༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །
顶礼吉祥金刚手!
སྲེད་པའི་འདོད་པ་བསྲུང་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་བུམ་པ་ལ་སོགས་པ་རྫས་ཀྱི་རིམ་པ་བསོགས་ལ། ཧཱུཾ་ལས་བྱུང་བའི་འདོད་པའི་རྒྱལ་པོ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་རིན་པོ་ཆེ་དང་ལྕགས་ཀྱུ་འཛིན་པའི་ང་རྒྱལ་དུ་ལངས་ཏེ། སྔགས་འདི་ལ་ལན་བརྒྱ་རྩ་བརྒྱད་ཡིད་ཀྱིས་བརྗོད་ནས་ལྕགས་ཀྱུ་འཛིན་པའི་ལྟ་སྟངས་ཀྱིས་བལྟས་ན་ཚོང་ལས་རྒྱལ་བའི་དོན་ངེས་པར་འགྲུབ་སྟེ་སྔགས་ནི། ཨོཾ་ཧ་ར་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པས་ཁ་ཤར་ཕྱོགས་སུ་བལྟས་ཏེ་བརྗོད་ན་ཚོང་གང་བྱས་པ་ལས་རྒྱལ་བར་ངེས་སོ། །
欲守护渴求之所欲的具三昧耶修行者,应在合意的居室中备齐宝瓶等物。起由〔梵文 hūṃ · 藏文 ཧཱུཾ · 中文 吽〕生起的欲王之慢:身黄,一面二臂,持宝与铁钩。心念此咒一百零八遍,再以持钩之瞻视法注视,经商取胜之事必定成就。其咒为:
藏文 ཨོཾ་ཧ་ར་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་梵文 oṃ ha ra ha ra hūṃ hūṃ phaṭ phaṭ svā hā中文 嗡 哈 拉 哈 拉 吽 吽 帕特 帕特 斯瓦哈
面朝东方念诵,无论从事何种买卖,必能取胜。
ཚོང་ལས་རྣམ་པར་རྒྱལ་བ་སྒྲུབ་པའི་ཐབས་རྫོགས་སོ།།
《经商取胜成就法》,圆满。
