ་བཅུ་བའོ། །ཧྲིཿགཉིས་ཀྱི་ནང་དུ་མིང་ཆུད་པར་བྱས་ན་དབང་དུ་བྱེད་དོ། །ཡང་ ན་རྩིབས་བརྒྱད་པ་ཡི་གེ་ཡང་བརྒྱད་པ་སྟེ་དབུས་སུ་ཟླ་བ་ལ་ཏཱྃ་ཡིག་གོ། །འཁོར་ལོ་ཁ་སྦྱོར་དུ་བྱས་ན། ཉི་མ་བདུན་ན་ངེས་པ་དབང་དུ་འགྱུར་རོ། །ཡང་ན་རྩིབས་དྲུག་ན་ཡི་གེ་དྲུག་པའོ། །དབུས་སུ་ཧྲཱིཿབཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ། གོ་རོ་ཙ་ན་དང་། ཙནྡནཱ་ དམར་པོ་དང་། རྒྱ་སྐྱེགས་དང་། ཁྲག་གིས་བྷོ་ཛ་པ་ཏྲ་ལ་བྲི་བར་བྱ་སྟེ། སྲིད་པ་གསུམ་ཡང་དབང་དུ་བྱེད་དོ། །གུར་ཀུམ་ལ་སོགས་འཁོར་ལོ་ནི། །རྩིབས་བརྒྱད་མར་དང་སྦྲང་རྩིར་བཅས། །ཁ་སྦྱོར་སྦྱོར་བས་དབང་དུ་བྱེད། །ཨོཾ་སརྦ་མ་ཧཱ་ནི་ཏཱ་རེ་ཏུ་ཏྟཱ་རེས་ དུཥྚཱཾ་མོ་ཧཱ་ཡ་བྷ་ག་བ་ཏི་སརྦ་དུཥྚཱ་ནཱཾ་བནྔྷ་བནྔྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། གོས་ཀྱི་མཐའ་ནི་འདུད་བྱས་ནས། །ཆོམ་རྐུན་འཆིང་བར་བྱེད་པའི་མཆོག །ཨུཏྤལ་ལ་མངོན་བསྔགས་པས། །གང་ལ་སྦྱིན་པ་དེ་དབང་གྱུར། །ཨུཏྤལ་ལས་མཚན་འཁོར་ལོའོ། །ཆུ་ དབུས་སྣ་ཚོགས་རྡོ་རྗེའི་ལྟེར། །ཐོད་ལེས་མིང་མཐར་ཧྲཱིཿབྲིས་ལ། །ཁམ་ཕོར་དབུས་སུ་བཞག་ན་རེངས། །འདབ་བརྒྱད་པདྨར་ག་ཡི་ནང་། །ཆུད་ཅིང་ལྟེ་བར་ག་བརྒྱད་བྲིས། །ཡུངས་བས་རྡོ་ལེབ་དག་ལ་སྟེ། །ཁ་ཕུབ་བཞག་ན་ཤིན་ཏུ་རེངས། །འཁོར་ལོ་དེ་ནི་ དུག་དང་བྲལ། །སྐེ་ཚེ་མི་རུས་བཏགས་པའི་ཆུས། །ཐོད་པར་ཧཱུྃ་ཕཊ་མཚན་པ་བྲི། །འདི་ཡིས་ངེས་པར་གསོད་པར་བྱེད། །གྲོ་གར་གུར་གུམ་གྱིས་བྲིས་ལ། །ཨོཾ་བཅས་མེ་ཏོག་སེར་པོས་མཆོད། །ཡང་ན་སྭཱ་ཧཱར་ཆུད་པ་བྲིས། །རྒྱས་དང་སྲུང་བ་བྱེད་པའི་མཆོག ། རྩིབས་གསུམ་ཨ་ཡིག་ནང་ཆུད་པ། །ཙནྡན་ཆུས་བྲི་བམ་ཕོར་བཅས། །མེ་ཏོག་དྲི་བཟང་གིས་མཆོད་ན། །ཤིན་ཏུ་ཞི་བའི་ལས་ལ་མཆོག །བྷ་ག་ལིངྒ་ཧྲཱིཿཡིག་གིས། །བསྐོར་བ་མིང་དང་སྐུལ་སྔགས་བཅས། །འདི་ཡིས་བསྒྲུབ་བྱ་འགུགས་པར་འགྱུར། །པདྨ་ འདབ་མ་ཉི་ཤུ་བཞིར། །རེ་ཁཱ་གསུམ་བསྐོར་ཨོཾ་ཧྲཱིཾ་ཀྵླིཾ། །རྒྱལ་ལ་བྲིས་ནས་རེག་བྱས་ན། །བྲན་ཕོ་བྲན་མོ་ལྟར་ལས་བྱེད། །འཁྲུལ་འཁོར་གྲུ་བཞི་སྒོ་བཞི་པ། །སྣ་ཚོགས་རྡོ་རྗེ་སྟེགས་བུས་བརྒྱན། །ཐོ་བར་དབྱུག་ཏོ་པདྨ་དང་། །རལ་གྲི་སྒོ་དང་ཨུཏྤལ། །ཐོད་ བཅས་ལྕགས་ཀྱུ་མཚམས་སུའོ། །དེ་དབུས་པདྨ་བཅུ་བ་བྲི། །ཨོཾ་པྲ་སནྣ་ཏཱ་རེ་ཨ་མྲྀ་ཏ་མུ་ཁཱི་ཨ་མྲྀ་ཏ་ལོ་ཙ་ནེ་སརྦ་ཨརྠ་སྭ་ངྷ་ནི་སྭཱ་ཧཱ། དབང་དུ་བྱེད་པི་སྔགས་སོ། །དེ་ནས་བཀའ་བསྩལ་བ། ཨོཾ་སརྦ་མོ་ཧཱ་ནི་ཏཱ་རེ་ཏུ་ཏྟཱ་རེ་སརྦ་དུཥྚཱ་ནི་མོ་ཧཱ་ཡ་བྷ་ག་བ་ཏཱི་སརྦ་དུཥྚཱ་ ནི་བནྡྷ་བནྡྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་དབུས་ཟླ་བ་ཏཱྃ་ཡིག་བཅས། །དབུས་རྩིབས་དྲུག་ལ་ཀུ་རི་ཀུལླེ། །སྔགས་ནི་ཧྲཱི་གཉིས་དབུས་ཆུད་པའི། །མིང་དང་སྐུལ་བས་ལས་ཀུན་བྱེད། །འབུམ་ཕྲག་བཟླས་པས་ས་གཡོ་ཞིང་། །རྒྱ་མཚོ་བདུན་སྙོམ་དུག་ཞིར་བྱེད། ། གྱོ་མོའི་སྦྱོར་བས་འབྱུང་པོ་ཀུན། །བཅིངས་ནས་ཀླུ་དང་མཁའ་འགྲོ་མའི། །སྦྱོར་བ་འཕྲོག་ཅིང་ཆར་འབེབས་དང་། །མཚོན་ཆས་མི་གནོན་ལུས་སུ་འགྱུར། །དཔྱིད་ཟླ་ར་བར་བུ་མོ་མཛེས། །རྡུལ་ལྡན་གྱིས་ནི་རས་བཏགས་ལ། །ཟླ་མཚན་གྱིས་ནི་བསྒོས་དེ་ལ་ནི། ། རི་མོར་དམ་ཚིག་ལྡན་པས་བྲིས། །སྒྲོལ་མ་འོད་ཟེར་ཅན་མ་དང་། །ཕག་མོའི་གཟུགས་མངོན་མཆོད་ན། །གང་གང་འདོད་པའི་ལས་ཐམས་ཅད། །ཐོགས་པ་མེད་པར་འགྲུབ་པར་འགྱུར། །

随后,宣说种种事业的形相: 于四方与四隅作青莲形,各以三个

梵语转写

tāṃ

藏文原文

ཏཱྃ

汉语音译

塔姆

标记,中央圆形。

梵语转写

oṃ prasanna tāre amṛt mukhī talocane sarva artha svaṅhani sarva arthasāṅhani sarva satva bāśaṃ kari sībā puruṣo sārva nibā baśyi kuru tāṃ svāhva

藏文原文

ཨོཾ་པྲ་སནྣ་ཏཱ་རེ་ཨམྲྀཏ་མུ་ཁཱི་ཏ་ལོ་ཙ་ནཱེ་སརྦ་ཨརྠ་སྭངྷ་ནི་སརྦ་ཨརྠསཱ་ངྷ་ནི་སརྦ་ས་ཏྭ་བཱ་ཤཾ་ཀ་རི། སཱི་བཱ་པུ་རུ་ཥོ་སཱ་རྭ་ནི་བཱ་བ་ཤྱི་ཀུ་རུ་ཏཱྃ་སྭཱ་ཧྭ།

汉语音译

嗡 普拉萨恩那 塔雷 阿姆里特 木奇 塔罗恰内 萨尔瓦 阿尔塔 斯瓦恩哈尼 萨尔瓦 阿尔塔萨恩哈尼 萨尔瓦 萨特瓦 巴夏姆 卡里 西巴 普鲁说 萨尔瓦 尼巴 巴希伊 库鲁 塔姆 斯瓦赫瓦

将此置于中央。十辐轮的莲花上安十字;将名字纳入两个

梵语转写

hriḥ

藏文原文

ཧྲིཿ

汉语音译

赫里哈

之间,即能摄伏。或八辐、八字,中央月上安

梵语转写

tāṃ

藏文原文

ཏཱྃ

汉语音译

塔姆

字;将轮面对面相合,七日决定摄伏。或六辐安六字,中央为:

梵语转写

hrīḥ bāśaṃ kuru hrīḥ svāhā

藏文原文

ཧྲཱིཿབཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ།

汉语音译

赫里哈 巴夏姆 库鲁 赫里哈 斯瓦哈

以牛黄、红檀、紫胶、血,书于桦皮,连三有也能摄伏。以古尔贡等作八辐轮,配酥油、蜂蜜,面面相合,即能摄伏。

梵语转写

oṃ sarva mahāni tāre tuttāres duṣṭāṃ mohāya bhagabati sarva duṣṭānāṃ banṅha banṅha hūṃ hūṃ hūṃ phaṭ phaṭ phaṭ svāhā

藏文原文

ཨོཾ་སརྦ་མ་ཧཱ་ནི་ཏཱ་རེ་ཏུ་ཏྟཱ་རེས་དུཥྚཱཾ་མོ་ཧཱ་ཡ་བྷ་ག་བ་ཏི་སརྦ་དུཥྚཱ་ནཱཾ་བནྔྷ་བནྔྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ།

汉语音译

嗡 萨尔瓦 马哈尼 塔雷 图特塔雷斯 杜什塔姆 莫哈雅 巴嘎巴提 萨尔瓦 杜什塔那姆 巴恩恩哈 巴恩恩哈 吽 吽 吽 帕特 帕特 帕特 斯瓦哈

将衣角打结,是缚住盗贼的最胜法。于青莲加咒,施给谁即摄伏谁。这是以青莲事业为标相的轮。 于水中十字金刚之脐,以ཐོད་ལེ,在名字后写

梵语转写

hrīḥ

藏文原文

ཧྲཱིཿ

汉语音译

赫里哈

,置于陶碗中央,便令僵住。于八瓣莲中,纳入

梵语转写

ga

藏文原文

ག

汉语音译

嘎

字之内,中央写八个

梵语转写

ga

藏文原文

ག

汉语音译

嘎

;以ཡུངས་བ书于石板,覆置则极为僵住。此轮离毒。 以སྐེ་ཚེ及研磨人骨之水,在颅器上书

梵语转写

hūṃ phaṭ

藏文原文

ཧཱུྃ་ཕཊ

汉语音译

吽 帕特

作标记,以此决定诛杀。 于གྲོ་གར上用古尔贡书写,配

梵语转写

oṃ

藏文原文

ཨོཾ

汉语音译

嗡

,供黄花;或书写纳入

梵语转写

svāhā

藏文原文

སྭཱ་ཧཱ

汉语音译

斯瓦哈

中,为增益与守护的最胜法。 三辐,纳入

梵语转写

a

藏文原文

ཨ

汉语音译

阿

字内,以檀香水书写,配以བམ་ཕོར;供花与香,是极息灾事业之最胜。 女阴、男根以

梵语转写

hrīḥ

藏文原文

ཧྲཱིཿ

汉语音译

赫里哈

字围绕,连同名字与催请咒,由此召来所修对象。 二十四瓣莲,三线围绕,

梵语转写

oṃ hrīṃ kṣliṃ

藏文原文

ཨོཾ་ཧྲཱིཾ་ཀྵླིཾ

汉语音译

嗡 赫里姆 克什利姆

,书于རྒྱལ上而触碰,则如男女奴仆般做事。 四方四门之机关,以十字金刚台庄严;槌、棒、莲、剑在门,青莲、颅器与钩在隅,中央画十瓣莲。

梵语转写

oṃ prasanna tāre amṛta mukhī amṛta locane sarva artha svaṅhani svāhā

藏文原文

ཨོཾ་པྲ་སནྣ་ཏཱ་རེ་ཨ་མྲྀ་ཏ་མུ་ཁཱི་ཨ་མྲྀ་ཏ་ལོ་ཙ་ནེ་སརྦ་ཨརྠ་སྭ་ངྷ་ནི་སྭཱ་ཧཱ།

汉语音译

嗡 普拉萨恩那 塔雷 阿姆里塔 木奇 阿姆里塔 罗恰内 萨尔瓦 阿尔塔 斯瓦恩哈尼 斯瓦哈

这是摄伏真言。 随后宣说:

梵语转写

oṃ sarva mohāni tāre tuttāre sarva duṣṭāni mohāya bhagabatī sarva duṣṭāni bandha bandha hūṃ hūṃ phaṭ phaṭ svāhā

藏文原文

ཨོཾ་སརྦ་མོ་ཧཱ་ནི་ཏཱ་རེ་ཏུ་ཏྟཱ་རེ་སརྦ་དུཥྚཱ་ནི་མོ་ཧཱ་ཡ་བྷ་ག་བ་ཏཱི་སརྦ་དུཥྚཱ་ནི་བནྡྷ་བནྡྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།

汉语音译

嗡 萨尔瓦 莫哈尼 塔雷 图特塔雷 萨尔瓦 杜什塔尼 莫哈雅 巴嘎巴提 萨尔瓦 杜什塔尼 巴恩达 巴恩达 吽 吽 帕特 帕特 斯瓦哈

中央是月及

梵语转写

tāṃ

藏文原文

ཏཱྃ

汉语音译

塔姆

字;中间六辐上为

梵语转写

kurikulle

藏文原文

ཀུ་རི་ཀུལླེ

汉语音译

库里库勒雷

。咒中两个

梵语转写

hrī

藏文原文

ཧྲཱི

汉语音译

赫里

之间纳入名字及催请语,成办一切事业。诵十万遍则大地震动,七海平定、毒害息灭。 以陶片之法缚住一切部多,夺取龙与空行女的作用,降下雨水,身不为兵器所制伏。 春季首月,以美丽、具月经的女子所织之布,染以经血,具三昧耶者在上作画。若供养度母、具光母、亥母之像,凡所欲求的一切事业,皆无碍成就。

གཞན་ཡང་རྩ་བའི་གཟུངས་ཀྱི་མཐུ་གསུངས་པ། གོས་མཐའ་ སྐྲ་ལ་མངོན་བསྔགས་བཅིངས། །འབྲོག་དགོན་དག་ཏུ་འཇིགས་མེད་འགྱུར། །ཨུཏྤལ་སྦྱིན་སྲེག་བརྒྱ་རྩ་ཡིས། །ངེས་པར་དབང་དུ་བྱེད་པ་ཡིན། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཾ་མེ་བཱ་ཤ་མན་ཡེ་སྭཱ་ཧཱ། བྱ་རོག་གཤོག་པ་བསྔགས་ནས་ནི། །དགྲ་བོའི་ཁྱིམ་དུ་སྦས་ ན་སྐྲོད། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙ་ལ་སྲ་ཙ་ལ་ཤཱི་ཧཱུྃ་ག་མི་ནི། དེ་བ་དཏྟ་ཨུ་ཊཱ་ཡ་ཧཱུྃ་ཕཊ། བོ་སོ་ཆ་དང་ཡུངས་ཀར་དང་། །ཐང་ཕྲོམ་ཨ་ཤོ་ཀའི་མེ་ཏོག །འདབ་བཅས་སྦྱིན་སྲེག་བྱེད་པའམ། །ཡང་ན་མངར་གསུམ་བསྲེགས་བྱས་ནས། །ཉིན་ བདུན་བུ་མོ་མཆོག་ཐོབ་འགྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བྷི་དྷ་ནཱཾ། ཀུ་མཱ་རི། མ་ཧེ་མུདྡ་ཏེ་ན་ཏ་སྱཿ པཱི་ཏ་པྲ་ཡ་ཙྪ་ཏུ་སྭཱ་ཧཱ། ཟླ་མཚན་རས་ལ་སྒྲོལ་མ་ནི། །ཨུཏྤལ་ཞགས་པ་བསྣམས་པ་བྲི། །མཆོད་ཅིང་སྔགས་སྟོང་བཟླས་ནས་ནི། །ཞགས་པ་ལྕགས་ ཀྱུའི་སྦྱོར་སྦྱོར་བས་སྤྱད། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱི་མ་མེ་བསི་ཏཾ། སྲཔྣ་ཀརྣ་ཀ་ཐཱ་ཡ་ཧཱུྃ་ཕཊ། རག་ཕྲུག་ཚེར་མ་ཟླ་མཚན་བཅས། །སྲེག་བླུགས་སྟོང་ཕྲག་གཅིག་གིས་ནི། །མི་བདག་བུ་མོ་མཆོག་ཀྱང་འགུགས། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བྷི་དྷ་ནཱཾ་སྭ་སྠྭ་ནཱ་དཱ་ ཀརྵ་ཡ་མ་མཱནྟི་ཀེ་ཛཿ ཟླ་བ་གཟས་བཟུང་འཇིག་རྟེན་དབང་། །དུང་དང་བཏགས་ཏེ་འདོད་མར་སྦྱིན། །ཡང་ན་སྤྲུལ་མགོ་གཉིས་པའི་ཤ། །ཨ་རྐའི་བལ་ལ་དྲིལ་བྱས་ལ། །པད་མ་མར་ཁུས་མིག་སྨན་བྱ། །རྡོ་རྗེ་ཆོས་དང་ཉི་མ་དང་། །རྟ་རྒྱལ་མཆོག་གི་སྤོས་བདུག་ ནས། །བལྟས་པས་པདྨ་གར་དབང་འབབ། །ཧ་ལ་ཧ་ལའི་མཇུག་མ་དང་། །འཇམ་འབྲས་རྩང་པའི་མཇུག་མ་དང་། །མགྲོན་བུར་ངོར་བཅས་ཁུ་བ་འཛིན། །སྡིག་པའམ་སྦལ་བ་ཞག་གིས་སམ། །འོ་མ་རྣམ་གསུམ་སྦྱར་བ་དང་། །ཨ་ཕུ་མཚར་དང་སྦྱར་བ་ནི། ། གུ་གུལ་བཅས་པའི་རི་ལུས་ཀྱང་། །རྟག་ཏུ་ཁུ་བ་རེངས་པར་འགྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སནྟཱ་ར་ཎི་ཧྲཱིཿདེ་བ་དཏྟ་ཝཱ་ཤཾ་ཀུ་རུ་ཧོཿ པདྨ་ལྕགས་ཀྱུར་བཅས་པ་ཡི། །སཱུ་ཏྟ་ལིངྒས་དགུག་པར་བྱ། །ཞགས་པ་ལྕགས་ཀྱུ་བསྣམས་པ་ཡི། །ལྷ་མོས་འགུགས་པར་ བྱེད་པ་ཡིན། །ཨོཾ་ཙ་ཏུ་རྒྷུཛ། ཥཊྚུ་ཁ་བི་ཀྲི་ཏཱ་ན་ན་ཀརྞ་པི་ཤཱ་ཙི་ཧཱུྃ་ཕཊ། གཤིན་རྗེ་གཤེད་ཀྱི་བྲིས་སྐུའི་མདུན་དུ་ཞག་བདུན་བཟླས་ན། རྣ་བར་སྒྲོག་པ་སྒྲུབ་པོ། །ཨོཾ་བུདྡྷ་ཙུ་རུ་མཱ་ཙུ་རུ་ཀེ་སྭཱ་ཧཱ། །མཆོད་རྟེན་གྱི་དྲུང་དུ་གཙང་སྦྲ་དང་བཅས་པས་བཟླས་ན། བདག་ཉིད་གང་ དུ་སྐྱེ་པར་འགྱུར་པ་དང་། ཚེ་ཟད་པ་དང་། རིང་དུ་འཚོ་བ་ཡང་ཤེས་བར་འགྱུར་རོ། །སྦྲུལ་གྱིས་སྦལ་བ་བཟུང་བ་ན། །དེ་དག་དུད་མེད་ཐལ་པར་བྱ། །སྦྲང་རྩི་སྦྱར་བ་མཆན་ཁུང་དུ། །ཐིག་ལེ་བྱས་ན་འགུགས་པར་འགྱུར། །མི་ཚིལ་མི་ཡི་ཐོད་པར་བཞག །ན་རྨའི་ བལ་གྱིས་སྡོང་བུར་བྱས། །གཟུགས་འཚོ་ཐོད་པ་དག་ལས་ནི། །སྣག་ཚ་བླངས་ཏེ་བུ་མོ་ལ། །ཐིག་ལེ་བྱས་ན་འགུགས་པར་འགྱུར། །ཨོཾ་བཛྲ་ཏཱིཀྵྞ་ཡ་ཧཱུྃ་སྭཱ་ཧཱ། འོ་མ་ལ་ལན་བདུན་མངོན་པར་བསྔགས་ནས་བཀྲུས་ན་མིག་གི་རབ་རིབ་སེལ་བར་འགྱུར་རོ། །མིའི་ རྟིང་བའི་ཤ་དང་། བྱི་ལ་ནག་མོའི་མཆིན་པའི་བདུག་པས་གནས་དང་རྫས་ཀྱི་འབྱུང་པོ་སྐྲོད་པར་འགྱུར་རོ། །ནི་རྒུཌ་དང་མུཎྜཱི་དང་བྷངྒང་ནག་པོ་དང་། བྷངྒ་དང་ནི་ནིམྦ་རྣམས་གྲིབ་མ་ལ་སྐམ་པ་དང་། བཻ་ལ་ཝ་དང་ཛ་དླི་ཧ་རི་ཏ་ཀི་རྣམས་པུ་རམ་ལ་སྦྱར་ནས་དང་པོ་ལྔ་དང་། ཕྱི་ནས་ཆུ་ཚོད་གཅིག་ནས་ལྷག་མ་ཡང་སོར་མོ་གསུམ་གྱི་ཚད་དུ་ཟོས་ན་ཟླ་བ་དྲུག་ནས་རྒན་པོ་ཡང་གཞོན་ནུར་བྱེད་པ་ལ་ཐེ་ཚོམ་མེད་དོ། །ན་མོ་བི་ག་ཏ་རཱ་ག་མེ་ཏྲི་ཡ་སི་ཧ་ལོ་ཙ་ནི་སྭཱ་ཧཱ། ཞེས་པས་ཀྱང་རབ་རིབ་སེལ་བར་བྱེད་དོ། །

又宣说根本陀罗尼的威力:

于衣角、头发加咒打结,在旷野、静处无怖畏。以青莲作一百次护摩,决定摄伏。

梵语转写

oṃ tāre tuttāre ture amukaṃ me bāśamanaye svāhā

藏文原文

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཾ་མེ་བཱ་ཤ་མན་ཡེ་སྭཱ་ཧཱ།

汉语音译

嗡 塔雷 图特塔雷 图雷 阿木卡姆 梅 巴夏马那耶 斯瓦哈

加咒乌鸦翅膀,藏于敌家则驱逐。

梵语转写

oṃ tāre tuttāre ture cala sracalaśī hūṃ gamini debadatta uṭāya hūṃ phaṭ

藏文原文

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙ་ལ་སྲ་ཙ་ལ་ཤཱི་ཧཱུྃ་ག་མི་ནི། དེ་བ་དཏྟ་ཨུ་ཊཱ་ཡ་ཧཱུྃ་ཕཊ།

汉语音译

嗡 塔雷 图特塔雷 图雷 恰拉 斯拉恰拉希 吽 嘎米尼 德巴达特塔 乌塔雅 吽 帕特

以བོ་སོ་ཆ、白芥子、ཐང་ཕྲོམ、无忧花及叶作护摩,或焚三甜,七日获得最胜女子。

梵语转写

oṃ tāre tuttāre ture amukābhidhanāṃ kumāri mahe mudda te na tasyaḥ pīta prayacchatu svāhā

藏文原文

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བྷི་དྷ་ནཱཾ། ཀུ་མཱ་རི། མ་ཧེ་མུདྡ་ཏེ་ན་ཏ་སྱཿ པཱི་ཏ་པྲ་ཡ་ཙྪ་ཏུ་སྭཱ་ཧཱ།

汉语音译

嗡 塔雷 图特塔雷 图雷 阿木卡比达那姆 库马里 马黑 木德达 特 那 塔斯雅哈 皮塔 普拉雅吉恰图 斯瓦哈

于经血布上画度母,持青莲与羂索;供养并诵咒千遍,运用羂索、铁钩的结合。

梵语转写

oṃ tāre tuttāre ture amukī ma me basi taṃ srapna karna kathāya hūṃ phaṭ

藏文原文

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱི་མ་མེ་བསི་ཏཾ། སྲཔྣ་ཀརྣ་ཀ་ཐཱ་ཡ་ཧཱུྃ་ཕཊ།

汉语音译

嗡 塔雷 图特塔雷 图雷 阿木基 马 梅 巴西 塔姆 斯拉普那 卡尔那 卡塔雅 吽 帕特

以རག་ཕྲུག刺及经血,作一千次投火护摩,连人主最胜之女亦能召来。

梵语转写

oṃ tāre tuttāre ture amukābhidhanāṃ svasthva nādākarṣaya mamāntike jaḥ

藏文原文

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བྷི་དྷ་ནཱཾ་སྭ་སྠྭ་ནཱ་དཱ་ཀརྵ་ཡ་མ་མཱནྟི་ཀེ་ཛཿ

汉语音译

嗡 塔雷 图特塔雷 图雷 阿木卡比达那姆 斯瓦斯特瓦 那达卡尔沙雅 马马恩提克 加哈

月食时,将世间自在与螺磨合,给予所欲之女。或以双头蛇肉裹在阿迦絮中,以莲花酥作眼药;熏金刚法、太阳与最胜马王之香,以目观看,莲花舞自在便降临。 ཧ་ལ་ཧ་ལ之尾、འཇམ་འབྲས་རྩང་པ之尾,以及带ངོར的贝子,能持精液。或蝎之脂,或蛙之脂,与三种乳相配,及与ཨ་ཕུ་མཚར相配,再加古古罗所制的丸,亦令精液恒常坚住。

梵语转写

oṃ tāre tuttāre ture santāraṇi hrīḥ debadatta vāśaṃ kuru hoḥ

藏文原文

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སནྟཱ་ར་ཎི་ཧྲཱིཿདེ་བ་དཏྟ་ཝཱ་ཤཾ་ཀུ་རུ་ཧོཿ

汉语音译

嗡 塔雷 图特塔雷 图雷 萨恩塔拉尼 赫里哈 德巴达特塔 瓦夏姆 库鲁 霍哈

以具莲花、铁钩的སཱུ་ཏྟ་ལིངྒ召摄;持羂索与铁钩的天女能召摄。

梵语转写

oṃ caturghuj ṣaṭṭukha bikritānana karṇa piśāci hūṃ phaṭ

藏文原文

ཨོཾ་ཙ་ཏུ་རྒྷུཛ། ཥཊྚུ་ཁ་བི་ཀྲི་ཏཱ་ན་ན་ཀརྞ་པི་ཤཱ་ཙི་ཧཱུྃ་ཕཊ།

汉语音译

嗡 恰图尔古吉 沙特图卡 比克里塔那那 卡尔纳 皮夏吉 吽 帕特

于阎曼德迦画像前诵七夜,成就耳语者。

梵语转写

oṃ buddha curumā curuke svāhā

藏文原文

ཨོཾ་བུདྡྷ་ཙུ་རུ་མཱ་ཙུ་རུ་ཀེ་སྭཱ་ཧཱ། །

汉语音译

嗡 布德达 朱鲁马 朱鲁克 斯瓦哈

在塔前保持洁净而持诵,便知自己将生何处、寿命将尽,以及长寿之事。 蛇捉住蛙时,将二者无烟烧成灰,配蜂蜜,点于腋下,便能召摄。 将人脂置于人颅,以ན་རྨ絮作灯芯;从以色谋生女子的颅器取烟墨,点于女子身上,即能召摄。

梵语转写

oṃ vajra tīkṣṇaya hūṃ svāhā

藏文原文

ཨོཾ་བཛྲ་ཏཱིཀྵྞ་ཡ་ཧཱུྃ་སྭཱ་ཧཱ།

汉语音译

嗡 瓦吉拉 提克什纳雅 吽 斯瓦哈

于乳加咒七遍而洗,能除眼翳。 以人脚跟肉及黑母猫肝熏烧,驱逐处所和物品中的部多。 ནི་རྒུཌ、མུཎྜཱི、黑བྷངྒང、བྷངྒ及ནིམྦ,皆阴干;བཻ་ལ་ཝ、ཛ་དླི、诃梨勒,配入糖中。先食五者,一时后再食余者,量为三指;六个月后,老者也变为年轻,毫无疑惑。

梵语转写

namo bigatarāga metriya siha locani svāhā

藏文原文

ན་མོ་བི་ག་ཏ་རཱ་ག་མེ་ཏྲི་ཡ་སི་ཧ་ལོ་ཙ་ནི་སྭཱ་ཧཱ།

汉语音译

那莫 比嘎塔拉嘎 梅特里雅 西哈 罗恰尼 斯瓦哈

以此也能消除眼翳。

ཟླུམ་པོ་མཚམས་སུ་རྡོ་རྗེས་བརྒྱན། །ཧཱུྃ་ བཞིས་རྡོ་རྗེས་ལེགས་པར་བརྒྱན། །ཨོཾ་པད་ཀྲ་མ་སཱི། པར་ཀྲ་མ་སཱི། ཨུད་ཡ་མ་སཱི། ནི་རྨ་མ་སཱི། ཨ་རྐ་ན་སཱི། མརྒ་མ་སཱི། ཨུ་ཏྨ་མ་སཱི། བ་ན་མ་སཱི། གུལྨ་མ་སཱི། ཙཱི་བ་ར་མ་སཱི། མ་ཧཱ་ཙཱི་བར་མ་སཱི། ཨནྟ་ངྷན་མ་སཱི་སྭཱ་ཧཱ། ལྟེ་བར་བྲི་སྟེ་ཨོཾ་ནི་ ཐམས་ཅད་དུའོ། །དབུས་སུ་རྡོ་རྗེའི་གཡས་གཡོན་དུ། །ཨོཾ་བཏྟཱ་ལཱི་ཨོཾ་པཱ་རཱ་ཧ་མུ་ཁཱི། ཞེས་བྲིའོ། །མཚམས་སུ་ཡང་། ཨོཾ་མ་རི་ཙྱཻ། ཞེས་བྲིའོ། །དབུས་སུ། ཨོཾ་བཱ་རཱ་ལཱི། ཨོཾ་བཱ་ཏཱ་ལཱི། ཨོཾ་བཱ་རཱ་ཧ་མུ་ཁཱི་སརྦ་དུཥྞཱ་པྲ་དུཥྞཱཾ་ཀཱ་ཡ་མཱ་ཝཱ་ཀྩིཏྟ་ མུ་ཁཾ་ཛམྦྷ་ཡ། སྟྭཾ་བྷ་ཡ། ཞེས་སོ། །དབུས་སུ་མཾ་ཡིག་གོ། །དེའི་ནང་དུ་དེ་བདཏྟ་རཀྵ་རཀྵའོ། །འདི་ནི་གྲོགས་ལ་གུར་གུམ་གྱིས་བྲིས་ན་ཐམས་ཅད་དུ་སྲུང་བ་སྟེ། འོད་ཟེར་ཅན་མའི་འཁོར་ལོའོ། །ཡང་གསུངས་པ། དབུས་སུ་ལྷ་མོ་གསེར་མཚུངས་པ། ། གསེར་གྱི་རྣ་ཆ་གཡོ་བ་ཅན། །ཞལ་བཞི་ཕྱག་བརྒྱད་འདོད་པའི་གཟུགས། །རྡོ་རྗེ་འཛིན་མའི་དཀྱིལ་འཁོར་བསྒོམ། །རྣལ་འབྱོར་མ་ནི་བཅུ་དང་བཅས། །གྲྭ་བཞིར་འབྱུང་བ་བཞི་ཡང་དགོད། །དཀྱིལ་འཁོར་འཆོག་འདི་སྐུ་ཡི་ནི། །གསང་ བའི་ཡེ་ཤེས་བླ་མེད་པའོ། །དེ་ནས་གསུང་གི་དཀྱིལ་འཁོར་ནི། །བྷ་གའི་དབུས་སུ་ཟླ་བ་བསྒོམ། །དམར་པོ་བཅུ་གཉིས་ལོ་ཡི་ཚུལ། །ཕྱག་རྒྱ་ལྔ་དང་ཐོད་པས་བརྒྱན། །ཞབས་བཞི་གཡས་བརྐྱང་རོལ་བར་མཛད། །བདུད་བཞི་མཉམ་པར་(མནོན་,གནོན་)པའོ། །སྤྱི་བོར་ ཨུཏྤལ་ཕྲེང་བ་བཅིངས། །གཡས་པ་སེར་པོ་ནག་པོ་དང་། །སྣ་ཚོགས་འབར་བས་རྣམ་པར་འཕྲོ། །དཀར་པོ་ལྗང་གུ་སྔོན་པོ་ནི། །གཡོན་གྱི་ཞལ་ལ་རིམ་པས་སོ། །སྟེང་ཞལ་དུད་ཀ་བུང་བུས་གཟུགས། །རལ་གྲི་ཨུཏྤལ་མདའ་བོ་ཆེ། །རྡོ་རྗེ་ཐོད་པ་དབྱུག་ པ་དང་། །ཟངས་གྲི་མི་འཇིགས་ཕྱག་རྒྱའོ། །ཐོད་པ་སྡིག་མཛུབ་འདི་ལས་གཞན། །གཞུ་དང་ཁ་ཊྭཾ་ཞགས་པ་དང་། །མགོ་བོ་ནོར་བུ་བུམ་པར་བཅས། །མཆེ་གཙིགས་འདོད་པའི་གཟུགས་ཅན་མ། །ཧེ་རུ་ཀ་ཡི་སྒྲོལ་མའོ། །ཏཱྃ་ལས་ལྗང་གུ་ཞལ་གཅིག་མ། ། མཆོག་སྦྱིན་ཨུཏྤལ་བསྣམས་པ་ཡི། །འདོད་པ་ཐམས་ཅད་སྦྱིན་པར་བྱ། །མི་འཇིགས་སྦྱིན་པའི་ཕྱག་རྒྱ་ཅན། །འཇིགས་པ་བརྒྱད་ལས་སྐྱོབ་པ་སྟེ། །ཡི་གེ་བརྒྱད་བཟླས་ངེས་འགྲུབ་འགྱུར། །རྡོ་རྗེ་གདོང་ལྡན་ཕྱག་གཉིས་དམར། །ཧེ་རུ་ཀ་དཔལ་ ཡུམ་གྱུར་པའམ། །འཁོར་ལོ་བདེ་ཆེན་རིམ་པ་ལས། །ཡང་ན་ཧེ་རུ་ཀ་སྦྱོར་བས། །གང་ལ་དགའ་བ་དེ་འགྲུབ་འགྱུར། །ཐོད་པ་རྡོ་རྗེ་ཁྲག་འཐུང་དང་། །གྲི་གུག་ཕག་མོས་བསྣམ་པའོ། །བདུད་བཞི་པོ་ནི་རྣམ་པར་མནན། །ཐལ་བ་འཚོ་བྱེད་ཊྭཱཾ་ བཅས། །བྷ་ག་ལིངྒ་ལྡོག་པར་བྱ། །རྡོ་རྗེས་བསྣུན་ནས་ཁྲག་འཐུངས་པས། །སྐད་ཅིག་གཅིག་གིས་གསོད་པར་བྱེད། །ཞགས་པ་ལྕགས་ཀྱུའི་སྦྱོར་བ་ཡིས། །བུ་མོ་ཐམས་ཅད་འགུགས་པར་འགྱུར། །ཁུ་བ་ཁྲག་དང་ཆང་དང་ནི། །གོར་གུ་ལ་སོགས་ དགུག་པར་བྱ། །ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་བཱ་ཡ་གྲྀཧྞ་བཱ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝཱ་ཙྪིངྱརཱ་ཛ་ཧཱུྃ་ཕཊ། ཧཱུྃ་གི་ཡི་གེ་ལས་བྱུང་བ། །རྡོ་རྗེ་སུམྦྷ་རབ་ཏུ་གནས། །རྡོ་རྗེ་འབར་བ་དུང་དམར་དག །གཏུན་ཤིང་སྤྲུལ་གྱི་ཞགས་པ་ བསྣམས། །ཁྲོ་བོའི་རྒྱལ་བོ་རྟ་མགྲིན་ནི། །བསྐལ་བའི་མེ་བཞིན་གཟི་བརྗིད་འབར། །མདའ་གཞུ་དབྱུག་ཏོ་འཛིན་པའི་མཆོག །རྡོ་རྗེ་ཞགས་པ་སྡིགས་མཛུབ་ཅན། །སྤྱན་གསུམ་གཡོན་བརྐྱང་སྟབས་བསྒོམ་བྱ། །ལས་རྣམས་ཐམས་ཅད་བྱེད་པ་ ཡི། །ལྷ་ཡི་རྒྱལ་པོ་འདི་དག་གོ། །ལྷ་མོ་ནག་མོ་རྣམ་པར་བསྒོམ། །རལ་གྲི་དང་ནི་ཐོད་པའི་ལས། །ལྷ་མིན་འཇོམས་པ་དགྲ་བོ་ཡི། །མགོ་གཅོད་ཏྲི་ཤཱུ་ལ་འཆང་མ། །བྱ་རྒོད་ཅེ་སྤྱང་ཙཱི་ལ་སྤྲོ། །རྒྱུ་མ་མི་མགོའི་མེ་ཏོག་ཅན། །མ་མོ་བརྒྱད་ཀྱིས་ཡོངས་ སུ་བསྐོར། །རོ་ལ་ཞོན་པ་རྣམ་པར་བསྒོམ། །ཡང་ན་སྟག་མོ་ལ་གནས་པ། །དྲག་ཤུལ་སྤྱོད་པས་བསྒོམ་པར་བྱ། །ཁུ་བ་རྡོ་རྗེར་བྱས་པ་ལས། །རང་གི་སེམས་ནི་རྡོ་རྗེར་འགྱུར། །རྣམ་རྟོག་མེད་ཅིང་སྤྲོས་དང་བྲལ། །མཁའ་ལྟར་རང་བཞིན་གོས་པ་མེད། ། རང་རིགས་བདེ་བ་ཆེན་པོ་སྟེ། །དབང་བསྐུར་མཆོག་ནི་འདི་དག་གོ། །མེ་ལོང་གཟུགས་བརྙན་འདྲ་སེམས་གྱིས། །ཐིག་ལེ་རྡོ་རྗེར་དཔྱད་པར་འགྱུར། །སྲོག་དང་ཐུར་སེལ་སྒོ་དབྱེ་བས། །བཙན་ཐབས་སྦྱར་བས་དབུགས་བཀག་ན། །ཁུ་བ་མི་འགྱུར་ཐོབ་པ་སྟེ། ། ཐིག་ལེ་ནོར་བུར་བཀག་ཏེ་བསྒོམ། །ལྷ་མོའི་གཟུགས་བརྙན་བསྒྱུར་བ་བྱ། །སྒྲོལ་མ་སྒྲོལ་མ་ཅན་འགྲུབ་འགྱུར། །ཡང་ན་ཐོག་མེད་གཟུགས་ཅན་ཏེ། །སྐྱེས་པ་བུད་མེད་ངེས་འགྲུབ་འགྱུར། །ལས་རབ་འབྱམས་ཀྱི་ལེའུ་སྟེ་གསུམ་པའོ། །

圆形四隅以金刚庄严,四个

梵语转写

hūṃ

藏文原文

ཧཱུྃ

汉语音译

吽

与金刚善加庄严。

梵语转写

oṃ padakramasī parakramasī udyamasī nirmamasī arkanasī margamasī utmamasī banamasī gulmamasī cībaramasī mahācībaramasī antaṅhanamasī svāhā

藏文原文

ཨོཾ་པད་ཀྲ་མ་སཱི། པར་ཀྲ་མ་སཱི། ཨུད་ཡ་མ་སཱི། ནི་རྨ་མ་སཱི། ཨ་རྐ་ན་སཱི། མརྒ་མ་སཱི། ཨུ་ཏྨ་མ་སཱི། བ་ན་མ་སཱི། གུལྨ་མ་སཱི། ཙཱི་བ་ར་མ་སཱི། མ་ཧཱ་ཙཱི་བར་མ་སཱི། ཨནྟ་ངྷན་མ་སཱི་སྭཱ་ཧཱ།

汉语音译

嗡 帕达克拉马西 帕拉克拉马西 乌德雅马西 尼尔马马西 阿尔卡那西 马尔嘎马西 乌特马马西 巴那马西 古勒马马西 吉巴拉马西 马哈吉巴拉马西 阿恩塔恩哈那马西 斯瓦哈

书于中央,

梵语转写

oṃ

藏文原文

ཨོཾ

汉语音译

嗡

遍一切处。中央金刚左右,书

梵语转写

oṃ battālī oṃ pārāhamukhī

藏文原文

ཨོཾ་བཏྟཱ་ལཱི་ཨོཾ་པཱ་རཱ་ཧ་མུ་ཁཱི

汉语音译

嗡 巴特塔利 嗡 帕拉哈木奇

;隅处又书

梵语转写

oṃ maricyai

藏文原文

ཨོཾ་མ་རི་ཙྱཻ

汉语音译

嗡 马里吉雅伊

。中央为:

梵语转写

oṃ bārālī oṃ bātālī oṃ bārāha mukhī sarva duṣṇā praduṣṇāṃ kāyamāvākcitta mukhaṃ jambhaya stvaṃbhaya

藏文原文

ཨོཾ་བཱ་རཱ་ལཱི། ཨོཾ་བཱ་ཏཱ་ལཱི། ཨོཾ་བཱ་རཱ་ཧ་མུ་ཁཱི་སརྦ་དུཥྞཱ་པྲ་དུཥྞཱཾ་ཀཱ་ཡ་མཱ་ཝཱ་ཀྩིཏྟ་མུ་ཁཾ་ཛམྦྷ་ཡ། སྟྭཾ་བྷ་ཡ།

汉语音译

嗡 巴拉利 嗡 巴塔利 嗡 巴拉哈 木奇 萨尔瓦 杜什纳 普拉杜什纳姆 卡雅马瓦克吉特塔 木卡姆 加姆巴雅 斯特瓦姆巴雅

中央置

梵语转写

maṃ

藏文原文

མཾ

汉语音译

马姆

字;其中为

梵语转写

debadatta rakṣa rakṣa

藏文原文

དེ་བདཏྟ་རཀྵ་རཀྵ

汉语音译

德巴达特塔 拉克沙 拉克沙

。将此以古尔贡书于གྲོགས,能于一切处守护。这是具光母之轮。

又说:

中央天女如黄金,金耳饰摇动,四面八臂,可爱之形;观持金刚母坛城,具有十瑜伽女,四隅亦安四大。此最胜坛城,是身之无上秘密智慧。

随后,语坛城:于女阴中央观月,红色、十二岁之相,以五印及颅器庄严,四足右展作游戏姿,平等压伏四魔,顶系青莲鬘。右面黄色、黑色,以种种炽焰放光;白、绿、蓝依次为左面。上面烟色,驴形。 持剑、青莲、大箭、金刚、颅器、棒、铜刀、无畏印;此外为颅器、威吓指、弓、喀章嘎、羂索、首级、宝珠及瓶。露齿,可爱之形,这是嘿噜迦度母。

由

梵语转写

tāṃ

藏文原文

ཏཱྃ

汉语音译

塔姆

生绿色一面母,持施愿印与青莲,施与一切所欲;具有施无畏印,救护八难。诵八字,决定成就。 具金刚面、二臂、红色者,成为吉祥嘿噜迦之母,或依大乐轮次第,或以嘿噜迦瑜伽,随所欣乐者而成就。 饮血尊持颅器与金刚,亥母持钺刀;压伏四魔。灰、འཚོ་བྱེད与

梵语转写

ṭvāṃ

藏文原文

ཊྭཱཾ

汉语音译

特瓦姆

俱,将女阴与男根倒转;以金刚击打、饮血,一刹那间诛杀。以羂索、铁钩之瑜伽,召来一切女子;精液、血、酒与གོར་གུ等,应予召摄。

梵语转写

oṃ sumbhani sumbhani hūṃ gṛhṇa gṛhṇa hūṃ gṛhṇabāya gṛhṇabāya hūṃ ānaya ho bhagavā cchiṅyarāja hūṃ phaṭ

藏文原文

ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་བཱ་ཡ་གྲྀཧྞ་བཱ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝཱ་ཙྪིངྱརཱ་ཛ་ཧཱུྃ་ཕཊ།

汉语音译

嗡 苏姆巴尼 苏姆巴尼 吽 格里赫纳 格里赫纳 吽 格里赫纳巴雅 格里赫纳巴雅 吽 阿那雅 霍 巴嘎瓦 吉奇恩雅拉加 吽 帕特

从

梵语转写

hūṃ

藏文原文

ཧཱུྃ

汉语音译

吽

字生起,金刚逊婆安住,持炽燃金刚、红螺、杵及蛇羂索。 忿怒王马头,威光如劫火炽燃,最胜者持箭、弓、棒,具金刚、羂索、威吓指;观其三眼、左腿伸展之姿。这些天王成办一切事业。 观黑天女,以剑与颅器之事业摧伏非天、斩断敌首,持三叉戟,放出鹫、豺与ཙཱི,具肠、人头花鬘,八母周匝围绕;观其乘尸,或住母虎之上,以猛利行而观修。

由精液作成金刚,自心成为金刚,无分别、离戏论,如虚空般自性无染。自部为大乐,这些是最胜灌顶。 以如镜影之心,辨析明点为金刚。开启命风与下行风之门,强力结合而闭气,则获得精液不变;明点阻于宝珠而观修,转变天女影像,成就度母与具度母者。或为ཐོག་མེད之形,决定成就男子、女人。

第三品:广大事业。

结语与译跋

དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །དམ་ཚིག་མཆོད་པའི་སྤྲིན་ཕུང་རབ་འབྱམས་དང་། །བསྟོད་དབྱངས་རྒྱ་མཚོའི་མངོན་པར་བསྟོད་བྱས་ནས། །ལག་ན་རྡོ་རྗེ་འཆང་ལ་རྒྱུད་འདི་གཏད། །ཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་ ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལས་ཇི་སྙེད་པ་རྩ་བའི་རྟོག་པ་རྫོགས་སོ།། །།རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས་པ་གྲུབ་ཆེན་བུདྡྷ་ནཱ་ཐའི་ཞབས་ནས་མནོས་ནས། སླར་རྒྱ་གར་གྱི་མཁན་པོ་ནི་རྒཱ་ཎ་ཤྲཱིའི་ཞལ་སྔ་ནས་དང་། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཕྱིས་བྱུང་བའི་པཎྜིཏ་མིའི་ཉི་མའི་བཀའ་འགྲེལ་དང་བསྟུན་ཏེ་གཡར་ཁྲལ་དུ་བསྒྱུར་བའོ། །ཡང་སླད་ཀྱིས་བྷང་ག་ལར་འཁྲུངས་པའི་པཎྜི་ཏ་པཱུརྞ་བཛྲའི་དྲུང་དུ། སློབ་དཔོན་ཆེན་པོས་མར་མེ་མཛད་པ་ལ་ཡེ་ཤེས་ཀྱིས་མཛད་པའི་རྒྱས་འགྲེལ་ ཆེན་པོ་དང་བསྟུན་ནས་ཅུང་ཟད་བཅོས་ཤིང་། ཐམས་ཅད་དུ་གྲུབ་ཆེན་ཞི་བའི་ཞབས་ཀྱི་ཞལ་ལུང་གི་རེག་ཟིག་སོ་སོ་རྣམས་དང་ཁྱད་པར་གུ་རུ་ལྷོ་ཕྱོགས་པ་ཆེན་པོའི་མན་ངག་དང་བསྟུན་ནས་ལེགས་པར་བཅོས་ཏེ་དག་པར་བགྱིས་པའོ།། །།

随后,一切如来以广大三昧耶供养云聚与赞颂音海,极为赞叹,而将此续付嘱手持金刚者。

《一切事业出生度母集会胜义瑜伽女续王》中,根本仪轨至此全部圆满。

从诞生于南印度的大成就者བུདྡྷ་ནཱ་ཐ足下领受后,又由印度堪布ནི་རྒཱ་ཎ་ཤྲཱི与游方者多罗那他,参照后来班智达“人中太阳”的释论,姑且译出。

后来又于诞生在孟加拉的班智达པཱུརྞ་བཛྲ座前,对照大阿阇梨མར་མེ་མཛད་པ་ལ་ཡེ་ཤེས所作大广释,略加修订;全面参照大成就者寂足口授的各项笔记,尤其依大南方上师的口诀,善加校订而使之清净。

上一篇
度母二十一礼赞及其利益
下一篇
一切事业出生集会胜义后续王